སྟག་རི་གཉན་གཟིགས།
༥༽ དེ་ནས་ཁོང་གཉིས་བྱ་ཐབས་བྲལ་ཏེ། བོད་ཀྱི་རྒྱལ་ས་ཡར་ཀླུང་དུ་ཕེབས། དེར་བཙན་པོ་མཇལ་བར་བརྩམས་ཀྱང་བཙན་པོའི་སྐུ་བོན་སོགས་ལ་འཚེར་ཏེ། རིམ་གྱིས་བཙན་པོ་དང་འདྲིས་པའི་མི་ཞིག་བརྒྱུད་ནས་མཇལ་ཁ་ཞུས།
༦༽ སྐབས་དེར་བོད་དུ་བོན་ཆོས་ཤུགས་ཆེ་བས་བཙན་པོ་ཕྱི་མིར་མངོན་སུམ་དུ་མཇལ་ན་ཆབ་འབངས་ཁྲོད་གླེང་སློང་མི་ལེགས་པ་ཡོང་བར་དགོངས་ཏེ། བཙན་པོས་ལོ་པཎ་རྣམ་གཉིས་ལ་གསང་སྟབས་ཀྱིས་མཇལ་ཁ་གནང༌།
༧༽ ལོ་པཎ་རྣམ་གཉིས་ཀྱིས་བཙན་པོར་སྤང་སྐོང་ཕྱག་བརྒྱ་བ་དང་མདོ་ཟ་མ་ཏོག་གི་གླེགས་བམ་གཉིས་དང༌། གསེར་གྱི་མཆོད་རྟེན་ཞིག མུ་ཏྲའི་ཕྱག་རྒྱ། ཙིན་ཏ་མ་ཎིའི་བརྐོས་ཕོར་བཅས་རྣམས་ཆོས་ཀྱི་ལེགས་སྐྱེས་སུ་ཕུལ།
༨༽ བཙན་པོས་ལོ་པཎ་གཉིས་ལ་ཆོས་དང་འཇིག་རྟེན་སྐོར་གྱི་དྲི་བ་དྲིས་ལན་མང་དུ་མཛད་ཅིང༌། དམ་པའི་ཆོས་ཀྱི་གསུང་གླེང་ཞིབ་ཏུ་ཞུས་པས། བཙན་པོ་ནང་པའི་ཆོས་ལ་ཐུགས་ཡིད་འཕྲོགས་ནས་དད་པར་གྱུར།
༩༽ སྐབས་དེར་བློན་འབངས་ཚང་མ་བོན་ལ་དད་ཞེན་ཆེ་བས། བཙན་པོས་ནང་ཆོས་མཛད་ན་བློན་འབངས་རྣམས་ཀྱི་ཡིད་ངོར་ཤོང་དཀའ། ལྷག་པར་དུ་བོད་ལ་ཡི་གེ་མེད་པས་ནང་ཆོས་བསྒྱུར་དཀའ་བ་བཅས་ལ་བརྟེན། ལོ་པཎ་གཉིས་ཕྱིར་ལོག་མི་གནང་ཐབས་མེད་བྱུང༌།