ཁྲི་རལ་པ་ཅན།
༦༥༽ བོད་འབངས་ཡོངས་སུ་དགེ་བཅུའི་ཁྲིམས་རྒྱ་ཆེར་སྤེལ་བའི་ཐོག ལྷག་པར་རབ་བྱུང་བ་ལ་བརྙས་བཅོས་དང་བརྩི་འཇོག་མ་གནང་ན་ཁྲིམས་ཆད་གཏོང་བ་སོགས་ཆོས་ཁྲིམས་ཧ་ཅང་དམ་པོ་གནང༌།
༦༦༽ བཙན་པོས་རབ་བྱུང་བར་མཐོང་ཆེན་གནང་ལུགས་དེ་དག་གིས། ཞི་དྲག་དཔོན་རིགས་གང་མང་ཞིག་ལ་ཕོག་ཐུག་དང༌། ཆོས་དད་མེད་མཁན་མང་པོ་ཞིག་མ་དགའ་བར་སྤྱི་ཚོགས་ཁྲོད་གླེང་སློང་ཇེ་མང་དུ་གྱུར།
༦༧༽ དེར་བློན་པོ་སྦས་སྟག་སྣ་ཅན་དང༌། ཅོག་རོ་ལྷ་ལོད། ལེགས་སྡུག་བཙན་སོགས་དཔོན་རིགས་ཁག་ཅིག་གིས་ཆོས་རྒྱལ་ལ་ངོ་རྒོལ་དང་ཆོས་དང་ཆོས་ཁྲིམས་གཏོར་བཅོམ་བྱ་བའི་གསང་གྲོས་གནང༌།
༦༨༽ སྦས་སྟག་སྣས། "ཐོག་མར་བཙན་པོ་མ་བཀྲོངས་ན་ཆོས་དང་ཆོས་ཁྲིམས་བཤིག་ཐབས་མེད།" ཅེས་བཤད།
༦༩༽ ལེགས་སྡུག་བཙན་གྱིས། “དུས་ད་ལྟ་བར་ཆོས་རྒྱལ་འགའ་ཞིག་བཀྲོངས་པ་རེད། འོན་ཀྱང་ཆོས་མེད་པ་བཟོ་རྒྱུ་ཕར་ཞོག ཆོས་ཁྲིམས་ཀྱང་རྩ་གཏོར་གཏོང་ཐུབ་མེད།” ཅེས་བཤད།