སྟག་རི་གཉན་གཟིགས།
༩༥༽ ཟུ་ཙེ་ཡིས་བཙན་པོའི་ནང་འཁོར་ཞིག་ལ་རྒྱུ་ནོམ་གྱིས་བསླུ་བྲིད་བྱས་ཏེ། རྒྱལ་པོའི་ཞལ་ཟས་ནང་དུག་འདྲེན་པའི་གཡོ་ཐབས་བཤམས།
༩༦༽ དེ་ལྟར་བཙན་པོ་གནམ་རི་སྲོང་བཙན་ཟས་དུག་གིས་སྐུ་གྲོངས་པས། ཟུ་ཙེའི་བཙན་པོའི་སྲིད་ཁྲིར་འཛེགས་རྒྱུའི་དམིགས་ཡུལ་གཉིས་པ་གྲུབ་པས། ཕྱི་ཚུལ་དུ་ཡིད་སྐྱོ་བའི་རྣམ་པ་སྟོན་པ་དང༌། ནང་སེམས་སུ་དགའ་མགུ་ཚད་མེད་སྐྱེས།