ཁྲི་སྲོང་ལྡེའུ་བཙན།
༡༠༽ སྐབས་དེ་དག་ཏུ་རྒྱལ་མཚམས་ཀྱི་གནས་བབ་མི་བདེ་བས་བློན་ཁྲི་བཟང་དང་ཞང་སྟོང་བརྩན། ཀང་ལ་བོང་གསུམ་གྱི་དམག་སྤྱིར་བསྐོ་རྫོང་གིས་རྒྱའི་སེ་ཅུ་ཆམ་ལ་ཕབ་ཅིང་ཙེ་ཅི་མན་ཆད་འབངས་སུ་བཀུག
༡༡༽ ཆུ་ཡོས་(ཕྱི་ལོ་༧༦༣)ལོར། བློན་ཆེན་པོ་ཞང་རྒྱལ་གཟིགས་དང༌། ཞང་སྟོང་བརྩན། བློན་སྟག་སྒྲ་སོགས་ཀྱིས་འ་ཞ་དང་འཇང་དམག་བཅས་པའི་ཁྲི་དམག་ཉི་ཤུ་ལྷག་དྲངས་ཏེ་རྒྱ་ཡུལ་ལ་ཕར་རྒོལ་བྱས།
༡༢༽ དམག་དཔོན་ཀོ་ཧོས་ཀྱིས་དཔུང་དམག་ཁྲིད་དེ་བོད་ལ་མགོ་བཏགས་ཤིང༌། དམག་ལམ་ཁྲིད་དེ་ཧྲང་ཏུའུ་མཁར་དུ་སླེབས།
༡༣༽ གོང་མ་ཏེད་ཙུང་ཧྲན་ཀྲིག་ཏུ་བྲོས། བོད་དམག་གིས་རྒྱལ་ས་ཁྲང་ཨན་འཕྲོགས། ཅིན་ཁྲིན་ཀོང་ཇོའི་ཚ་བོ་ལི་ཁྲིན་ཧུང་གོང་མར་བསྐོས་ཏེ། ཉིན་བཅོ་ལྔར་དགའ་སྟོན་བྱས་ནས་དམག་དཔུང་ཕྱིར་ལོག
༡༤༽ ཤིང་སྦྲུལ་(ཕྱི་ལོ་༧༦༥)ལོར། ཐང་བོད་ཀྱི་བློན་ཆེན་ཁག་ཅིག་ཞིན་ཐང་དགོན་པར་ལྷན་འཛོམས་ཀྱིས་རྒྱལ་ཁབ་གཉིས་དབར་དམག་འཁྲུག་ཞི་འཇགས་ཡོང་བར་གྲོས་མོལ་གནང༌།