ཁྲི་ལྡེ་གཙུག་བརྟན།
༤༥༽ (ཕྱི་ལོ་༦༨༥)ལོར་བློན་ཆེན་བཙན་སྙ་དང་མང་ཉེན་སྟག་ཙབ་བར་ལ་ནང་དམེ་བྱུང་ནས་བློན་བཙན་སྙ་བཀུམས།
༤༦༽ མེ་ཕག་(ཕྱི་ལོ་༦༨༧)ལོར། བློན་ཆེན་ཁྲི་འབྲིང་གིས་གཅེན་བཙན་སྙའི་སྐུ་ཚབ་བྱས་ནས་གྲུ་གུར་དམག་སྲིད་བཟུང་སྟེ་རྒྱལ་མཚམས་བསྲུངས།
༤༧༽ སྐབས་འདི་དག་ལ། ནང་གི་རྒྱལ་ཕྲན་འགས་ཟིང་ཆ་སློང་མགོ་བརྩམས་པས། མགར་བཙན་སྙའི་ཐུགས་ལ་མེས་སྲོང་བཙན་གྱིས་གཉེན་འབྲེལ་གྱི་ཐབས་ཀྱིས་རྒྱལ་ཁམས་ཞི་འཇགས་བཏང་བའི་ཐབས་ཚུལ་དེ་དྲན།
༤༨༽ བཙན་སྙས་བཙན་པོར་དེ་དོན་ཞུས་པས། ཁྲི་འདུས་སྲོང་གིས་ཀྱང་མོས་མཐུན་གནང་སྟེ། སྐུའི་གཅེན་མོ་གཉིས་སྐད་བཏང་ནས་དེ་དོན་རྒྱུ་མཚན་ཞིབ་ཏུ་བཤད།
༤༩༽ གཅེན་མོ་གཉིས་ཀྱང་དགུང་ལོ་ཆུང་མོད། བསམ་ཤེས་ཐུབ་ལ་སྤོབས་པ་མཐོ་བས་གཅེན་བཙན་པོའི་བཀའ་དང་ལེན་བྱས།