གླང་དར་མ། (འུ་དུམ་བཙན་པོ་ཡང་།)
༧༠༽ དེར་ལམ་སང་དམག་བརྡ་བཏང་ནས་ར་མདར་བརྒྱུགས། དཔལ་རྡོར་གྱི་རོགས་པ་ཁ་ཤས་ཀྱིས་ར་མདའ་བ་ཚོར་ལྷ་རིས་རྒ་བརྒྱུད་དེ་མར་ལ་བྲོས་སོང་ཞེས་དང༌། ཁ་ཤས་ཀྱིས་ཕོ་བྲང་དམར་པོ་ནས་ཡར་བྲོས་སོང་ཞེས་མགོ་བསྐོར།
༧༡༽ དཔལ་རྡོར་བདུད་ཡ་གཞེར་གྱི་མཚོ་འཁོར་ནང་ལ་བརྒལ་ནས་ཕྱིན་པས་སོལ་བ་དག བེར་ཕྱི་ནང་བསློགས་ཏེ་གྱོན་ནས་ང་གནམ་ཐེལ་དཀར་པོ་ཟེར་བ་ཡིན་ཞེས་སོང་བས་སུས་ཀྱང་མ་ཚོར།
༧༢༽ དེར་སྡིག་བློན་དང་བོན་གྱི་རྩིས་པ་མོ་མ་ཚོས་བརྟགས་པས། གྲུབ་ཐོབ་ལྷ་ལུང་དཔལ་རྡོར་གྱི་ཆོ་འཕྲུལ་ཡིན་པ་ཤེས་ཏེ། རྟ་བ་དགུ་གསོད་དུ་བཏང་བ་ན། སྒོམ་ཁང་བྱ་ཚང་ལྟར་བཅོས་ནས་བྲོས་ཚར་འདུག
༧༣༽ སྐབས་དེར། སྣ་ནམ་བཟའ་ལ་སྲས་མེད་པ་དང༌། ཚེ་སྤོང་བཟའ་ལ་སྲས་འཁོར་ཡོད་པས། སྡིག་བློན་རྣམས་བཙན་པོའི་རྒྱལ་སྲིད་ཆོས་ཕྱོགས་སུ་ཤོར་བའི་སེམས་ཁྲལ་ཆེན་པོ་སྐྱེས།
༧༤༽ སྐབས་དེ་དག་ལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་གནའ་གཏམ་ཞིག་ཤོད་སྲོལ་བྱུང་བ་དང་ལྷན་དུ། གླང་བུ་ནི་རྒྱལ་པོ་དར་མའི་སྐྱེ་བ་དང་ཕོ་རོག་དེ་ལྷ་ལུང་དཔལ་རྡོར་ཡིན་ཚུལ་སོགས་ཀྱི་སྒྲུང་གསར་པ་ཞིག་ཏུ་གྱུར།