གསལ་བྱེད།
• གསལ་བྱེད་ཀྱི་གོ་དོན།
• གསལ་བྱེད་ཀྱི་ཡི་གེ
• དཔེར་བརྗོད།
• གསལ་བྱེད་ཀྱི་ཡི་གེ་ལ་དབྱེ་བ།
གསལ་བྱེད་ཀྱི་གོ་དོན་ནི།
རང་གྲོགས་དབྱངས་དང་སྦྱར་ནས་རང་གི་བརྗོད་དོན་གསལ་བར་བྱེད་པའི་ཡི་གེ་ལ་གསལ་བྱེད་ཟེར།
གསལ་བྱེད་ལ་ཡི་གེ་སུམ་ཅུ་ཡོད།
ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨ།
དཔེར་བརྗོད།
དཀ༵ར། མཁ༵ལ། དག༵འ། མང༵ར། བཅ༵ར། འཆ༵ར། འཇ༵མ། མཉམ། གཏ༵ང་། མཐ༵འ། གད༵ན། གན༵ད། དཔ༵ལ། འཕ༵ང་། འབ༵ངས། དམ༵ར། བཙ༵ལ། མཚ༵མས། འཛ༵མ། ཝ༵ང་། བཞ༵ར། བཟ༵ང་། འ༵ང་། གཡ༵ར། ར༵ལ། ལ༵བ། བཤ༵ད། གས༵ར། ཧ༵མ། ཨ༵ང་།
གསལ་བྱེད་ཀྱི་ཡི་གེ་ལ་དབྱེ་བ་གསུམ་ཡོད།