གླང་དར་མ། (འུ་དུམ་བཙན་པོ་ཡང་།)
༡༠༽ བཙན་པོས་ངར་སྐད་དང་བཅས། “ཁྱོད་ཚོས་འདི་ན་གཡོ་ཇུས་ག་རེ་འཐེན་གྱིན་ཡོད།” ཅེས་སྡང་མིག་གིས་ཚང་མར་གཟིགས། ཚང་མས་མགོ་སྒུར་ནས་རེ་ཞིག་ལ་ཁུ་སིམ་མེར་གྱུར།
༡༡༽ དེར་བློན་རྒན་རིག་ལྡན་གྱིས། “བདག་ཅག་གིས་བཙན་པོ་མཆོག་གིས་ཡབ་མེས་ཀྱི་མཛད་རྗེས་སྐྱོང་བར་ཕྱག་རོགས་ཇི་ལྟར་ཞུ་དགོས་ཚུལ་ལ་གྲོས་སྡུར་བྱེད་ཀྱིན་ཡོད།” ཅེས་ཕྱག་བྲིས་དེ་སྤྱན་སྔར་ཕུལ།
༡༢༽ ཤོག་བུའི་དེའི་སྟེང༌། “དང་པོ། ཡབ་མེས་གོང་མ་དག་བཞིན་བཙན་པོར་ཐུགས་དམ་གྱི་ལྷ་ཁང་བཞེངས་དགོས། གཉིས་ལོ་པཎ་དག་གི་ཆོས་སྒྱུར་མཇུག་སྐྱོང་ཡོང་བ། གསུམ་ཆོས་བློན་ཆེན་པོ་ཞིག་བསྐོ་འོས།” ཞེས་འཁོད་ཡོད་པ་གཟིགས།
༡༣༽ བཙན་པོས་དབུ་ལྡེམ་གྱིན་ཞལ་འཛུམ་པ་གནང་ནས། “གོ་བ་ལོག་ནས་བློན་ཆེན་དང་ལོ་པཎ་རྣམ་པར་གུས་མེད་བྱས་སོང༌། ངས་ཁྱོད་ཚོའི་དོན་ཆེན་གསུམ་པོར་ངོས་ལེན་བྱེད་ཆོག” ཅེས་གསུངས།
༡༤༽ ངན་གཡོ་གྲོགས་སུ་གྱུར་པ་འདིས་བློན་ཆེན་དང་ལོ་པཎ་དག་ལ་གནོད་འཚེ་ཅི་ཡང་མ་བྱུང་ཞིང༌། སྡིག་བློན་ཚོའི་ངན་བསམ་སྟོང་ཟད་དུ་གྱུར་ནས། རེ་ཞིག་གནོད་པའི་གླགས་མ་རྙེད་པར་ལུས།