གླང་དར་མ། (འུ་དུམ་བཙན་པོ་ཡང་།)
༣༠༽ དེར་སྦས་སྟག་སྣ་ན་རེ། “ཀྱེ་བཙན་པོ་མཆོག འདི་དག་གི་དུག་རྩ་གང་ཡིན་པ་མ་གླེང་ན་ལེགས། བདག་གིས་དེའི་སྐོར་གླེང་ཡང་མི་ཕོད།” ཅེས་འཚེར་སྣང་གི་ཚུལ་གྱིས་ཞུས།
༣༡༽ “དེ་ཅི་ཡིན་ནམ། གསུངས་དང༌། ཐུགས་འཚེར་མི་དགོས། ངས་ངེས་པར་ཤེས་ན་འདོད།” ཅེས་བཙན་པོས་ནན་གྱིས་བཀའ་བརྩད་གནང༌།
༣༢༽ “འོ་ན་ངས་ཞུས་ཆོག ལྟས་ངན་འདི་རིགས་ཀྱི་འབྱུང་ཁུངས་རྒྱ་ལྷ་རེད། རྒྱ་བཟའ་ཀོང་ཇོས་ཁྱེར་འོང་བའི་གཙུག་ལག་ཁང་གི་ཇོ་བོ་ཟེར་བ་དེ་རེད།” ཅེས་མགོ་སྒུར་ཙམ་གྱིས་ཞུས།
༣༣༽ “བྱབྱཅི་ཟེར། ཇོ་བོ་རིན་པོ་ཆེ་ཟེར་བ་དེ་ཡབ་མེས་ཆོས་རྒྱལ་དག་གི་ཡི་དམ་གྱི་ལྷ་མ་རེད་དམ། དེ་འདྲ་ག་ནས་ཡིན།” དབུ་འཕྲེད་ལ་གཡུགས་ཙམ་གྱིས་གསུངས།
༣༤༽ བཙན་པོ་མཆོག “བདག་ཅག་གིས་ཁྱེད་ལ་དབུ་སྐོར་ག་ལ་ཞུ་ནུས། ཐུགས་ཡིད་མ་ཆེས་ན་མངོན་ཤེས་འཕྲུལ་བོན་མཆོག་ལ་བཀའ་འདྲི་གནང་རོགས།” ཞེས་ཞུས་ཏེ་སྦ་རྒྱལ་ཐོ་རེ་ལ་བལྟ་ཙམ་བྱས།