གཉའ་ཁྲི་བཙན་པོ།
༥༽ དུས་ནམ་ཞིག སྤྲེའུའི་གཙོ་བོ་དེ་དང་བྲག་སྲིན་མོ་གཉིས་ཕན་ཚུན་ཆགས་ཏེ། ཡུལ་ཡར་ཀླུང་རྩེད་ཐང་དུ་ལྷན་ཅིག་སྤྱོད་པས། དེའི་རིགས་རྒྱུད་དུ་སྤྲེའུ་མ་སྲིན་གྱི་རིགས་མང་པོ་བྱུང་བ་རྗེས་སུ་རིམ་པས་མིའི་རིགས་སུ་གྱུར་ཏེ་བོད་མིའི་ཕ་མེས་སུ་གྱུར།
༦༽ སྤྲེའུ་ཕྲུག་དེ་ཚོའི་ཁོངས། ཁ་ཅིག་ཕྲུ་གུ་གདོང་དམར་བ་སྤྲེའུ་དང་འདྲ་ཡང་རྐང་པ་ལེབ་མོ་དང་མཇུག་མ་མེད་པ། སྤུ་ཉུང་བ་དང༌། ཁ་ཅིག་གདོང་ནག་པ་བྲག་སྲིན་མོ་དང་འདྲ་ཡང་སྡེར་མོ་མེད་པ་སྟེ། གཤིས་སྤྱོད་འདྲ་མིན་སྣ་ཚོགས་ཅན་མང་དུ་བྱུང༌།
༧༽ ཕ་མ་གཉིས་ལངས་ནས་འགྲོ་ཞིང་ལྷག་པར་སྤྲེའུས་ལག་པས་ལས་ཀ་མང་བོ་བྱེད་ཤེས་པས་དེ་དག་ཀྱང་འགྲེངས་ནས་འགྲོ་ཞིང་ལག་པ་བདེ་བ། བློ་རིག་ལྡན་པ། མཐུ་རྩལ་དང་གཏུམ་དྲག་ཆེ་བ། ཚང་མས་ཤིང་ཏོག་ཟ་ཞིང་ཤ་ཁྲག་ལའང་སྤྱོད།
༨༽ རིམ་པས་ཕྲུ་གུ་དེ་དག་ཆེན་པོ་ཆགས་ནས་ནང་ཕན་ཚུན་ལ་འདོད་པ་སྤྱད་པས་དེ་བས་ཀྱང་རིག་པ་རྣོ་ཞིང་ལག་རྩལ་མཁས་པར་གྱུར་ཅིང༌། རིགས་རྒྱུད་མང་དུ་འཕེལ་ནས་རིམ་པས་ནགས་ཚལ་གཞན་གྱི་སྤྲེའུ་རྣམས་ཀྱི་ས་ཆར་ཡང་བཙན་འཛུལ་བྱས།
༩༽ ལོ་སྟོང་ཕྲག་མང་པོར་ངལ་རྩོལ་གྱིས་འཚོ་བ་བསྐྱེལ་བས་རིམ་བཞིན་འགྲོ་བ་མི་ཞེས་པའི་ཤ་ཚུགས་ཅན་དུ་གྱུར། ལག་བརྡ་དང་སྐད་ཆ་རྡབ་རྡིབ་མང་པོ་བཤད་ཤེས་པ་དང༌། གོས་སུ་ལོ་མ་གྱོན་ཞིང་རྩི་ཤིང་གི་སྤྱིལ་བུ་བཟོ་ཤེས་པར་གྱུར།