༄༅། །ནང་ཆོས་སྤྱི་དང་བྱེ་བྲག་གནས་སྐོར་དང་ཕྱག་མཆོད་བྱེད་ཚུལ་ངོ་སྤྲོད་སྐབས་ཀྱི་ས་བཅད་སོགས་བཞུགས་སོ། །
འདི་ལ་གསུམ།
༡༽ ནང་ཆོས་བྱས་པའི་ཕན་ཡོན་དང་དགོས་པ་རྒྱུ་མཚན་བཤད་པ།
༢༽ ནང་ཆོས་བྱེད་པ་ལ་ཤེས་དགོས་པས་ནང་ཆོས་ངོ་སྤྲོད་བཤད་པ།
༣༽ ནང་ཆོས་ངོ་འཕྲོད་ནས་དེ་ཉམས་ལེན་བྱེད་ཚུལ་བཤད་པའོ། །
གསུམ་པ་ལ་གཉིས།
༡༽ ནང་ཆོས་ཉམས་ལེན་དངོས་བཤད་པ་དང༌།
༢༽ དེའི་ཡན་ལག་ཏུ་གནས་སྐོར་དང་ཕྱག་མཆོད་སོགས་དང་འབྲེལ་ཚོགས་གསོག་སྒྲིབ་སྦྱོང་བྱེད་ཚུལ་བཤད་པའོ། །
གཉིས་པ་ལ་གསུམ།
༡༽ དེ་བྱེད་དགོས་པའི་ཚུལ།
༢༽ དེ་བྱས་པའི་ཕན་ཡོན།
༣༽ དེ་བྱེད་ཚུལ་དངོས་བཤད་པའོ། །
དང་པོ་ནི། གནས་སྐོར་དང་ཕྱག་མཆོད་སོགས་ནི་ཚོགས་གསོག་སྒྲིབ་སྦྱོང་གི་ཐབས་ཡིན་ལ། དེ་བྱེད་དགོས་ཚུལ་ནི།
༡༽ བདག་ཆོས་ཅན། གནས་སྐོར་ཕྱག་མཆོད་སོགས་དང་འབྲེལ་ཚོགས་གསོག་སྒྲིབ་སྦྱོང་བྱེད་དགོས་ཏེ། བདག་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཁོ་ན་ཡིན་ལ་བདེ་བ་སྒྲུབ་པ་དང་སྡུག་བསྔལ་སེལ་བའང་དམ་པའི་ཆོས་ཁོ་ན་ལ་རག་ལས་ཤིང་དེ་ལེགས་པར་འབྱུང་བ་ཚོགས་གསོག་སྒྲིབ་སྦྱོང་ལ་ངེས་པར་ལྟོས་པའི་ཕྱིར་རོ། །ཡང་ན།
༡༽ བདག་ཆོས་ཅན། གནས་སྐོར་ཕྱག་མཆོད་སོགས་དང་འབྲེལ་ཚོགས་གསོག་སྒྲིབ་སྦྱོང་བྱེད་དགོས་ཏེ། རང་ཉིད་ཁེ་འདོད་ལ་གྱོང་མི་འདོད་པ་གང་ཞིག དེ་ལེགས་པར་འབྱུང་བ་ཚོགས་བསགས་སྒྲིབ་སྦྱོང་སོགས་རྟེན་འབྲེལ་ཚོགས་པ་ལ་ངེས་པར་ལྟོས་པའི་ཕྱིར་རོ། །
༢༽ གཉིས་པ་ལ་གཉིས། སྤྱིར་བཤད་པ་དང༌། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། དེ་བས་ན་ཚོགས་ངེས་པར་བསགས་དགོས་ལ། དེ་ལ་རྒྱུ་རྐྱེན་ཐབས་ཚུལ་རྟེན་འབྲེལ་ལེགས་འགྲིགས་བྱུང་ན། ཚེགས་ཆུང་ངུས་ཀྱང་རླབས་ཆེ་བའི་ཕན་ཡོན་འབྱུང་ལ། དེ་ཡང་མདོ་ལས། ཞིང་དང་བསམ་པ་དང་རྟེན་དང་དངོས་པོ་དང་དུས་ཀྱི་སྒོ་ནས་ཆེས་ཕུལ་དུ་ཕྱིན་པའོ། །ཞེས་གསུངས་པ་ལྟར། ཞིང་དང༌། བསམ་པ། སྦྱོར་བ། དུས་སོགས་ཀྱི་སྒོ་ནས་ཁྱད་པར་འགྱུར་ཞིང་དེ་ཡང་དེ་རེ་རེས་ཀྱང་ཁྱད་པར་འགྱུར་ན་ཡོངས་སུ་རྫོགས་ན་ལྟ་ཅི་སྨྲོས་པར་གསུངས་པས། དེ་ལ།
དང་པོ་ཞིང་ནི།
༡༽ མདོ་ལས། སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །སོགས་དང༌།
༢༽ དབུ་མ་རིན་ཆེན་ཕྲེང་བར། དཔག་ཏུ་མེད་པ་རྣམ་པ་བཞི་སོགས་དང༌།
༣༽ ལམ་རིམ་ལས། ཞིང་གི་མཐུ་ལ་བརྟེན་པ་འགའ་རེ་མ་གཏོགས། ཞེས་སོགས་གསུངས་པ་ལྟར་རོ། །
གཉིས་པ་བསམ་པ་ནི།
༡༽ མདོ་ལས། ཆོས་ཀྱི་སྔོན་དུ་ཡིད་འགྲོ་སྟེ། །
ཞེས་སོགས་དང༌།
༢༽ སྤྱོད་འཇུག་ལས། འདི་ནི་འཐད་པ་དང་བཅས་པར། ། སོགས་དང༌།
༣༽ རྗེས། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། ། སོགས་ལྟར་རོ། །
གསུམ་པ་སྦྱོར་བ་ནི། རང་དང་གཞན་སྐུལ་འབད་བརྩོན་ཆེ་ཆུང་སོགས།
བཞི་པ་དུས་ནི། སྔགས་རིམ་དུ། ༦༦།༢༢
གཉིས་པ་བྱེ་བྲག་ཏུ་བཤད་པ་ནི། བློ་དགོངས་དཔེ་དེབ་༡༠༦།༢ ལྟར་རོ། །
༣༽ གསུམ་པ་དེ་བྱེད་ཚུལ་དངོས་བཤད་པ་ལ་གསུམ། སྦྱོར་བ་དང༌། དངོས་གཞི། མཇུག་བཅས་སོ། །
འདི་ཡང་རིགས་ལམ་སློབ་གཉེར་ཁང་དང་ནང་ཆོས་ངོ་སྤྲོད་ཚོགས་པའི་ནང་ཆོས་སློབ་དཔོན་དགེ་བཤེས་བློ་བཟང་ཟླ་བ་ནས་ ༢༠༡༠
ལོར་མི་མང་ལ་ངོ་སྤྲོད་དང་འབྲེལ་ཆོས་སྦྱིན་དུ་འགྲེམས་སྤེལ་བྱས་པ་དགེའོ། །