ཁྲི་ལྡེ་གཙུག་བརྟན།
༨༠༽ བོད་ཀྱི་ཕོ་ཉས། འབྱུང་འགྱུར་བོད་ཐང་གཉིས་མེས་པོ་སྲོང་བཙན་དང་ཐང་ཐེ་ཙུང་སྐབས་ལྟར་གཉེན་འབྲེལ་གྱི་མཛའ་མཐུན་ལམ་སྲོལ་བསྐྱར་གསོ་གནང་ན་ལེགས་ཚུལ་ཞུས།
༨༡༽ གོང་མ་ཡང་ཐུགས་མཉེས་ཏེ། “དེ་ཧ་ཅང་ལེགས། འོན་ཀྱང་ངེད་རང་ཉིད་ལ་སྲས་མོ་མེད། ཁྱོད་ཚོའི་རྒྱལ་སྲས་དགུང་ལོ་ག་ཚོད་ཡིན་ནམ།” ཞེས་བཀའ་འདྲི་གནང༌།
༨༢༽ བློན་པོས། “དེར་སྐྱོན་མི་འདུག གོང་མའི་གཉེན་ཚན་ཞིག་སྲས་མོར་བསྐོས་ནས་བརྫངས་ཀྱང་འགྲིགས། ང་ཚོའི་རྒྱལ་སྲས་ལོ་བཞི་ལྔའི་རྗེས་ནས་གསར་བུ་ཞིག་ཏུ་བརྩི་ཆོག” ཅེས་སྨྲས།
༨༣༽ འཁྱུག་ཙམ་ལ་ལོ་བཞི་འདས། ས་བྱ་(ཕྱི་ལོ་༧༠༩)ལོའི་ཟླ་བཅུ་གཅིག་པར་བློན་ཆེན་ཞང་བཙན་ཏོ་སོགས་འཁོར་དམག་བརྒྱ་ཕྲག་དང་བཅས་ཀོང་ཇོ་བསུ་བར་ཐང་གི་རྒྱལ་ས་ཁྲང་ཨན་དུ་ཆས།
༨༤༽ དེར་གོང་མ་ཀྲུང་ཙུང་གིས་ལྕགས་ཁྱི་(ཕྱི་ལོ་༧༡༠)ལོ་གསར་དང་སྟབས་བསྟུན་བོད་ཀྱི་བློན་དམག་ཚོ་ཕོ་བྲང་གི་སྐྱེད་ཚལ་གྱི་སྤོ་ལོ་རྩེད་རར་གསོལ་སྟོན་བཤམས་ནས་དགའ་བསུ་སྣེ་ལེན་གཟབ་རྒྱས་གནང༌།