གཉའ་ཁྲི་བཙན་པོ།
༦༠༽ བོན་གཤེན་ཚོས་ཁ་ཆེ་རྒྱལ་པོར། གྲི་གུམ་བཙན་པོའི་ཁོག་ལ་གདོན་འདྲེ་ཞུགས་ཡོད་ཚུལ་དང༌། ཁོས་མི་རིང་བར་ཁ་ཆེའི་ཡུལ་ལའང་དམག་འཁྲུག་རྒྱག་རྩིས་བྱེད་ཀྱིན་ཡོད་ཚུལ་སོགས་སྒྲོ་འདོགས་སྣ་ཚོགས་ཞུས།
༦༡༽ དེར་ཁ་ཆེ་རྒྱལ་པོའང་རིམ་གྱིས་ཡིད་ཆེས་ཤིང་གྲི་གུམ་བཙན་པོར་སྡང་སེམས་སྐྱེས་ཏེ། ལོ་ངམ་དང་བོན་པོ་ཚོའི་རྒྱབ་རྩར་ལངས་རྒྱུ་ཞལ་བཞེས་གནང༌།
༦༢༽ གནས་ཚུལ་དེ་གྲི་གུམ་བཙན་པོས་མཁྱེན་ནས། ཐུགས་ཁྲོས་ཏེ་ཁ་ཆེའི་ཡུལ་དུ་དམག་དྲངས། དམག་འཐབ་དྲག་པོ་བྱས་ནས་ཁ་ཆེ་ཕམ་པར་བྱས།
༦༣༽ བཙན་པོས་དེ་དག་གི་རྩ་བ་ལོ་ངམ་ལ་ཐུག་པ་ཤེས་འཕྲལ་རབ་ཏུ་ཁྲོས་ཤིང༌། ལོ་ངམ་རྩ་མེད་མ་བཏང་ན་མི་འགྲིགས་པར་དགོངས་ཏེ། སླར་ཡང་ལོ་ངམ་ལ་དུས་བཏབ་སྟེ་འཐབ་རྒྱུའི་བརྡ་བཏང༌།
༦༤༽ ལོ་ངམ་གྱིས་བཙན་པོར་འགྲན་མི་ནུས་པ་ཤེས་ནས། གཡོ་ཐབས་ཀྱིས། བཙན་པོ་ལ། ངེད་གཉིས་རྒྱལ་བློན་གྱི་ཁྱད་ཡོད་པས། ཐོག་མར་ངས་ཁྱོད་ལ་དགའ་སྟོན་རྟེན་འབྲེལ་གྱི་བསུ་བ་ཞིག་བྱེད། དེ་རྗེས་གང་གསུང་བཀའ་བཞིན་བརྩི་ཆོག ཅེས་པའི་ཞུ་ཡིག་ཕུལ།