གླང་དར་མ། (འུ་དུམ་བཙན་པོ་ཡང་།)
༥༽ དམག་གི་བློན་ཆེན་ཞིག་གིས་ངར་ངར་ངང༌། “དུག་གི་རྩ་བ་མ་བཏོན་ན་དུག་ལོ་སྐྱེ་བ་ཆོས་ཉིད་ཡིན་པས། སྡིག་བློན་དེ་དག་མེད་པ་མ་བཟོས་ན་བཀྲ་ཤིས་པ་ཞིག་མི་ཡོང༌།” ཞེས་གསུངས།
༦༽ ལ་ལས། བློན་ཆེན་དེ་དག་ལ་ཉེས་འགེལ་དང་ཕོག་ཐུག་གཏོང་རྒྱུ་ལས་སླ་པོ་མིན་ཚུལ་དང༌། ཡང་ལ་ལས། སྲས་དར་མ་སྙིང་སྟོབས་ཆེ་ཞིང་བློ་རིག་བཀྲ་བས་རྒྱལ་སྲིད་ལ་ཉེན་ཁ་མི་ཡོང་ཚུལ་སོགས་གླེང༌།
༧༽ སྦས་སྟག་སྣ་སོགས་ཀྱིས་ཁོང་ཚོས་གསང་གྲོས་གནང་བཞིན་པ་ཚོར་ནས། བཙན་པོ་ལ། “བློན་ཆེན་དང་ལོ་པཎ་ཚོས་བདག་ཅག་ལ་ངན་བསམ་གྱིས་རྒྱལ་སྲིད་འཕྲོག་རྩིས་བྱེད་ཀྱིན་འདུག” ཞེས་ཞུས།
༨༽ དར་མ་རབ་ཏུ་ཁྲོས་ཏེ། དམག་ཁྲིད་ནས་བློན་ཆེན་དང་ལོ་པཎ་ལྷན་འཛོམས་གནང་སའི་བཞུགས་ཤག་གི་མཐའ་བསྐོར། བློན་རྒན་རིག་ལྡན་གྱིས་དེ་འཕྲལ་ཤོག་བུ་ཞིག་བླངས་ཏེ་ཡི་གེ་འགའ་བྲིས་ནས་བསྡད།
༩༽ དར་མ་ངར་ངར་ངང་འགྱིངས་འགྲོས་ཀྱིས་ཚོམས་ཁང་དུ་ཕེབས་པ་དང༌། ཚང་མ་བཞེངས་ཏེ། “བཙན་པོ་བྱོན་པ་ལེགས།” ཞེས་གུས་ཕྱག་ཕུལ།