ནོར་བུ་དགའ་འཁྱིལ།
༄༅། །བོད་མིའི་ཁང་པའི་ཀ་བའི་སྟེང་དུ་ཡོད་པའི་གཞུ་དང༌། དེ་མིན་རྔ་ལ་སོགས་པའི་དངོས་པོའི་སྟེང་ནོར་བུ་དགའ་འཁྱིལ་གཉིས་ལྡན་དང༌། སུམ་ལྡན། བཞི་ལྡན་ལ་སོགས་མཐོང་རྒྱུ་ཡོད། བཞི་ལྡན་གྱིས་གང་མཚོན་ནམ་ཞེ་ན། དེས་དགའ་བ་བཞི་སྟེ། དགའ་བ། མཆོག་དགའ། ཁྱད་དགའ། ལྷན་སྐྱེས་ཀྱི་དགའ་བ་བཅས་མཚོན་པ་ཡིན།། །།