logo Home Page
  • བརྡ་སྤྲོད།
    • ཡི་གེ
    • ༓ དབྱངས།
    • ༓ གསལ་བྱེད།
    • ཚིག་ཕྲད།
    • ༓ ཕྲད་གཞན་དབང་ཅན་རྣམ་དབྱེ་དང་བཅས་པ་བཤད་པ།
    • ༓ ཕྲད་རང་དབང་ཅན།
  • རྩ་ཚིག
    • ལེགས་བཤད་ལྗོན་དབང་།
    • དཀའ་གནད་གསལ་བའི་མེ་ལོང་།
    • བྱིས་པ་དག་ཡིག
    • སུམ་ཅུ་པའི་རྩ་བ།
    • རྟགས་ཀྱི་འཇུག་པའི་རྩ་བ།
    • ཆུའི་བསྟན་བཅོས་ཀྱི་རྩ་བ།
    • ཤིང་གི་བསྟན་བཅོས་ཀྱི་རྩ་བ།
    • བསྡུས་གྲྭའི་སྡོམ་ཚིག
    • དགེ་ལྡན་ལེགས་བཤད།
    • བཤེས་སྤྲིངས་ཀྱི་རྩ་བ།
    • ས་སྐྱ་ལེགས་བཤད་ཀྱི་རྩ་བ།
  • དྲི་བ་དྲི་ལན།
    • བོད་ཀྱི་ལོ་རྒྱུས་དྲི་བ་དྲི་ལན།
    • སྐུ་ཕྲེང་རིམ་བྱོན་དྲི་བ་དྲི་ལན།
    • དཀའ་གནད་དྲི་བ་དྲི་ལན།
    • སྙན་ངག་སྤྱི་དོན་དྲི་བ་དྲི་ལན།
    • དེབ་ཐེར་དཀར་པོ་དྲི་བ་དྲི་ལན།
    • ཆོས་འབྱུང་ཀུན་བཏུས།
  • ནང་ཆོས།
    • སྐྱབས་འགྲོ
    • སྒྲོལ་མ་ཉེར་གཅིག
    • ལས་འབྲས།
    • ལྷ་དང་ཡི་དམ།
    • བློ་སྦྱོང་ཚིགས་བརྒྱད་མ།
    • མཎི་ཡིག་དྲུག
    • ཡ་རབས་སྤྱོད་བཟང་སྐོར།
    • ནང་ཆོས་སྤྱི་དང་ཕྱག་མཆོད་སྐོར།
    • བདེན་པ་གཉིས་ངོ་སྤྲོད།
    • བདེན་པ་བཞི་ངོ་སྤྲོད།
  • དུས་ཆེན།
    • བཅོ་ལྔ་མཆོད་པ།
    • གསུམ་བཅུའི་དུས་དྲན།
    • ས་ག་ཟླ་བ།
    • འཁྲུངས་སྐར་དུས་ཆེན།
    • མང་གཙོ་དུས་ཆེན།
    • ལྷ་བབས་དུས་ཆེན།
    • ངན་པ་དགུ་འཛོམས་དང་བཟང་པོ་
    • ཆོས་འཁོར་དུས་ཆེན།
    • འཛམ་གླིང་སྤྱི་བཟང་།
    • བོད་ཀྱི་ལོ་གསར།
  • སྤྱིར་བཏང་ཤེས་བྱ།
    • པཎ་སྒྲུབ་བཅུ་བདུན།
    • མཚན་སྔགས།
    • ཞེ་སའི་ཚིག་མཛོད།
    • གཏམ་དཔེ།
    • དར་ལྕོག
    • རི་དྭགས་ཆོས་འཁོར།
    • རླུང་རྟ།
    • རྒྱལ་སྲིད་སྣ་བདུན།
    • སྲིད་པའི་འཁོར་ལོ།
    • བཀྲ་ཤིས་རྟགས་བརྒྱད།
    • བཀྲ་ཤིས་རྫས་བརྒྱད།

ས་ག་ཟླ་བ།

བོད་ཟླ་བཞི་པར་ས་ག་ཟླ་བ་ཟེར་ཞིང༌། ཟླ་བ་འདིའི་ནང་དུ་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པས་གདུལ་བྱ་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པའི་གནས་སུ་འགོད་ཆེད་མཛད་པ་བརྗོད་ལས་འདས་པ་བཞེས་ཡོད་པའི་ནང་ནས། སྐུ་བལྟམས་པའི་མཛད་པ་དང༌། རབ་ཏུ་བྱུང་བའི་མཛད་པ། བདུད་བཏུལ་བའི་མཛད་པ། སངས་རྒྱས་པའི་མཛད་པ། མྱ་ངན་ལས་འདས་པའི་མཛད་པ་བཅས་དུས་ཆེན་ལྔ་འཛོམས་ཀྱི་ཟླ་བ་ཞིག་ཡིན་ལ། དམིགས་བསལ་ཚེས་ ༡༥ ཉིན་སྐུ་བལྟམས་པའི་མཛད་པ་དང༌། སངས་རྒྱས་པའི་མཛད་པ། མྱ་ངན་ལས་འདས་པའི་མཛད་པ་བཅས་ཀྱི་དུས་ཆེན་གསུམ་འཛོམས་ཀྱི་ཁྱད་འཕགས་ཅན་གྱི་ཉིན་མོ་ཞིག་ཡིན་པས་རྣམ་དཀར་དགེ་བའི་བྱ་བ་སྤེལ་ན་བྱིན་རླབས་དང་ཕན་ཡོན་ཤིནཏུ་ཆེ་བའི་དུས་སྟོན་ཞིག་ཡིན། དེ་སྔ་བོད་རང་བཙན་ཡིན་སྐབས་ཚེས་བཅོ་ལྔའི་ཉིན་དེར་བོད་གཞུང་གི་བཀའ་བློན་རྣམ་པས་གཙོས་ཤོད་སྐོར་ཡོངས་རྫོགས་ལྷ་སའི་གཙུག་ལག་ཁང་དང་ར་མོ་ཆེ། ཞི་ཁྲོ་ལྷ་ཁང༌། ནོར་གླིང་བསྐལ་བཟང་ཕོ་བྲང༌། རྩེ་ཕོ་བྲང་སོགས་སུ་མཆོད་མཇལ་དང་གླིང་སྐོར་ལ་ཕེབས་ཀྱི་ཡོད། ཉིན་དེར་ལྷ་སའི་གྲོང་མི་རྣམས་ཀྱིས་ཞོགས་པའི་ཕྱག་མཆོད་རྣམས་གྲུབ་རྗེས་གཟབ་མཆོར་ལེགས་པར་སྤྲས་པ་དང་སྦྲགས་ཇ་ཆང་ཞིམ་ཟས་ཁྱེར་ཏེ་རྫོང་རྒྱབ་ཀླུ་ཁང་དུ་ཀོ་གྲུར་ཞུགས་ནས་མཚོ་སྐོར་དང༌། གླུ་གཞས་རྣམ་ཐར་སོགས་བླངས་ཏེ་སྤྲོ་སྐྱིད་གཏོང་སྲོལ་ཡོད།

དེ་སྔ་རང་གཞུང་རྩིས་ཁང་ལས་ཁུངས་ཀྱིས་ཇོ་ཤཱག་རྣམ་གཉིས་དང༌། གདན་ས་ཁག་གཙོ་གྱུར་བོད་ཀྱི་དགོན་སྡེ་ཁག་གི་རྟེན་གཙོ་ཡོངས་རྫོགས་ལ་ས་ཟླའི་མཆོད་སྤྲིན་ཞེས་ཞལ་གསེར་སྤྱན་འབྱེད་དང༌། མཆོད་འབུལ་སྙན་དར་སོགས་རྒྱ་གང་ཆེ་གནང་ལམ་ཡོད་ཐོག །དགེ་འདུན་གྱི་འདུས་ཚོགས་ལ་བསྙེན་བཀུར་ཡང་གཟབ་རྒྱས་ཞུ་ཡི་ཡོད་པ་མ་ཟད། རངགཞུང་ནས་དུས་ཡུན་དེའི་རིང་སྲོག་གཅོད་སྤོང་དགོས་པའི་ཤ་ཁྲིམས་བསྡམས་ཀྱི་ཡོད་སྟབས་ཁྲོམ་གཞུང་ཁག་ལ་ཤ་ཁྲོམ་འདོན་མཁན་སྤྱིར་ན་མེད་པ་ལྟ་བུ་ཡིན། དེ་ཡང་ཚེས་ ༡༥ ཉིན་འདིར་གཞུང་སྒེར་གཉིས་ནས། ངན་སློང་ལ་སྦྱིན་གཏོང་དང༌། དགེ་འདུན་ལ་བསྙེན་བཀུར། ར་ལུག་དང་གཡག །ཉ་དང་བྱ་བྱིའུ་ལ་སོགས་ཚེ་ཐར་གཏོང་བ་དང༌། སྣང་རྩེ་ཤག་གི་ལས་ཁུངས་མདུན་ནག་ཅན་གྱི་བཙོན་པ་བཞི་གློད་བཀྲོལ་གཏོང་བ། སེམས་ཅན་ལ་འཚེ་བ་མི་ཡོང་བའི་ཆེད་དམར་ཟས་སྤོང་བ། མ་ཎི་དུང་ཕྱུར་དང་ཕྱག་འབུམ་གསོག་པ། བཀའ་འགྱུར་བསྟན་འགྱུར་ཀློག་པ་སོགས་རྣམ་དཀར་གྱི་དགེ་སྒྲུབ་ལ་འབུངས་ཀྱི་ཡོད། དེང་སྐབས་བཙན་བྱོལ་བོད་གཞུང་ནས་ཀྱང་སྔ་སྲོལ་བཟང་པོ་མཇུག་སྐྱོང་ཐོག་ཆོསསྲིད་ཟུང་འབྲེལ་གྱི་ལམ་ཆེན་དུ་ཤར་སྐྱོད་གནང་མུས་ཀྱིས་ཉིན་དེར་གཙུག་ལག་ཁང་གི་ཆོས་རར་ལས་བྱེད་དང་མི་མང་ཚང་འཛོམས་ཀྱིས་བཀའ་ཆོས་ཞུ་བ་དང༌། ལྷ་རྒྱལ་རིར་རླུང་རྟ་དར་འཛུགས། སྤྲང་པོར་བྱམས་སེམས་ཆེན་པོས་དངུལ་དངོས་སྦྱིན་པ་གཏོང་བ་སོགས་གནང་གི་ཡོད། དེ་བཞིན་ས་གནས་གཞན་དུ་ཡོད་པའི་བོད་མི་ཚོས་རང་གི་ཉེ་འཁོར་དུ་ཡོད་པའི་དགོན་པར་བཅར་ནས་སྨོན་ལམ་འདེབས་པ་དང་མཆོད་འབུལ་ཞུ་བ་སོགས་ས་ག་ཟླ་བའི་དུས་ཆེན་དེ་དམ་འཛིན་ཐོག་རྣམ་དཀར་དགེ་བའི་ལས་བཟང་སྒྲུབ་བཞིན་ཡོད་དོ།། །།

Install Quicktime

  • For the audio files

རྒྱལ་རབས།

  • བོད་ཀྱི་རྒྱལ་པོ།
  • རྒྱལ་དར་འགྲེལ་བཤད།
  • བོད་ལྗོངས་ངོ་སྤྲོད།
  • བོད་རྒྱལ་ཁབ་ཀྱི་རྒྱལ་གླུ།

Copyright © 2010 Sambhota Tibetan Schools Society. Last updated on