ཁྲི་སྲོང་ལྡེའུ་བཙན།
༧༠༽ དེར་ཧ་ཤང་གིས། དགའ་མི་དགའ། དགེ་མི་དགེ་ཚང་མ་རྣམ་རྟོག་གིས་བསྐྱེད། རྣམ་རྟོག་བྲལ་བ་ཅི་ཡང་ཡིད་ལ་མི་བྱེད་པའི་སྒོམ་ཁོ་ནས་འཚང་རྒྱ་ཚུལ་གྱི་ཅིག་ཅར་དུ་འཇུག་པའི་ལྟ་ཚུལ་གསུངས།
༧༡༽ ཀ་མ་ལས། སོ་སོར་རྟོགས་པའི་ཤེས་རབ་མེད་ན་མུན་སྒོམ་ཡིན་ཚུལ་དང༌། ཐབས་ཤེས་ཡ་བྲལ་བྱས་ནས་འཚང་རྒྱ་བའི་ཐབས་མེད་ཚུལ་གྱི་ལུང་རིགས་མང་པོས་རིམ་གྱིས་འཇུག་དགོས་པའི་ལྟ་ཚུལ་གསུངས།
༧༢༽ དེ་ལྟར་ལྟ་སྒོམ་སྤྱོད་གསུམ་ལ་རྩོད་རོགས་རྣམས་དང་བཅས་ཆོས་རྩོད་ཡུན་རིང་གནང་མཐར་ཧ་ཤང་འཁོར་དང་བཅས་པ་ཕམ་ནས་པདྨ་མའི་ངང་ཚུལ་ཕྱོགས་ལ་མེ་ཏོག་གཏོར་ནས་ཕྱིར་རྒྱ་ནག་ཏུ་ལོག
༧༣༽ དེར་རྒྱལ་པོས་ཞུས་པ་བཞིན་པདྨ་མའི་ངང་ཚུལ་གྱིས་སྒོམ་རིམ་དང་པོ་བར་བ་ཐ་མ་བཅས་ཀྱི་བསྟན་བཅོས་དང་དབུ་མ་སྣང་བ་བཅས་བརྩམས། དེ་ནས་བཟུང་བོད་མི་ཀུན་གྱིས་དམ་པའི་ཆོས་ལ་ཉམས་ལེན་ཚུལ་བཞིན་ཞུས།
༧༤༽ ཉིན་ཞིག དབུ་རྩེའི་བར་ཁང་དུ་བཙན་པོས་སྲས་ཆེ་བ་མུ་ནེ་བཙན་པོར། "ད་ནི་ཁྱོད་ནར་སོན་པས་རྒྱལ་སྲིད་སྐྱོངས། ང་ལོ་ན་ཡོལ་བས་ཆོས་གཤའ་མ་ཞིག་བྱེད་འདོད།" ཅེས་གསུངས།