logo Home Page
  • བརྡ་སྤྲོད།
    • ཡི་གེ
    • ༓ དབྱངས།
    • ༓ གསལ་བྱེད།
    • ཚིག་ཕྲད།
    • ༓ ཕྲད་གཞན་དབང་ཅན་རྣམ་དབྱེ་དང་བཅས་པ་བཤད་པ།
    • ༓ ཕྲད་རང་དབང་ཅན།
  • རྩ་ཚིག
    • ལེགས་བཤད་ལྗོན་དབང་།
    • དཀའ་གནད་གསལ་བའི་མེ་ལོང་།
    • བྱིས་པ་དག་ཡིག
    • སུམ་ཅུ་པའི་རྩ་བ།
    • རྟགས་ཀྱི་འཇུག་པའི་རྩ་བ།
    • ཆུའི་བསྟན་བཅོས་ཀྱི་རྩ་བ།
    • ཤིང་གི་བསྟན་བཅོས་ཀྱི་རྩ་བ།
    • བསྡུས་གྲྭའི་སྡོམ་ཚིག
    • དགེ་ལྡན་ལེགས་བཤད།
    • བཤེས་སྤྲིངས་ཀྱི་རྩ་བ།
    • ས་སྐྱ་ལེགས་བཤད་ཀྱི་རྩ་བ།
  • དྲི་བ་དྲི་ལན།
    • བོད་ཀྱི་ལོ་རྒྱུས་དྲི་བ་དྲི་ལན།
    • སྐུ་ཕྲེང་རིམ་བྱོན་དྲི་བ་དྲི་ལན།
    • དཀའ་གནད་དྲི་བ་དྲི་ལན།
    • སྙན་ངག་སྤྱི་དོན་དྲི་བ་དྲི་ལན།
    • དེབ་ཐེར་དཀར་པོ་དྲི་བ་དྲི་ལན།
    • ཆོས་འབྱུང་ཀུན་བཏུས།
  • ནང་ཆོས།
    • སྐྱབས་འགྲོ
    • སྒྲོལ་མ་ཉེར་གཅིག
    • ལས་འབྲས།
    • ལྷ་དང་ཡི་དམ།
    • བློ་སྦྱོང་ཚིགས་བརྒྱད་མ།
    • མཎི་ཡིག་དྲུག
    • ཡ་རབས་སྤྱོད་བཟང་སྐོར།
    • ནང་ཆོས་སྤྱི་དང་ཕྱག་མཆོད་སྐོར།
    • བདེན་པ་གཉིས་ངོ་སྤྲོད།
    • བདེན་པ་བཞི་ངོ་སྤྲོད།
  • དུས་ཆེན།
    • བཅོ་ལྔ་མཆོད་པ།
    • གསུམ་བཅུའི་དུས་དྲན།
    • ས་ག་ཟླ་བ།
    • འཁྲུངས་སྐར་དུས་ཆེན།
    • མང་གཙོ་དུས་ཆེན།
    • ལྷ་བབས་དུས་ཆེན།
    • ངན་པ་དགུ་འཛོམས་དང་བཟང་པོ་
    • ཆོས་འཁོར་དུས་ཆེན།
    • འཛམ་གླིང་སྤྱི་བཟང་།
    • བོད་ཀྱི་ལོ་གསར།
  • སྤྱིར་བཏང་ཤེས་བྱ།
    • པཎ་སྒྲུབ་བཅུ་བདུན།
    • མཚན་སྔགས།
    • ཞེ་སའི་ཚིག་མཛོད།
    • གཏམ་དཔེ།
    • དར་ལྕོག
    • རི་དྭགས་ཆོས་འཁོར།
    • རླུང་རྟ།
    • རྒྱལ་སྲིད་སྣ་བདུན།
    • སྲིད་པའི་འཁོར་ལོ།
    • བཀྲ་ཤིས་རྟགས་བརྒྱད།
    • བཀྲ་ཤིས་རྫས་བརྒྱད།

བཤེས་སྤྲིངས་ཀྱི་རྩ་བ།

སེམས་བསྲུང་ཞིང་དབང་པོའི་སྒོ་སྡོམ་པ། < >

༸གོང་ས་མཆོག               ཟམ་གདོང་རིན་པོ་ཆེ།           དགེ་བཤེས་སྙན་གྲགས།

གཡོ་བའི་སེམས་ནི་ཐོས་མཚུངས་བུ་ལྟ་བུར།།
གཏེར་བཞིན་སྲོག་དང་འདྲ་བར་བསྲུང་བགྱི་སྟེ།།
གདུག་པ་དུག་དང་མཚོན་དང་དགྲ་བོ་དང༌།།
མེ་བཞིན་འདོད་པའི་བདེ་ལ་ཡིད་འབྱུང་མཛོད།༢༢།

༸གོང་ས་མཆོག               ཟམ་གདོང་རིན་པོ་ཆེ།           དགེ་བཤེས་སྙན་གྲགས།

འདོད་པ་རྣམས་ནི་ཕུང་བ་བསྐྱེད་པ་སྟེ།།
རྒྱལ་བའི་དབང་པོས་ཀིམ་པའི་འབྲས་འདྲར་གསུངས།།
དེ་དག་སྤང་བགྱི་དེ་ཡི་ལྕགས་སྒྲོག་གིས།།
འཁོར་བའི་བཙོན་རྭར་འཇིག་རྟེན་འདི་དག་བཅིངས།༢༣།

༸གོང་ས་མཆོག               ཟམ་གདོང་རིན་པོ་ཆེ།           དགེ་བཤེས་སྙན་གྲགས།

གང་དག་དབང་པོ་དྲུག་ཡུལ་རྣམས་ལ་ནི།།
རྟག་ཏུ་མི་བརྟན་གཡོ་དང་གང་དག་ཅིག།།
གཡུལ་ངོར་དགྲ་ཚོགས་ལས་རྒྱལ་དེ་དག་ལས།།
མཁས་རྣཾས་དང་པོ་དཔའ་རབ་ལགས་པར་འཚལ།༢༤།

༸གོང་ས་མཆོག               ཟམ་གདོང་རིན་པོ་ཆེ།           དགེ་བཤེས་སྙན་གྲགས།

བུད་མེད་གཞོན་ནུའི་ལུས་ནི་ལོགས་ཤིག་ཏུ།།
དྲི་ང་བ་དང་སྒོ་དགུ་དོད་པ་དང༌།།
མི་གཙང་ཀུན་སྣོད་འདྲ་བ་དགང་དཀའ་དང༌།།
པགས་པས་གཡོགས་པར་རྒྱན་ཡང་ལོགས་ཤིག་གཟིགས།༢༥།

༸གོང་ས་མཆོག               ཟམ་གདོང་རིན་པོ་ཆེ།           དགེ་བཤེས་སྙན་གྲགས།

ཇི་ལྟར་མཛེ་ཅན་སྲིན་བུས་ཉེན་པ་ནི།།
བདེ་བའི་དོན་དུ་མེ་ལ་ཀུན་བརྟེན་ཀྱང༌།།
ཞི་བར་མི་འགྱུར་དེ་དང་འདྲ་བར་ནི།།
འདོད་པ་རྣམས་ལ་ཆགས་པའང་མཁྱེན་པར་མཛོད།༢༦།

༸གོང་ས་མཆོག               ཟམ་གདོང་རིན་པོ་ཆེ།           དགེ་བཤེས་སྙན་གྲགས།

དོན་དམ་གཟིགས་པར་བགྱི་སླད་དངོས་རྣམས་ལ།།
ཚུལ་བཞིན་ཡིད་ལ་བགྱིད་པ་དེ་གོམས་མཛོད།།
དེ་དང་འདྲ་བར་ཡོན་ཏན་ལྡན་པ་ཡི།།
ཆོས་གཞན་འགའ་ཡང་མཆིས་པ་མ་ལགས་སོ།༢༧།

༸གོང་ས་མཆོག               ཟམ་གདོང་རིན་པོ་ཆེ།           དགེ་བཤེས་སྙན་གྲགས།

སྐྱེས་བུ་རིགས་གཟུགས་ཐོས་དང་ལྡན་རྣམས་ཀྱང༌།།
ཤེས་དང་ཚུལ་ཁྲིམས་བྲལ་བ་བཀུར་མ་ལགས།།
དེ་ལྟས་གང་ལ་ཡོན་ཏན་འདི་གཉིས་ལྡན།།
དེ་ནི་ཡོན་ཏན་གཞན་དང་བྲལ་ཡང་མཆོད།༢༨།

<<< རྩ་བ་ ༩་་་༢༡>>> རྩ་བ་ ༢༩་་་༣༧

Install Quicktime

  • For the audio files

རྒྱལ་རབས།

  • བོད་ཀྱི་རྒྱལ་པོ།
  • རྒྱལ་དར་འགྲེལ་བཤད།
  • བོད་ལྗོངས་ངོ་སྤྲོད།
  • བོད་རྒྱལ་ཁབ་ཀྱི་རྒྱལ་གླུ།

Copyright © 2010 Sambhota Tibetan Schools Society. Last updated on