གཉའ་ཁྲི་བཙན་པོ།
༡༽ ཆེས་སྔ་མོ་ཞིག་ལ། ང་ཚོའི་བོད་ཀྱི་ཡུལ་འདི་རྒྱ་མཚོ་ཆེན་པོས་ཁེངས་ཡོད་ཅིང༌། རི་བོ་ཇོ་མོ་གླང་མའང་རྒྱ་མཚོའི་འོག་གི་རི་ཆུང་ཞིག་ཡིན།
༢༽ ལོ་ས་ཡ་མང་པོ་སོང་བ་ན། རིམ་པས་ཡུལ་འདི་འབུར་དུ་ཐོན་ཞིང་མཚོ་ཆུ་ཕྱོགས་བཞིར་བཞུར། དེ་ནས་སྐབས་ཤིག་ཡུལ་འདིར་གནམ་གཤིས་ཚ་ཞིང༌། རྩི་ཤིང་དང་སྲོག་ཆགས་སྣ་ཚོགས་འཚོ་གནས་བྱེད་སའི་ལྟེ་གནས་ཤིག་ཆགས་པ་རེད།
༣༽ སྐབས་ཤིག ཡུལ་ཡར་ཀླུང་གི་བྲག་རི་ལ་གནས་ཤིང༌། ཟས་སུ་ཤ་ཁྲག་ལ་མོས་པ། གཏུམ་དྲག་ཆེ་ཞིང་དགྲ་འཐབ་ལ་དགའ་བ་བྲག་སྲིན་ཞེས་མི་དྲེད་འདྲ་བའི་རིགས་ཤིག་བྱུང༌། ཡར་ཀླུང་གི་ནགས་ཚལ་བདག་ཏུ་བཟུང་སྟེ་ཅི་དགར་འཚོ་བར་བྱེད།
༤༽ ཡར་ཀླུང་སྟོད་ཕྱོགས་ཀྱི་ནགས་ཚལ་སྟུག་པོའི་ཁྲོད་ཟས་སུ་ཤིང་ཏོག་རྩི་ཤིང་རིགས་ལ་བརྟེན་པའི་སྤྲེའུ་རིགས་ཤིན་ཏུ་མང་ཞིང༌། དེའི་ཁྲོད་སྤྲེའུ་བློ་རིག་ལྡན་ཞིང་སྤྱོད་པ་དུལ་བ། ཀུན་ལ་བྱམས་པ་ཞིག་བྱུང་བ་སྤྲེའུ་ཀུན་གྱིས་གཙོ་བོར་གྱུར།