logo Home Page
  • བརྡ་སྤྲོད།
    • ཡི་གེ
    • ༓ དབྱངས།
    • ༓ གསལ་བྱེད།
    • ཚིག་ཕྲད།
    • ༓ ཕྲད་གཞན་དབང་ཅན་རྣམ་དབྱེ་དང་བཅས་པ་བཤད་པ།
    • ༓ ཕྲད་རང་དབང་ཅན།
  • རྩ་ཚིག
    • ལེགས་བཤད་ལྗོན་དབང་།
    • དཀའ་གནད་གསལ་བའི་མེ་ལོང་།
    • བྱིས་པ་དག་ཡིག
    • སུམ་ཅུ་པའི་རྩ་བ།
    • རྟགས་ཀྱི་འཇུག་པའི་རྩ་བ།
    • ཆུའི་བསྟན་བཅོས་ཀྱི་རྩ་བ།
    • ཤིང་གི་བསྟན་བཅོས་ཀྱི་རྩ་བ།
    • བསྡུས་གྲྭའི་སྡོམ་ཚིག
    • དགེ་ལྡན་ལེགས་བཤད།
    • བཤེས་སྤྲིངས་ཀྱི་རྩ་བ།
    • ས་སྐྱ་ལེགས་བཤད་ཀྱི་རྩ་བ།
  • དྲི་བ་དྲི་ལན།
    • བོད་ཀྱི་ལོ་རྒྱུས་དྲི་བ་དྲི་ལན།
    • སྐུ་ཕྲེང་རིམ་བྱོན་དྲི་བ་དྲི་ལན།
    • དཀའ་གནད་དྲི་བ་དྲི་ལན།
    • སྙན་ངག་སྤྱི་དོན་དྲི་བ་དྲི་ལན།
    • དེབ་ཐེར་དཀར་པོ་དྲི་བ་དྲི་ལན།
    • ཆོས་འབྱུང་ཀུན་བཏུས།
  • ནང་ཆོས།
    • སྐྱབས་འགྲོ
    • སྒྲོལ་མ་ཉེར་གཅིག
    • ལས་འབྲས།
    • ལྷ་དང་ཡི་དམ།
    • བློ་སྦྱོང་ཚིགས་བརྒྱད་མ།
    • མཎི་ཡིག་དྲུག
    • ཡ་རབས་སྤྱོད་བཟང་སྐོར།
    • ནང་ཆོས་སྤྱི་དང་ཕྱག་མཆོད་སྐོར།
    • བདེན་པ་གཉིས་ངོ་སྤྲོད།
    • བདེན་པ་བཞི་ངོ་སྤྲོད།
  • དུས་ཆེན།
    • བཅོ་ལྔ་མཆོད་པ།
    • གསུམ་བཅུའི་དུས་དྲན།
    • ས་ག་ཟླ་བ།
    • འཁྲུངས་སྐར་དུས་ཆེན།
    • མང་གཙོ་དུས་ཆེན།
    • ལྷ་བབས་དུས་ཆེན།
    • ངན་པ་དགུ་འཛོམས་དང་བཟང་པོ་
    • ཆོས་འཁོར་དུས་ཆེན།
    • འཛམ་གླིང་སྤྱི་བཟང་།
    • བོད་ཀྱི་ལོ་གསར།
  • སྤྱིར་བཏང་ཤེས་བྱ།
    • པཎ་སྒྲུབ་བཅུ་བདུན།
    • མཚན་སྔགས།
    • ཞེ་སའི་ཚིག་མཛོད།
    • གཏམ་དཔེ།
    • དར་ལྕོག
    • རི་དྭགས་ཆོས་འཁོར།
    • རླུང་རྟ།
    • རྒྱལ་སྲིད་སྣ་བདུན།
    • སྲིད་པའི་འཁོར་ལོ།
    • བཀྲ་ཤིས་རྟགས་བརྒྱད།
    • བཀྲ་ཤིས་རྫས་བརྒྱད།

དར་ལྕོག

༄༅། བོད་ཀྱི་ལོ་གསར་ཚེས་གསུམ་གྱི་ཉིན་གཟའ་སྐར་འཕྲོད་སྦྱོར་བཟང་བའི་བཀྲ་ཤིས་པའི་ཉི་མོ་ཞིག་ཏུ་བརྩི་སྲོལ་ཡོད་པ་ཞིག་ཡིན། སྐབས་དེར་བོད་མིའི་གྲོང་ཁྱིམ་ཚང་མས་རང་རང་གི་ཁང་ཐོག་ཏུ་བསྐྱོད་ནས་བསངས་གསོལ་བྱེད་པ་དང་སྦྲགས་དར་ལྕོག་རྙིང་པ་རྣམས་ཕབ་སྟེ་གསར་པ་བརྗེ་ཡི་ཡོད། དར་ལྕོག་ནི་དར་ལྕེ་དང༌། བ་དན། དེ་གཉིས་འདོགས་སའི་ཡུལ་ལྕང་མ་གསར་པ་བཅས་ལས་གྲུབ་པ་ཞིག་ཡིན། ལྕང་གསར་གྱི་ལྕུག་ཕྲན་སྟེང་དུ་ཚོས་གཞི་སྔོན་པོ། དཀར་པོ། དམར་པོ། ལྗང་གུ། སེར་པོ་བཅས་དབྱིབས་ཅུང་ཆུང་ལ་ངོས་གཅིག་ཨ་ཡིག་གི་དབྱིབས་ཅན་ལྟར་བྲེགས་པ་དེ་ལ་དར་ལྕེ་ཟེར། དེའི་འོག་ལ་གོང་གི་ཚོས་གཞི་ལྔའི་གང་རུང་གི་ཚོས་གཞི་གཅིག་ཡིན་པའི་རས་གྲུ་བཞི་མཐའ་བསྒྲིལ་དང་ལྡན་པ་ཞིག་གི་ངོས་ལ་ཟུར་བཞིར་སྟག་སེང་ཁྱུང་འབྲུག་གི་རི་མོ་བཀོད་པ། དེའི་སྟེང་རྒྱལ་བའི་བཀའ་དཔར་དུ་བཏབ་པའི་བ་དན་ལ་ཀླུང་སྐྱེད་དར་ལྕོག་ཟེར། དར་ལྕེ་དང་བ་དན་གྱི་ཚོས་གཞི་སོ་སོར་མཚོན་བྱ་རེ་ཡོད་པས་ཞིབ་པར་ཞུས་ན། དར་ལྕེའི་རྩེ་མོ་ཚོས་གཞི་སྔོན་པོས་ནམ་མཁའ་མཚོན་པ་དང༌། དེ་འོག་དཀར་པོས་སྤྲིན་པ་མཚོན་པ། དེ་འོག་དམར་པོས་མེ་མཙོན་པ། དེ་འོག་ལྗང་ཁུས་ཆུ་མཚོན་པ། དེ་འོག་སེར་པོས་ས་མཚོན་པ་བཅས་ཡིན། དེ་དག་གི་གོ་རིམ་རྩ་བ་ནས་འཁྲུགས་མི་རུང༌། དར་ལྕེའི་འོག་ལ་བ་དན་ཡིན་ཞིང༌། བ་དན་གྱི་ཚོས་གཞི་ནི་ཁྱིམ་དེའི་བདག་པོར་གྱུར་པའི་མི་སྣའི་འབྱུང་ཁམས་གང་ཡིན་པ་དེ་ལ་བརྟེན་ནས་གཏན་འཁེལ་བ་ཡིན། དེ་ནི་བོད་ཀྱི་འབྱུང་རྩིས་དང་མཐུན་པར་བརྩིས་པ་ལ་སོགས་ཁུངས་དང་ལྡན་པའི་སྒོ་ནས་དར་ལྕོག་བཟོས་ན་ཀླུང་རྟ་ཡར་བསྐྱེད་ཀྱི་ཕན་པ་ཧ་ཅང་ཆེ་བ་ཡིན།། །།།

Install Quicktime

  • For the audio files

རྒྱལ་རབས།

  • བོད་ཀྱི་རྒྱལ་པོ།
  • རྒྱལ་དར་འགྲེལ་བཤད།
  • བོད་ལྗོངས་ངོ་སྤྲོད།
  • བོད་རྒྱལ་ཁབ་ཀྱི་རྒྱལ་གླུ།

Copyright © 2010 Sambhota Tibetan Schools Society. Last updated on