ཉི་ཟླ་གཡུང་དྲུང་།
༄༅། །བོད་མིའི་ཁང་པའི་ཕྱི་སྒོའི་སྟེང་དུ་ཉི་ཟླ་གཡུང་དྲུང་གི་རི་མོ་འབྲི་སྲོལ་ཡོད། དེ་ནི་སྒོའི་སྟེང་དུ་མཛེས་རྒྱན་ཆེད་དུ་བྲིས་པ་ཙམ་མ་ཡིན་པར་དགོས་པ་ངེས་ཅན་ཡོད། གཡང་སྒྲུབ་ལས་ཚེ་ཡི་ཉི་མ་མི་ནུབ་རབ་ཏུ་གསལ། བསོད་ནམས་ཟླ་བ་ཡར་ངོའི་ཟླ་ལྟར་འཕེལ། རིགས་རྒྱུད་མི་འགྱུར་གཡུང་དྲུང་ལྟར་བརྟན་པ། བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་གསུངས། གོང་གི་གསུང་ཚུལ་འདིར་གཞིགས་ན་སྒོའི་སྟེང་གི་ཉི་ཟླ་གཡུང་དྲུང་གི་རི་མོས་ཚེ་རིང་བ་དང༌། བསོད་ནམས་འཕེལ་བ། རིགས་རྒྱུད་འགྱུར་བ་མེད་པ་ལ་སོགས་པའི་རྟེན་འབྲེལ་མཚོན་གྱི་ཡོད་པ་གསལ་པོར་ ཤེས་ཐུབ་བོ།། །།