logo Home Page
  • བརྡ་སྤྲོད།
    • ཡི་གེ
    • ༓ དབྱངས།
    • ༓ གསལ་བྱེད།
    • ཚིག་ཕྲད།
    • ༓ ཕྲད་གཞན་དབང་ཅན་རྣམ་དབྱེ་དང་བཅས་པ་བཤད་པ།
    • ༓ ཕྲད་རང་དབང་ཅན།
  • རྩ་ཚིག
    • ལེགས་བཤད་ལྗོན་དབང་།
    • དཀའ་གནད་གསལ་བའི་མེ་ལོང་།
    • བྱིས་པ་དག་ཡིག
    • སུམ་ཅུ་པའི་རྩ་བ།
    • རྟགས་ཀྱི་འཇུག་པའི་རྩ་བ།
    • ཆུའི་བསྟན་བཅོས་ཀྱི་རྩ་བ།
    • ཤིང་གི་བསྟན་བཅོས་ཀྱི་རྩ་བ།
    • བསྡུས་གྲྭའི་སྡོམ་ཚིག
    • དགེ་ལྡན་ལེགས་བཤད།
    • བཤེས་སྤྲིངས་ཀྱི་རྩ་བ།
    • ས་སྐྱ་ལེགས་བཤད་ཀྱི་རྩ་བ།
  • དྲི་བ་དྲི་ལན།
    • བོད་ཀྱི་ལོ་རྒྱུས་དྲི་བ་དྲི་ལན།
    • སྐུ་ཕྲེང་རིམ་བྱོན་དྲི་བ་དྲི་ལན།
    • དཀའ་གནད་དྲི་བ་དྲི་ལན།
    • སྙན་ངག་སྤྱི་དོན་དྲི་བ་དྲི་ལན།
    • དེབ་ཐེར་དཀར་པོ་དྲི་བ་དྲི་ལན།
    • ཆོས་འབྱུང་ཀུན་བཏུས།
  • ནང་ཆོས།
    • སྐྱབས་འགྲོ
    • སྒྲོལ་མ་ཉེར་གཅིག
    • ལས་འབྲས།
    • ལྷ་དང་ཡི་དམ།
    • བློ་སྦྱོང་ཚིགས་བརྒྱད་མ།
    • མཎི་ཡིག་དྲུག
    • ཡ་རབས་སྤྱོད་བཟང་སྐོར།
    • ནང་ཆོས་སྤྱི་དང་ཕྱག་མཆོད་སྐོར།
    • བདེན་པ་གཉིས་ངོ་སྤྲོད།
    • བདེན་པ་བཞི་ངོ་སྤྲོད།
  • དུས་ཆེན།
    • བཅོ་ལྔ་མཆོད་པ།
    • གསུམ་བཅུའི་དུས་དྲན།
    • ས་ག་ཟླ་བ།
    • འཁྲུངས་སྐར་དུས་ཆེན།
    • མང་གཙོ་དུས་ཆེན།
    • ལྷ་བབས་དུས་ཆེན།
    • ངན་པ་དགུ་འཛོམས་དང་བཟང་པོ་
    • ཆོས་འཁོར་དུས་ཆེན།
    • འཛམ་གླིང་སྤྱི་བཟང་།
    • བོད་ཀྱི་ལོ་གསར།
  • སྤྱིར་བཏང་ཤེས་བྱ།
    • པཎ་སྒྲུབ་བཅུ་བདུན།
    • མཚན་སྔགས།
    • ཞེ་སའི་ཚིག་མཛོད།
    • གཏམ་དཔེ།
    • དར་ལྕོག
    • རི་དྭགས་ཆོས་འཁོར།
    • རླུང་རྟ།
    • རྒྱལ་སྲིད་སྣ་བདུན།
    • སྲིད་པའི་འཁོར་ལོ།
    • བཀྲ་ཤིས་རྟགས་བརྒྱད།
    • བཀྲ་ཤིས་རྫས་བརྒྱད།

སྙན་ངག་སྤྱི་དོན་དྲི་བ་དྲི་ལན།

དྲི་བ། སྙན་ངག་ཅེས་པའི་གོ་དོན་སྙན་ངག་སྤྱི་དོན་ལྟར་བྲིས།

ལན། ཡིག་ཐོག་དང་ངག་ཐོག་ཅི་རིགས་སུ་ཡོད་པ་བཅད་ལྷུག་སྤེལ་མའི་བདག་ཉིད་ཅན། གཞན་ཡིད་ལ་དགའ་སྡུག་ཆགས་སྡང་ལ་སོགས་པའི་རྒྱུན་ལྡན་མིན་པའི་ཚོར་བ་དམིགས་བསལ་བ་བསྐྲུན་ཐུབ་པའི་སྒྱུ་རྩལ་གྱི་རོ་ཉམས་ཁྱད་པར་བ་དང་ལྡན་པའི་བརྗོད་ངག་ལ་སྙན་ངག་ཅེས་བཤད་ན་འགྲིགས་གམ་སྙམ་མོ།


དྲི་བ། མང་དུ་ཐོས་ཀྱང་གྱ་གྱུའི་སེམས་ལྡན་འགས། རྨོངས་ཞེན་བྲེས་བཤུས་རྒྱུ་སྐར་མང་ཚོགས་ཀྱང་། འཁྲུལ་མུན་མ་སངས་དགག་སྒྲུབ་ཆོ་ངེ་སྐབས། ལེགས་བཤད་འོད་སྟོང་སྤྲེས་འདི་སྐྱེ་དགུའི་མིག །ཅེས་པ་འདི་གཞུང་གང་ནས་སྤྱི་དོན་དུ་དྲངས་པ་དང་། འདི་ལ་ཤར་ལྷོ་གང་གི་རྩོམ་ཉམས་ཐོན་ཡོད་ཚུལ་འགྲེལ་བཤད་ཐོག་ཚིག་འགྲེལ་ཞིབ་པར་བྲིས།

ལན། འཇམ་བཞད་སྐུ་ཕྲེང་དང་པོ་དབལ་ཤུལ་ངག་དབང་བརྩོན་འགྲུས་ཀྱིས་བརྩམས་པའི་གྲུབ་མཐའ་ཆེན་མོའི་བར་སྐབས་ཚིགས་བཅད་ལས་དྲངས་ཤིང། ཚིགས་བཅད་འདིའི་བརྗོད་དོན་ནོ། གཞུང་ལུགས་ལ་ཐོས་པ་མང་ཡང་ཐོས་པའི་དོན་བསམ་སྒོམ་གྱིས་མྱོང་བ་ཐོབ་པ་དང་གནད་ལོན་པ་མ་བྱུང་བས།གནས་ལུགས་ཀྱི་དོན་ངོ་མ་དང་འཕྲད་ཚེ་གྱ་གྱུ་སྟེ་རྣམ་རྟོག་གིས་འཁྲུལ་བར་བྱས་བའི་སེམས་དང་ལྡན་པའི་རྨོང་པ་ལགས། བརྩམས་ཟིན་པའི་གཞན་གྱི་བསྟན་བཅོས་བརྐུ་བཤུས་ཀྱིས་བརྩམས་ཆོས་ཀྱི་ཕུང་བོར་ བསྐྲུན་མ་མང་མོད། དེ་དག་གང་གིས་ཀྱང་དགོས་དོན་གནས་ལུགས་ལ་འཁྲུལ་པའི་རྨོངས་མུན་བསལ་བར་མི་ནུས་པའི་ཐོག་རང་ལྟ་མཆོག་འཛིན་གྱི་གཞན་དབང་དུ་གྱུར་ནས་རྩོད་པ་ལྷུར་ལེན་པའི་སྐབས་འདིར། ངག་དབང་བརྩོན་འགྲུས་རང་ཉིད་ཀྱིས་བརྩམས་པའི་གྲུབ་མཐའི་གཞུང་ལུགས་འདི་འཁྲུལ་བའི་རྨོངས་མུན་སེལ་བའི་ལེགས་བཤད་ཀྱི་འོད་སྟོང་འཕྲོ་བ་ཅན་ཞིག་ཡིན་པས། སྐྱེ་དགུའི་མིག་གཅིག་པུ་ལྟ་བུ་ཡིན་ཞེས་པའི་དོན་ཡིན་ནམ་སྙམ། རྩོམ་ཡིག་འདི་རྗེ་འཇིགས་མེད་དབང་པོ་ལྟ་བུའི་རྩོམ་ཡིག་གཞན་དག་དང་བསྡུར་ཚེ་ཁ་དམ་ཞིང་གོ་དཀའ་བས་ཤར་ལུགས་ཀྱི་རྩོམ་གཤིས་ཐོན་ཡོད།


དྲི་བ། བཞིན། གཟུགས་ཀྱི་ཟླ། འགྲན། མཛེས་པ་ཟུམ་བྱེད། རྗེས་འགྲོ་བཅས་མཚུངས་གསལ་གྱི་སྒྲ་འདི་དག་ལ་ཚིག་རྐང་གཉིས་ཅན་གྱི་དཔེ་བརྗོད་རེ་ཞོག

ལན། མཁས་དགུའི་རྩོད་འཆད་རྩོམ་པའི་མཁྱེན་རབ་མཐུ། མ་ལུས་བྱེད་པོས་གཅིག་ཏུ་བསྡུས་པ་བཞིན། དྲི་མེད་ལྷག་བསམ་གངས་རིའི་གཟུགས་ཀྱི་ཟླ། བཤེས་ཁྱོད་རྒྱལ་བ་གཉིས་པར་ཡང་དག་འགྲན། །

ལྷན་སྐྱེས་རིག་པའི་མཚར་སྡུག་གྲོལ་བ་ཡིས། རབ་བྱུང་པདྨའི་དཔལ་གྱི་མཛེས་པ་ཟུམ། གུས་རྟག་བརྩོན་པས་ཆོས་འཕགས་རྗེས་འགྲོ་བའི། སྐལ་ལྡན་སློབ་བུའི་ཚོགས་སུ་ལྷག་པར་མཛེས། །

Install Quicktime

  • For the audio files

རྒྱལ་རབས།

  • བོད་ཀྱི་རྒྱལ་པོ།
  • རྒྱལ་དར་འགྲེལ་བཤད།
  • བོད་ལྗོངས་ངོ་སྤྲོད།
  • བོད་རྒྱལ་ཁབ་ཀྱི་རྒྱལ་གླུ།

Copyright © 2010 Sambhota Tibetan Schools Society. Last updated on