logo Home Page
  • བརྡ་སྤྲོད།
    • ཡི་གེ
    • ༓ དབྱངས།
    • ༓ གསལ་བྱེད།
    • ཚིག་ཕྲད།
    • ༓ ཕྲད་གཞན་དབང་ཅན་རྣམ་དབྱེ་དང་བཅས་པ་བཤད་པ།
    • ༓ ཕྲད་རང་དབང་ཅན།
  • རྩ་ཚིག
    • ལེགས་བཤད་ལྗོན་དབང་།
    • དཀའ་གནད་གསལ་བའི་མེ་ལོང་།
    • བྱིས་པ་དག་ཡིག
    • སུམ་ཅུ་པའི་རྩ་བ།
    • རྟགས་ཀྱི་འཇུག་པའི་རྩ་བ།
    • ཆུའི་བསྟན་བཅོས་ཀྱི་རྩ་བ།
    • ཤིང་གི་བསྟན་བཅོས་ཀྱི་རྩ་བ།
    • བསྡུས་གྲྭའི་སྡོམ་ཚིག
    • དགེ་ལྡན་ལེགས་བཤད།
    • བཤེས་སྤྲིངས་ཀྱི་རྩ་བ།
    • ས་སྐྱ་ལེགས་བཤད་ཀྱི་རྩ་བ།
  • དྲི་བ་དྲི་ལན།
    • བོད་ཀྱི་ལོ་རྒྱུས་དྲི་བ་དྲི་ལན།
    • སྐུ་ཕྲེང་རིམ་བྱོན་དྲི་བ་དྲི་ལན།
    • དཀའ་གནད་དྲི་བ་དྲི་ལན།
    • སྙན་ངག་སྤྱི་དོན་དྲི་བ་དྲི་ལན།
    • དེབ་ཐེར་དཀར་པོ་དྲི་བ་དྲི་ལན།
    • ཆོས་འབྱུང་ཀུན་བཏུས།
  • ནང་ཆོས།
    • སྐྱབས་འགྲོ
    • སྒྲོལ་མ་ཉེར་གཅིག
    • ལས་འབྲས།
    • ལྷ་དང་ཡི་དམ།
    • བློ་སྦྱོང་ཚིགས་བརྒྱད་མ།
    • མཎི་ཡིག་དྲུག
    • ཡ་རབས་སྤྱོད་བཟང་སྐོར།
    • ནང་ཆོས་སྤྱི་དང་ཕྱག་མཆོད་སྐོར།
    • བདེན་པ་གཉིས་ངོ་སྤྲོད།
    • བདེན་པ་བཞི་ངོ་སྤྲོད།
  • དུས་ཆེན།
    • བཅོ་ལྔ་མཆོད་པ།
    • གསུམ་བཅུའི་དུས་དྲན།
    • ས་ག་ཟླ་བ།
    • འཁྲུངས་སྐར་དུས་ཆེན།
    • མང་གཙོ་དུས་ཆེན།
    • ལྷ་བབས་དུས་ཆེན།
    • ངན་པ་དགུ་འཛོམས་དང་བཟང་པོ་
    • ཆོས་འཁོར་དུས་ཆེན།
    • འཛམ་གླིང་སྤྱི་བཟང་།
    • བོད་ཀྱི་ལོ་གསར།
  • སྤྱིར་བཏང་ཤེས་བྱ།
    • པཎ་སྒྲུབ་བཅུ་བདུན།
    • མཚན་སྔགས།
    • ཞེ་སའི་ཚིག་མཛོད།
    • གཏམ་དཔེ།
    • དར་ལྕོག
    • རི་དྭགས་ཆོས་འཁོར།
    • རླུང་རྟ།
    • རྒྱལ་སྲིད་སྣ་བདུན།
    • སྲིད་པའི་འཁོར་ལོ།
    • བཀྲ་ཤིས་རྟགས་བརྒྱད།
    • བཀྲ་ཤིས་རྫས་བརྒྱད།

བཤེས་སྤྲིངས་ཀྱི་རྩ་བ།

ཁྱིམ་པ་ལ་གཙོ་ཆེར་གདམས་པ། < >

༸གོང་ས་མཆོག               ཟམ་གདོང་རིན་པོ་ཆེ།           དགེ་བཤེས་སྙན་གྲགས།

གང་ལ་ཕ་དང་མ་དག་མཆོད་པ་ཡི།།
རིགས་དེ་ཚངས་བཅས་སློབ་དཔོན་བཅས་པ་ལགས།།
དེ་དག་ལ་མཆོད་གྲགས་པར་འགྱུར་བ་དང༌།།
སླད་མ་ལ་ཡང་མཐོ་རིས་འགྱུར་བ་ལགས།༩།

༸གོང་ས་མཆོག               ཟམ་གདོང་རིན་པོ་ཆེ།           དགེ་བཤེས་སྙན་གྲགས།

འཚེ་དང་ཆོམ་རྐུན་འཁྲིག་པ་བརྫུན་དང་ནི།།
ཆང་དང་དུས་མིན་ཟས་ལ་ཆགས་པ་དང༌།།
མལ་སྟན་མཐོ་ལ་དགའ་དང་གླུ་དག་དང༌།།
གར་དང་འཕྲེང་བའི་ཁྱད་པར་རྣམས་སྤང་ཞིང༌།༡༠།
དགྲ་བཅོམ་ཚུལ་ཁྲིམས་རྗེས་སུ་བྱེད་པ་ཡི།།
ཡན་ལག་བརྒྱད་པོ་འདི་དག་དང་ལྡན་ན།།
གསོ་སྦྱོང་འདོད་སྤྱོད་ལྷ་ལུས་ཡིད་འོང་བ།།
སྐྱེས་པ་བུད་མེད་དག་ལ་སྩོལ་བར་བགྱིད།༡༡།

༸གོང་ས་མཆོག               ཟམ་གདོང་རིན་པོ་ཆེ།           དགེ་བཤེས་སྙན་གྲགས།

སེར་སྣ་གཡོ་སྒྱུ་ཆགས་དང་སྙོམ་ལས་དང༌།།
མངོན་པའི་ང་རྒྱལ་འདོད་ཆགས་ཞེ་སྡང་དང༌།།
རིགས་དང་གཟུགས་དང་ཐོས་པ་ལང་ཚོ་དང༌།།
དབང་ཐང་ཆེ་བས་རྒྱགས་པ་དགྲ་བཞིན་གཟིགས།༡༢།

༸གོང་ས་མཆོག               ཟམ་གདོང་རིན་པོ་ཆེ།           དགེ་བཤེས་སྙན་གྲགས།

བག་ཡོད་བདུད་རྩིའི་གནས་ཏེ་བག་མེད་པ།།
འཆི་བའི་གནས་སུ་ཐུབ་པས་བཀའ་སྩལ་ཏེ།།
དེ་བས་ཁྱོད་ཀྱིས་དགེ་ཆོས་སྤེལ་སླད་དུ།།
གུས་པས་རྟག་ཏུ་བག་དང་བཅས་པར་མཛོད།༡༣།

༸གོང་ས་མཆོག               ཟམ་གདོང་རིན་པོ་ཆེ།           དགེ་བཤེས་སྙན་གྲགས།

གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས།།
ཕྱི་ནས་བག་དང་ལྡན་པར་གྱུར་དེ་ཡང༌།།
ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ།།
དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན།༡༤།

༸གོང་ས་མཆོག               ཟམ་གདོང་རིན་པོ་ཆེ།           དགེ་བཤེས་སྙན་གྲགས།

འདི་ལྟར་བཟོད་མཚུངས་དཀའ་ཐུབ་མ་མཆིས་པས།།
ཁྱོད་ཀྱིས་ཁྲོ་བའི་གོ་སྐབས་དབྱེ་མི་བགྱི།།
ཁྲོ་བ་སྤངས་པས་ཕྱིར་མི་ལྡོག་པ་ཉིད།།
ཐོབ་པར་འགྱུར་བར་སངས་རྒྱས་ཞལ་གྱིས་བཞེས།༡༥།

༸གོང་ས་མཆོག               ཟམ་གདོང་རིན་པོ་ཆེ།           དགེ་བཤེས་སྙན་གྲགས།

བདག་ནི་འདིས་སྤྱོས་འདིས་བཏགས་ཕམ་པར་བྱས།།
འདི་ཡིས་བདག་ནོར་འཕྲོགས་པར་གྱུར་ཏོ་ཞེས།།
འཁོན་དུ་འཛིན་པས་འཁྲུག་ལོང་རྣམས་བསྐྱེད་དེ།།
འཁོན་འཛིན་རྣམ་སྤངས་བདེ་བར་གཉིད་ཀྱིས་ལོག༡༦།

༸གོང་ས་མཆོག               ཟམ་གདོང་རིན་པོ་ཆེ།           དགེ་བཤེས་སྙན་གྲགས།

སེམས་ནི་ཆུ་དང་ས་དང་རྡོ་བ་ལ།།
རི་མོ་བྲིས་པ་དེ་འདྲར་རིག་པར་བགྱི།།
དེའི་ནང་ཉོན་མོངས་ཅན་ལ་དང་པོ་ནི།།
མཆོག་སྟེ་ཆོས་འདོད་རྣམས་ལ་ཐ་མ་ལགས།༡༧།

༸གོང་ས་མཆོག               ཟམ་གདོང་རིན་པོ་ཆེ།           དགེ་བཤེས་སྙན་གྲགས།

རྒྱལ་བས་སྙིང་ལ་འབབ་དང་བདེན་པ་དང༌།།
ལོག་པར་སྨྲ་ལྡན་སྐྱེས་བུ་རྣམས་ཀྱི་ནི།།
སྦྲང་རྩི་མེ་ཏོག་མི་གཙང་ལྟ་བུའི་ཚིག།།
རྣམ་གསུམ་བཀའ་སྩལ་དེ་ལས་ཐ་མ་སྤོངས།༡༨།

༸གོང་ས་མཆོག               ཟམ་གདོང་རིན་པོ་ཆེ།           དགེ་བཤེས་སྙན་གྲགས།

སྣང་ནས་སྣང་བའི་མཐར་ཐུག་མུན་པ་ནས།།
མུན་པའི་མཐར་ཐུག་སྣང་ནས་མུན་མཐར་ཐུག།།
མུན་ནས་སྣང་བའི་མཐར་ཐུག་གང་ཟག་ནི།།
བཞི་སྟེ་དེ་དག་རྣམས་ཀྱི་དང་པོ་མཛོད།༡༩།

༸གོང་ས་མཆོག               ཟམ་གདོང་རིན་པོ་ཆེ།           དགེ་བཤེས་སྙན་གྲགས།

མི་ནི་ཨ་མྲའི་འབྲས་བཞིན་མ་སྨིན་ལ།།
སྨིན་པ་དང་འདྲ་སྨིན་ལ་མ་སྨིན་འདྲ།།
མ་སྨིན་མ་སྨིན་པར་སྣང་སྨིན་ལ་ནི།།
སྨིན་པར་སྣང་ཞེས་བགྱི་བ་འདྲར་རྟོགས་མཛོད།༢༠།

༸གོང་ས་མཆོག               ཟམ་གདོང་རིན་པོ་ཆེ།           དགེ་བཤེས་སྙན་གྲགས།

གཞན་གྱི་ཆུང་མ་མི་བལྟ་མཐོང་ན་ཡང༌།།
ན་ཚོད་མཐུན་པར་མ་དང་བུ་མོ་དང༌།།
སྲིང་མོའི་འདུ་ཤེས་བསྐྱེད་བགྱི་ཆགས་གྱུར་ན།།
མི་གཙང་ཉིད་དུ་ཡང་དག་བསམ་པར་བགྱི།༢༡།

<<< རྩ་བ་ ༨>>> རྩ་བ་ ༢༢་་་༢༨

Install Quicktime

  • For the audio files

རྒྱལ་རབས།

  • བོད་ཀྱི་རྒྱལ་པོ།
  • རྒྱལ་དར་འགྲེལ་བཤད།
  • བོད་ལྗོངས་ངོ་སྤྲོད།
  • བོད་རྒྱལ་ཁབ་ཀྱི་རྒྱལ་གླུ།

Copyright © 2010 Sambhota Tibetan Schools Society. Last updated on