logo Home Page
  • བརྡ་སྤྲོད།
    • ཡི་གེ
    • ༓ དབྱངས།
    • ༓ གསལ་བྱེད།
    • ཚིག་ཕྲད།
    • ༓ ཕྲད་གཞན་དབང་ཅན་རྣམ་དབྱེ་དང་བཅས་པ་བཤད་པ།
    • ༓ ཕྲད་རང་དབང་ཅན།
  • རྩ་ཚིག
    • ལེགས་བཤད་ལྗོན་དབང་།
    • དཀའ་གནད་གསལ་བའི་མེ་ལོང་།
    • བྱིས་པ་དག་ཡིག
    • སུམ་ཅུ་པའི་རྩ་བ།
    • རྟགས་ཀྱི་འཇུག་པའི་རྩ་བ།
    • ཆུའི་བསྟན་བཅོས་ཀྱི་རྩ་བ།
    • ཤིང་གི་བསྟན་བཅོས་ཀྱི་རྩ་བ།
    • བསྡུས་གྲྭའི་སྡོམ་ཚིག
    • དགེ་ལྡན་ལེགས་བཤད།
    • བཤེས་སྤྲིངས་ཀྱི་རྩ་བ།
    • ས་སྐྱ་ལེགས་བཤད་ཀྱི་རྩ་བ།
  • དྲི་བ་དྲི་ལན།
    • བོད་ཀྱི་ལོ་རྒྱུས་དྲི་བ་དྲི་ལན།
    • སྐུ་ཕྲེང་རིམ་བྱོན་དྲི་བ་དྲི་ལན།
    • དཀའ་གནད་དྲི་བ་དྲི་ལན།
    • སྙན་ངག་སྤྱི་དོན་དྲི་བ་དྲི་ལན།
    • དེབ་ཐེར་དཀར་པོ་དྲི་བ་དྲི་ལན།
    • ཆོས་འབྱུང་ཀུན་བཏུས།
  • ནང་ཆོས།
    • སྐྱབས་འགྲོ
    • སྒྲོལ་མ་ཉེར་གཅིག
    • ལས་འབྲས།
    • ལྷ་དང་ཡི་དམ།
    • བློ་སྦྱོང་ཚིགས་བརྒྱད་མ།
    • མཎི་ཡིག་དྲུག
    • ཡ་རབས་སྤྱོད་བཟང་སྐོར།
    • ནང་ཆོས་སྤྱི་དང་ཕྱག་མཆོད་སྐོར།
    • བདེན་པ་གཉིས་ངོ་སྤྲོད།
    • བདེན་པ་བཞི་ངོ་སྤྲོད།
  • དུས་ཆེན།
    • བཅོ་ལྔ་མཆོད་པ།
    • གསུམ་བཅུའི་དུས་དྲན།
    • ས་ག་ཟླ་བ།
    • འཁྲུངས་སྐར་དུས་ཆེན།
    • མང་གཙོ་དུས་ཆེན།
    • ལྷ་བབས་དུས་ཆེན།
    • ངན་པ་དགུ་འཛོམས་དང་བཟང་པོ་
    • ཆོས་འཁོར་དུས་ཆེན།
    • འཛམ་གླིང་སྤྱི་བཟང་།
    • བོད་ཀྱི་ལོ་གསར།
  • སྤྱིར་བཏང་ཤེས་བྱ།
    • པཎ་སྒྲུབ་བཅུ་བདུན།
    • མཚན་སྔགས།
    • ཞེ་སའི་ཚིག་མཛོད།
    • གཏམ་དཔེ།
    • དར་ལྕོག
    • རི་དྭགས་ཆོས་འཁོར།
    • རླུང་རྟ།
    • རྒྱལ་སྲིད་སྣ་བདུན།
    • སྲིད་པའི་འཁོར་ལོ།
    • བཀྲ་ཤིས་རྟགས་བརྒྱད།
    • བཀྲ་ཤིས་རྫས་བརྒྱད།

དཀའ་གནད་དྲི་བ་དྲི་ལན།

དྲི་བ། རྟགས་ཀྱི་འཇུག་པའི་གཞུང་དེ་བརྡ་སྤྲོད་ཀྱི་ཕྱི་མོ་མཆོག་ཏུ་གྱུར་པ་ཡིན་ཚུལ་ཐིག་ཕྲེང་བཅུ་ལས་མི་ཉུང་བ་ཞིག་བྲིས།

ལན། སྤྱིར་དོན་གོ་བར་བྱེད་པའམ་བརྡ་སྤྲོད་པར་བྱེད་པའི་ཐབས། ངོ་བོ་གཅིག་ལ་རྣམ་པའི་ཐབས་རྩལ་སྣ་ཚོགས་པ་སྟེ་ལག་བརྡ་དང་། ལུས་བརྡ། མིག་བརྡ། རི་མོའི་བརྡ། མདངས་དང་དབྱིབས་ཀྱི་བརྡ་སོགས་ཀྱིས་མཚོན་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མིན་པའི་བྱེ་བྲག་མང་ཡང་། སྐབས་བབས་ཀྱི་བསྟན་དོན་ནི་ངག་གི་རྣམས་པར་རིག་བྱེད་དུ་གྱུར་པའི་རྡ་སྤྲོད་ཡིན། བོད་ཁམས་ཀྱི་དབང་དུ་བྱས་པའི་ངག་གི་རྣམ་པར་རིག་བྱེད་དུ་གྱུར་པའི་རྡ་སྤྲོད་ དམ་དོན་གྱི་དངོས་པོ་སྟོན་པའི་བརྗོད་ངག་ནི། གནད་འདུམ་པ་དང། ཚིག་དག་པ། བརྗོད་དོན་གསལ་བ་བཅས་ཀྱི་ཡོན་ཏན་འཛོམས་མིང་ཡང་གཙོ་བོ་བརྗོད་ངག་སྤེལ་བ་པོས་རྟགས་ཀྱི་འཇུག་པའི་གཞུང་ལུགས་ལག་ལེན་དུ་བཀལ་མིན་གྱི་གནད་དོན་དང་འབྲེལ་ལ། བསྟན་བཅོས་སམ་རིག་པའི་གཞུང་ལུགས་ཀྱི་བརྩམས་ཆོས་ཀྱི་དབང་དུ་བྱས་ན་སྔ་མ་ལས་ཀྱང་རྟགས་ཀྱི་འཇུག་པའི་གཞུང་ལུགས་རྩ་བའམ་ཕྱི་མོར་འཛིན་དགོས་པ་འོག་ཏུ་རྟགས་འཇུག་གི་བརྗོད་བྱད་བཤད་པའི་སྐབས་སུ་ར་འཕྲོད་འབྱུང་ངེས་ཡིན།


དྲི་བ། རྟགས་འཇུག་ཅེས་པའི་སྒྲ་བཤད་དང་། རྟགས་འཇུག་གི་བརྗོད་བྱ་རགས་བསྡུས་ཤིག་ཕྲིས།

ལན། མཚོན་བྱེད་ཕོ་མོ་མ་ནིང་གི་རྟགས་ཀྱི་དབྱེ་བས་ཕྱེ་བའི་མཚོན་བྱ་དོན་གྱི་ཡི་གེ་སྒྲ་གདངས་དྲག་ཞན་གྱི་རང་བཞིན་ཅན་རྣམས་ཀྱི་སྒྲ་དང་དོན་གྱི་འཇུག་ཚུལ་གསལ་བར་ བསྟན་པས་རྟགས་འཇུག་ཅེས་བྱ། བརྗོད་བྱི་ནི། ཡི་གེ་སྤྱི་དང་བྱེ་བྲག་ཕོ་མོ་མ་ནིང་གི་རྟགས་ཀྱི་དབྱེ་བ་དང་། བྱ་ཚིག་གི་དུས་གསུམ། བདག་གཞན་དང་བྱ་བྱེད་ལས་གསུམ། སྒྲའམ་རྟགས་མཚུངས་པའི་མིང་མཐའ་དང་རྣམ་དབྱེ་ཚིག་ཕྲད་འདྲེན་ཚུལ་བཅས་སོ།


དྲི་བ། སྔོན་འཇུག་གི་རྟགས་ཀྱི་དབྱེ་བ་སྟོན་པའི་རྩ་ཚིག་དང། དེ་ལྔ་པོ་རེ་རེ་ནས་རང་གི་འཇུག་ཡུལ་གྱི་མིང་གཞིའི་ཡི་གེ་གྲངས་ཅི་ཙམ་གྱི་སྔོན་དུ་རྐྱང་འདོགས་བརྩེགས་གསུམ་ཇི་ལྟར་འཇུག་ཚུལ་དཔེར་བརྗོད་རེ་ཕྲིས།

ལན། རྩ་བ་ལས། སྔོན་འཇུག་ལྔ་ཡི་བ་ཡིག་ཕོ། ག་ད་མ་ནིང་འ་མོ་ཡིག །མ་ནི་ཤིན་ཏུ་མོ་ཡིན་ནོ། ཞེས་གསུངས་ཤིང་། སྔོན་འཇུག་གི་ཕོ་བ་ཡིན་ནི། མིང་གཞིའི་ཀ་ཅ་ཏ་ཙ་ག་ང་ཇ་ཉ་ད་ན་ཛ་ཞ་ཟ་ར་བཅས་བཅུ་དྲུག་གི་སྔོན་དུ་འཇུག་དེ་བཞིན་མ་ནིང་ག་ཡིག་ནི་ཅ་ཏ་ཙ་ཉ་ད་ན་ཞ་ཟ་ཡ་ཤ་ས་བཅས་བཅུ་གཅིག་གི་ སྔོན་དུ་འཇུག མ་ནིང་ད་ཡིག་ནི། ཀ་པ་ག་བ་ང་མ་བཅས་དྲུག་གི་སྔོན་དུ་འཇུག །མོ་འ་ཡིག་ནི། ཁ་ཆ་ཐ་ཕ་ཚ་ག་ཇ་ད་བ་ཛ་བཅས་བཅུའི་སྔོན་དུ་འཇུག །ཤིན་ཏུ་མོ་མ་ཡིག་ནི། ཁ་ཆ་ཐ་ཚ་ག་ཇ་ད་ཛ་ང་ཉ་ན་བཅས་བཅུ་གཅིག་གི་སྔོན་དུ་འཇུག །བ་ཡིག་ཀ་ག་གཉིས་ལ་རྐྱང་འདོགས་བརྩེགས་གསུམ་གྱིས་འཇུག་སྟེ་དཔེར་ན། བཀལ། བགོ བསྐལ། བརྒལ། བཀྲ། བགྱིས། བསྐྲགས། བསྒྲལ་ཞེས་པ་ལྟ་བུ་དང་། ཏ་ཙ་ད་གསུམ་ལ་རྐྱང་བརྩེགས་གཉིས་ཀས་འཇུག་སྟེ། དཔེར་ན། བཏད། བཙལ། བདའ། བསྟོད། བརྩལ། བསྡད་ཅེས་པ་སྟ་བུ་དང། ང་ཇ་ཉ་ན་ཛ་རྣམས་ལ་བརྩེགས་མ་ཁོ་ནས་འཇུག་སྟེ། དཔེར་ན། བསྔགས། བརྗོད། བསྙེན། བསྣན། བརྫངས་ཞེས་པ་ལྟ་བུ་དང་། ཅ་ཞ་ཤ་གསུམ་ལ་རྐྱང་པ་ཁོ་ནས་འཇུག་སྟེ། བཅའ། བཞག །བཤགས་ཞེས་པ་ལྟ་བུ་དང། ཟ་ས་གཉིས་ལ་རྐྱང་འདོགས་གཉིས་ཀས་འཇུག་སྟེ། དཔེར་ན། བཟའ། བསལ། བཟླས། བསྲང་ཞེས་ལྟ་བུ་དང་། ར་ལ་འདོགས་ཅན་ཁོ་ནས་འཇུག་སྟེ། དཔེར་ན། བརླ་ཞེས་པ་ལྟ་བུ་རྣམས་སོ།ག་ཡིག་རང་གི་འཇུག་ཡུལ་གྱི་མིང་གཞི་བཅུ་གཅིག་པོ་ལ་ རྐྱང་འཕུལ་ཁོ་ནས་འཇུག་པ་ནི། དཔེར་ན། གཅིག །གཏུགས། གཙིགས། གཉེན། གདུངས། གནས། གཞི། གཟིགས། གཡའ། གཤེགས། གསེར་ཞེས་པ་ལྟ་བུའོ། ད་ཡིག་ནི། དཔེར་ན། ཕོ་ཀ་པ་གཉིས་དང་མོ་ག་བ་མ་གསུམ་སྟེ་ལྔ་ལ་རྐྱང་འདོགས་གཉིས་ཀས་དང་། མོ་ཡིག་ང་ལ་རྐྱང་འཕུལ་ཁོ་ནས་འཇུག་སྟེ་དཔེར་ན། དཀོན། དཔལ། དགའ། དབེན། དམར། དཀྲིགས། དཔྲལ། དགྲ། དབྲལ་དམྱལ་ཞེས་པ་ལྟ་བུ་དང། དངུལ། ཞེས་པ་ལྟ་བུ་རྣམས་སོ། འ་ཡིག་གིས་འཕུལ་བའི་རྐྱང་འདོགས་ནི། འགའ། འདི། འབེལ། འཁོལ། འཕགས་ཞེས་དང་། འཇའ། འཛིན། འཆགས། འཐག །འཚབ་བཅས་ལ་རྐྱང་པས་འཕུལ་ལ། ག་ད་བ་ཁ་ཕ་རྣམས་ལ་འདོགས་འཕུལ་གྱིས་ཀྱང་འཇུག་སྟེ། དཔེར་ན། འགྲོ། འདྲེན། འབྲེལ། འཁྲོལ། འཕྲོད་ཅེས་པ་ལྟ་བུ་རྣམས་སོ། མ་ཡིག་གིས་འཕུལ་བའི་འདོགས་ཅན་ནི། མཁྱེན། མཁྲེགས། མགྱོགས་ལྟ་བུ་དང། མ་ཡིག་གིས་རྐྱང་བ་ལ་འཕུལ་པ་ནི། མཁའ། མགོན། མཆིས། མཐུན། མདའ། མཚན། མཇལ། མཛངས། མངར། མཉེན། མནར་ཞེས་པ་ལྟ་བུའོ།

Install Quicktime

  • For the audio files

རྒྱལ་རབས།

  • བོད་ཀྱི་རྒྱལ་པོ།
  • རྒྱལ་དར་འགྲེལ་བཤད།
  • བོད་ལྗོངས་ངོ་སྤྲོད།
  • བོད་རྒྱལ་ཁབ་ཀྱི་རྒྱལ་གླུ།

Copyright © 2010 Sambhota Tibetan Schools Society. Last updated on