ཁྲི་སྲོང་ལྡེའུ་བཙན།
༥༽ ལྷ་སའི་ཇོ་བོ་འདི་རྒྱ་ནག་གི་ལྷ་ཡིན་པས་བོད་ཀྱི་ཆོས་སྲིད་ལ་གནོད་ཅེས་ཕྱིར་རྒྱ་ནག་ཏུ་དབོར་བཅུག་པར་ཆོ་འཕྲུལ་དང་དཀའ་ངལ་མང་པོ་འཕྲད་དེ་མང་ཡུལ་དུ་ལུས།
༦༽ སྲས་ཁྲི་སྲོང་གིས་སྟག་སྒྲ་ཀླུ་ཁོང་སོགས་ཀྱི་རོགས་འདེགས་ལ་བརྟེན་ནས་གནས་ཚུལ་བརྩད་ཞིབ་ཀྱིས་ཡབ་རྒྱལ་པོ་ལང་འབལ་གཉིས་ཀྱིས་བཀྲོངས་ཚུལ་རྟོགས་རྗེས་གསང་དམག་བསྐུལ་ཏེ་ཚར་བཅད།
༧༽ མེ་སྤྲཻལ་(ཕྱི་ལོ་༧༥༦)ལོར། ཁྲི་སྲོང་ལྡེའུ་བཙན་རྒྱལ་ཁྲིར་མངའ་གསོལ་ཏེ་རྒྱས་སྟོན་ཆེན་པོ་བཤམས་ནས་ཕྱོགས་བཞིའི་རྒྱལ་ཕྲན་ཀུན་ལ་དྲིལ་བསྒྲགས། བློན་སྟག་སྒྲ་ཀླུ་ཁོང་སོགས་ཕྱི་ནང་གི་ལས་གནས་མང་པོ་བསྐོ་འཛུགས་དང་གཟིགས་གསོལ་གནང༌།
༨༽ དེ་ནས་རིམ་བཞིན། ཞང་བློན་མ་ཞང་ཁྲོན་པ་སྐྱེས་དུར་སར་བཙོན་འཇུག་དང༌། སྟག་ར་ཀླུ་ཁོང་བྱང་དུ་རྒྱང་ཕུད་གཏོང་དགོས་པའི་ཉེས་ཆད་བཅད་དེ་རྒྱལ་སའི་ཟིང་འཁྲུག་ཡོངས་སུ་ཞི་འཇགས་མཛད།
༩༽ གཡུ་ཐོག་ཡོན་ཏན་པོ་རྒྱལ་བུའི་ལྷ་རྗེར་མཚན་གསོལ་ཞིང༌། ཀོང་པོ་སྨན་ལུང་དུ་གསོ་རིག་སློབ་གླིང་བཙུགས་མ་ཐག་སློབ་མ་སུམ་བརྒྱ་ལྷག་དང་རིམ་པས་སྟོང་ཕྲག་ཙམ་བྱུང་ནས་འགྲོ་དོན་རྒྱ་ཆེར་གྲུབ།