ཁྲི་ལྡེ་གཙུག་བརྟན།
༥༥༽ ས་ཁྱི་(ཕྱི་ལོ་༦༩༨)ལོར། བློན་ཆེན་མགར་ཁྲི་འབྲིང་གིས་ཙོང་ཁའི་ཡུལ་དུ་དམག་དྲངས་ནས་རྒྱ་དང་འཐབ་ཅིང༌། རྒྱའི་དམག་སྤྱི་ཆེན་མོ་ཞིག་གསོན་བཟུང་བྱས།
༥༦༽ ས་ཕག་(ཕྱི་ལོ་༦༩༩)ལོར། བཙན་པོ་ཁྲི་འདུས་སྲོང་གིས་དངོས་སུ་དམག་སྣ་དྲངས་ཏེ་རྒྱ་དམག་རྣམས་མདོ་སྨད་ཀ་ཆུའུ་བར་དུ་བདས།
༥༧༽ ལྕགས་བྱི་(ཕྱི་ལོ་༧༠༠)ལོར། རྒྱའི་ཟོང་ཅུ་དང་ཐེའུ་ཅུ་གཉིས་ཀྱང་ཆམ་ལ་ཕབ་ནས་དབང་དུ་བཅུག
༥༨༽ བློན་ཆེན་ལོན་ཡོན་ཞེས་པས། མགར་གྱི་སྲས་རྣམས་ལ་ཕྲག་དོག་གིས་རྒྱལ་བློན་དབར་གཡོ་སྒྱུ་དང་ཕྲ་མ་བཅུག་པས་བཙན་པོ་ཐུགས་ཡིད་ཆེས་པར་གྱུར།
༥༩༽ བཙན་པོས་རི་དྭགས་རྔོན་པར་ཁ་གཡར་ནས་རྟ་དམག་ཧྲག་བསྡུས་ཀྱིས་ཁྲི་འབྲིང་གི་འཁོར་དམག་ཉིས་སྟོང་ལྷག་གཡོ་ཐབས་ཀྱིས་བཟུང་ནས་བསད།