གཉའ་ཁྲི་བཙན་པོ།
༤༥༽ བཙན་པོའི་སྐུ་དབང་མངའ་ཐང་སྔར་ལས་རྒྱས་པར་བརྟེན། ཡུལ་ཁམས་ཚུལ་བཞིན་སྐྱོང་སླད་རྒྱལ་ཁྲིམས་དང་ལས་ཀའི་སྒྲིག་གཞི་མང་པོ་གཏན་ལ་ཕབ།
༤༦༽ དེ་ནས་བཟུང་གནམ་གྱི་ཁྲི་བདུན་ཞེས་པའི་བཙན་པོ་རིམ་བྱོན་གྱི་སྐུ་རིང་ལ། སྒྲུང་ལྡེའུ་བོན་གསུམ་གྱིས་རྒྱལ་སྲིད་དར་རྒྱས་དང་སྲ་བརྟན་གྱི་རྨང་གཞི་བཏིང་ངོ༌། །
༤༧༽ བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་ནས་རིམ་བཞིན་བརྒྱུད་པའི་གནམ་གྱི་ཁྲི་བདུན་གྱི་མཐའ་མ་སྲིབ་ཁྲི་བཙན་པོ་དང༌། བཙུན་མོ་ས་བཙུན་རླུང་རྗེ་གཉིས་ལ་སྲས་གཅིག་འཁྲུངས་པས། བཙན་པོ་ཡབ་ཡུམ་གཉིས་ཤིན་ཏུ་དགྱེས་ཏེ་ལྷ་གསོལ་དང་དགའ་སྟོན་རྒྱ་ཆེར་བྱས།
༤༨༽ རྒྱས་སྲས་ལ་མཚན་གསོལ་བའི་ཕྱིར། ཨ་ཕྱི་གདགས་ལྷ་དཀར་མོ་ཞེས་པའི་བགྲེས་མོ་དགུང་ལོ་བརྒྱད་ཅུ་ཅན་ཞིག་ཡོད་པ་དེའི་དྲུང་དུ་བཅར་ཏེ་གསོལ་བ་ན།
༤༩༽ ཨ་ཕྱིས་ཡབ་ཡུམ་གཉིས་ལ། བཙན་པོའི་བླ་སྤང་དང་མ་དེ་མེས་མ་འཚིག་གམ། བླ་མཚོ་སྔོན་མོ་མ་སྐམས་སམ། བླ་བྲག་དཀར་པོ་མ་ཉིལ་ལམ། ཞེས་དྲིས་པའི་ལན་དུ་དེ་རྣམས་མ་ཉམས་སྨྲས།