ཁྲི་ལྡེ་གཙུག་བརྟན།
༩༠༽ དེར་ཀོང་ཇོའི་ཞབས་ཞུ་བ་དང་བག་རྫོངས་ཕུན་སུམ་ཚོགས་པ་དང་བཅས་ལོ་མཇུག་ལ་ལྷ་སར་འབྱོར་བར་ཐག་རིང་ཐུང་ཚང་མ་ནས་བསུ་བ་རྒྱ་ཆེར་བྱས་ནས་གཉེན་སྟོན་ཡང་ཉིན་དུ་མར་བྱས།
༩༡༽ དེ་རྗེས་གོང་མ་ཐང་ཞོན་ཙུང་གི་སྐབས་ནས་སླར་ཡང་ཐང་བོད་ས་མཚམས་སུ་ཟིང་ཆ་རབས་དང་རིམ་པ་བྱུང་ནས་ཐང་བོད་བར་ལ་འགལ་ཟླ་ཆེན་པོ་བྱུང༌།
༩༢༽ ཤིང་སྟག་(ཕྱི་ལོ་༧༡༤)ལོར་དམག་སྤྱི་ཆེན་མོ་འབོན་ད་རྒྱལ་དང༌། བློན་ཆེན་ཁྲི་གཟིགས་གཉིས་ཀྱིས་བོད་དམག་ཆིག་འབུམ་ལྷག་ཁྲིད་དེ་ལིན་ཐོ་དང༌། ལན་ཀྲིག ཝེ་ཀྲིག་སོགས་ལའང་དམག་དྲངས་ཏེ་བཅོམ།
༩༣༽ ཆུ་ཁྱི་(ཕྱི་ལོ་༧༢༢)ལོར་བོད་ཀྱི་ས་ཁུལ་སོ་སོའི་དཔལ་འབྱོར་གྱི་གནས་སྟངས་ལ་བསྐྱར་ཞིབ་དང༌། མི་གྲངས་ཞིབ་བཤེར་བྱས། བོད་རྒྱལ་ཁབ་ཀྱི་དཔལ་འབྱོར་ལམ་ལུགས་འཐུས་སྒོ་ཚང་བར་བྱས།
༩༤༽ མེ་ཡོས་(ཕྱི་ལོ་༧༢༧)ལོར། དམག་སྤྱི་སྟག་སྒྲ་ཁོང་ལོད་དང༌། འབྲོ་ལོང་མང་པོ་རྗེ་ཡིས་བཀྭའ་ཀྲིག་མཁར་ལ་བཙན་འཛུལ་བྱས། གོང་མས་བྱས་རྗེས་ཅན་ཞའོ་སུང་དམག་སྤྱིར་བསྐོས་ཏེ་འཐབ་ཏུ་བཏང༌།