བོད་ཀྱི་གཏམ་དཔེ།
རྐང་པ་ཕར་བརྐྱངས། ཉི་མ་ཚུར་སྡེ།
བཅུ་གསུམ་ཁོག་རྩིས་མ་ཤེས་ན། གྲོང་པའི་ཨ་ཕ་ག་ལ་ཡོང་།
བཅོ་ལྔ་མཆོད་པ་ཕར་ཚད་རེད། རང་མགོ་ཐོན་ན་ལྷ་རྒྱལ་རེད།
ལྕགས་ཀྱི་རིལ་བུ་ཟ་ན། རྣོ་ཡི་འགྲམ་སོ་དགོས།
ཆང་མིས་འཐུང་ན་སྙིང་ན། རང་གིས་འཐུང་ན་མགོ་ན།
ཆུ་ལ་རྒྱུག་པ་གཞུས་ན། ཉ་ལ་ཡང་ལྕི་མེད།
ཆུ་ལ་ཟམ་པ་མེད་ན། རྒལ་བ་ལས་འོས་མེད།
ཆོས་སྐྱོང་རང་མགོ་མི་ཐོན། མགོ་ནག་མི་ཡི་ཡར་འདྲེན།
ཆོས་སར་ཆོས་དང། གཞས་སར་གཞས།
འཇམ་པོ་གྲི་ཡིས་མི་ཆོད། ཡང་མོ་ཕྲག་ལ་མི་ལོན།
ཉིན་དཀར་གྱི་ཟས་ཆག། ནུབ་མོ་ཡི་གཉིད་ཆག
ཉིན་དཀར་ལྷ་མོར་ལྷ་ལས་རོགས། མཚན་མོ་འདྲེ་མོར་ཐགས་འཐག་རོགས།
རྟ་ཕོ་ཐང་ལ་རྒྱུག་ན། རྟ་དཔྱད་ཁྲོམ་པས་གླེང་།
རྟ་ཕོ་ཐང་ལ་རྒྱུག་ན། རྟ་དཔྱད་ཁྲོམ་པས་གླེང་།