གཉའ་ཁྲི་བཙན་པོ།
༣༥༽ ང་ལ་ལྷ་འདྲེ་མི་གསུམ་གྱི་མཐུ་རྩལ་ཚང་མ་ཡོད་ཅེས། རང་གི་སྤྱི་གཙུག་ནས་རྨུ་ཐག་འོད་ཡུག་ཡུག་ཅིག་གནམ་ལ་སྤྲོས་པ་དང་མཉམ་དུ་ཕྱག་གཉིས་ཀྱིས་སེ་བོན་དང་རྨ་བོན་གཉིས་ཀྱི་རལ་བ་ནས་བཟུང་སྟེ་གནམ་ལ་འདོམ་འགའ་འཕགས་ཏེ་བཞུགས།
༣༦༽ མཐུ་དང་རྫུ་འཕྲུལ་དེ་འདྲ་མཐོང་བས། བོན་པོ་རྣམས་ཀྱིས། ཨ་ལ་ལ། མཐུ་ཆེན་རེད། མཐུ་ཆེན་རེད། ཅེས་ཚང་མ་ཧང་སངས།
༣༧༽ ལྷ་བོ་དང་ལྷ་སྲས་གཉིས་ཀྱིས། ལྷ་རྒྱལ་ལོ་ཞེས་བསང་མཆོད་འབུལ་བཞིན། ང་ཚོར་ལྷ་ཡིས་རྒྱལ་པོ་གནང་བྱུང༌། ཁོང་ནི་གནམ་གྱི་ལྷ་རེད། ཅེས་གུས་ཕྱག་ཕུལ་བས། ཚེ་མི་བོན་དང་ཞང་ཞུང་བོན། ཅོག་ལ་བོན་སོགས་ཚང་མས། ལྷ་རྒྱལ་ལོ་ཞེས་གུས་ཕྱག་ཕུལ།
༣༨༽ དེར་ཨུ་བེ་ར་ཐོག་མར་ཁོང་ཚོ་སྡོད་སའི་འབྲོང་དང་སྟག་གཟིག་གི་པགས་པའི་སྦྲ་གུར་ནང་དུ་གདན་དྲངས་ཤིང༌། བསྙེན་བཀུར་ཕུན་སུམ་ཚོགས་པ་བྱས།
༣༩༽ དེ་ནས་ཤིང་གི་ཁྲི་ཞིག་བཟོས་ནས་གཉའ་བར་ཁུར་ཏེ་ཡར་ཀླུང་ཚོ་བར་སོང་ནས། ང་ཚོར་གནམ་ལྷའི་རྒྱལ་པོ་ཞིག་རྙེད་བྱུང་ཞེས་བསྟན་པས་མཇལ་མཁན་ཚང་མ་ཡ་མཚར་དང་དགའ་དད་སྐྱེས། སྟག་ལྤགས་ཀྱི་རྒྱལ་ཁྲིར་མངའ་གསོལ་ནས་དགའ་སྟོན་བྱས།