logo Home Page
  • བརྡ་སྤྲོད།
    • ཡི་གེ
    • ༓ དབྱངས།
    • ༓ གསལ་བྱེད།
    • ཚིག་ཕྲད།
    • ༓ ཕྲད་གཞན་དབང་ཅན་རྣམ་དབྱེ་དང་བཅས་པ་བཤད་པ།
    • ༓ ཕྲད་རང་དབང་ཅན།
  • རྩ་ཚིག
    • ལེགས་བཤད་ལྗོན་དབང་།
    • དཀའ་གནད་གསལ་བའི་མེ་ལོང་།
    • བྱིས་པ་དག་ཡིག
    • སུམ་ཅུ་པའི་རྩ་བ།
    • རྟགས་ཀྱི་འཇུག་པའི་རྩ་བ།
    • ཆུའི་བསྟན་བཅོས་ཀྱི་རྩ་བ།
    • ཤིང་གི་བསྟན་བཅོས་ཀྱི་རྩ་བ།
    • བསྡུས་གྲྭའི་སྡོམ་ཚིག
    • དགེ་ལྡན་ལེགས་བཤད།
    • བཤེས་སྤྲིངས་ཀྱི་རྩ་བ།
    • ས་སྐྱ་ལེགས་བཤད་ཀྱི་རྩ་བ།
  • དྲི་བ་དྲི་ལན།
    • བོད་ཀྱི་ལོ་རྒྱུས་དྲི་བ་དྲི་ལན།
    • སྐུ་ཕྲེང་རིམ་བྱོན་དྲི་བ་དྲི་ལན།
    • དཀའ་གནད་དྲི་བ་དྲི་ལན།
    • སྙན་ངག་སྤྱི་དོན་དྲི་བ་དྲི་ལན།
    • དེབ་ཐེར་དཀར་པོ་དྲི་བ་དྲི་ལན།
    • ཆོས་འབྱུང་ཀུན་བཏུས།
  • ནང་ཆོས།
    • སྐྱབས་འགྲོ
    • སྒྲོལ་མ་ཉེར་གཅིག
    • ལས་འབྲས།
    • ལྷ་དང་ཡི་དམ།
    • བློ་སྦྱོང་ཚིགས་བརྒྱད་མ།
    • མཎི་ཡིག་དྲུག
    • ཡ་རབས་སྤྱོད་བཟང་སྐོར།
    • ནང་ཆོས་སྤྱི་དང་ཕྱག་མཆོད་སྐོར།
    • བདེན་པ་གཉིས་ངོ་སྤྲོད།
    • བདེན་པ་བཞི་ངོ་སྤྲོད།
  • དུས་ཆེན།
    • བཅོ་ལྔ་མཆོད་པ།
    • གསུམ་བཅུའི་དུས་དྲན།
    • ས་ག་ཟླ་བ།
    • འཁྲུངས་སྐར་དུས་ཆེན།
    • མང་གཙོ་དུས་ཆེན།
    • ལྷ་བབས་དུས་ཆེན།
    • ངན་པ་དགུ་འཛོམས་དང་བཟང་པོ་
    • ཆོས་འཁོར་དུས་ཆེན།
    • འཛམ་གླིང་སྤྱི་བཟང་།
    • བོད་ཀྱི་ལོ་གསར།
  • སྤྱིར་བཏང་ཤེས་བྱ།
    • པཎ་སྒྲུབ་བཅུ་བདུན།
    • མཚན་སྔགས།
    • ཞེ་སའི་ཚིག་མཛོད།
    • གཏམ་དཔེ།
    • དར་ལྕོག
    • རི་དྭགས་ཆོས་འཁོར།
    • རླུང་རྟ།
    • རྒྱལ་སྲིད་སྣ་བདུན།
    • སྲིད་པའི་འཁོར་ལོ།
    • བཀྲ་ཤིས་རྟགས་བརྒྱད།
    • བཀྲ་ཤིས་རྫས་བརྒྱད།

བཤེས་སྤྲིངས་ཀྱི་རྩ་བ།

འཁོར་བ་ལ་སྐྱོ་བ་སྒོམ་པར་གདམས་པ། < >

༸གོང་ས་མཆོག               ཟམ་གདོང་རིན་པོ་ཆེ།           དགེ་བཤེས་སྙན་གྲགས།

དེས་པ་འདོད་པས་ཕོངས་དང་འཆི་བ་དང༌།།
ན་དང་རྒ་སོགས་སྡུག་བསྔལ་དུ་མ་ཡི།།
འབྱུང་གནས་འཁོར་བ་ལ་ནི་སྐྱོ་མཛད་ཅིང༌།།
འདི་ཡི་ཉེས་པ་ཤས་ཀྱང་གསན་པར་མཛོད།༦༥།

༸གོང་ས་མཆོག               ཟམ་གདོང་རིན་པོ་ཆེ།           དགེ་བཤེས་སྙན་གྲགས།

ཕ་ནི་བུ་ཉིད་མ་ནི་ཆུང་མ་ཉིད།།
སྐྱེ་བོ་དགྲར་གྱུར་པ་དག་བཤེས་ཉིད་དང༌།།
བཟློག་པ་ཉིད་དུ་མཆི་བས་དེ་སླད་དུ།།
འཁོར་བ་དག་ན་ངེས་པ་འགའ་མ་མཆིས།༦༦།

༸གོང་ས་མཆོག               ཟམ་གདོང་རིན་པོ་ཆེ།           དགེ་བཤེས་སྙན་གྲགས།

རེ་རེའི་རྒྱ་མཚོ་བཞི་ལས་ལྷག་པ་ཡི།།
འོ་མ་འཐུངས་ཏེ་ད་དུང་སོ་སོ་ཡི།།
སྐྱེ་བོའི་རྗེས་སུ་འབྲང་བའི་འཁོར་བ་བས།།
དེ་བས་ཆེས་མང་ཉིད་ཅིག་བཏུང་འཚལ་ལོ།༦༧།

༸གོང་ས་མཆོག               ཟམ་གདོང་རིན་པོ་ཆེ།           དགེ་བཤེས་སྙན་གྲགས།

རེ་རེས་བདག་ཉིད་རུས་པའི་ཕུང་པོ་ནི།།
ལྷུན་པོ་མཉམ་པ་སྙེད་ཅིག་འདས་གྱུར་ཏེ།།
མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ།།
རིལ་བུར་བགྲངས་ཀྱང་ས་ཡིས་ལང་མི་འགྱུར།༦༨།

༸གོང་ས་མཆོག               ཟམ་གདོང་རིན་པོ་ཆེ།           དགེ་བཤེས་སྙན་གྲགས།

བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ནི།།
ལས་ཀྱི་དབང་གིས་ཕྱིར་ཡང་ས་སྟེང་ལྷུང༌།།
འཁོར་ལོས་བསྒྱུར་རྒྱལ་ཉིད་དུ་གྱུར་ནས་ཀྱང༌།།
འཁོར་བ་དག་ཏུ་ཡང་བྲན་ཉིད་དུ་འགྱུར།༦༩།

༸གོང་ས་མཆོག               ཟམ་གདོང་རིན་པོ་ཆེ།           དགེ་བཤེས་སྙན་གྲགས།

མཐོ་རིས་བུ་མོའི་ནུ་མ་སྐེད་པ་ལ།།
རེག་པའི་བདེ་བ་ཡུན་རིང་མྱོང་ནས་སླར།།
དམྱལ་བར་འཐག་གཅོད་དབང་བའི་འཁྲུལ་འཁོར་གྱི།།
རེག་པ་ཤིན་ཏུ་མི་བཟད་བསྟེན་འཚལ་ལོ།༧༠།

༸གོང་ས་མཆོག               ཟམ་གདོང་རིན་པོ་ཆེ།           དགེ་བཤེས་སྙན་གྲགས།

རྐང་པའི་རེག་པས་ནེམས་པར་བདེ་བཟོད་པ།།
ལྷུན་པོའི་སྤོ་ལ་ཡུན་རིང་གནས་ནས་ནི།།
སླར་ཡང་མེ་མུར་རོ་མྱགས་རྒྱུ་བ་ཡི།།
སྡུག་བསྔལ་མི་བཟད་འཕོག་སྙམ་བགྱིད་འཚལ་ལོ།༧༡།

༸གོང་ས་མཆོག               ཟམ་གདོང་རིན་པོ་ཆེ།           དགེ་བཤེས་སྙན་གྲགས།

མཐོ་རིས་བུ་མོས་འབྲོངས་ཤིང་དགའ་བ་དང༌།།
རྣམ་པར་མཛེས་ཚལ་སོན་པར་རྩེས་ནས་སླར།།
འདབ་མ་རལ་གྲི་འདྲ་ཚལ་གནས་རྣམས་ཀྱིས།།
རྐང་ལག་རྣ་བ་སྣ་གཅོད་འཐོབ་པར་འགྱུར།༧༢།

༸གོང་ས་མཆོག               ཟམ་གདོང་རིན་པོ་ཆེ།           དགེ་བཤེས་སྙན་གྲགས།

དལ་གྱིས་འབབ་པར་ལྷ་ཡི་བུ་མོ་ནི།།
གདོང་མཛེས་གསེར་གྱི་པདྨར་ལྡན་ཞུགས་ནས།།
སླར་ཡང་དམྱལ་བར་ཆུ་བོ་རབ་མེད་པ།།
ཚྭ་རྒོ་བཟོད་གླགས་ཆུ་ཚན་འཇུག་འཚལ་ལོ།༧༣།

༸གོང་ས་མཆོག               ཟམ་གདོང་རིན་པོ་ཆེ།           དགེ་བཤེས་སྙན་གྲགས།

ལྷ་ཡུལ་འདོད་བདེ་ཤིན་ཏུ་ཆེན་པོ་དང༌།།
ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར།།
མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡི།།
སྡུག་བསྔལ་རྒྱུན་མི་འཆད་པ་བསྟེན་འཚལ་ལོ།༧༤།

༸གོང་ས་མཆོག               ཟམ་གདོང་རིན་པོ་ཆེ།           དགེ་བཤེས་སྙན་གྲགས།

ཉི་མ་ཟླ་བ་ཉིད་ཐོབ་རང་ལུས་ཀྱི།།
འོད་ཀྱིས་འཇིག་རྟེན་མཐའ་དག་སྣང་བྱས་ཏེ།།
སླར་ཡང་མུན་ནག་སྨག་ཏུ་ཕྱིན་གྱུར་ནས།།
རང་གི་ལག་པ་བརྐྱངས་པའང་མི་མཐོང་འགྱུར།༧༥།

༸གོང་ས་མཆོག               ཟམ་གདོང་རིན་པོ་ཆེ།           དགེ་བཤེས་སྙན་གྲགས།

དེ་ལྟར་ནོངས་པར་འགྱུར་འཚལ་བསོད་ནམས་ནི།།
རྣམ་གསུམ་མར་མེའི་སྣང་བ་རབ་བཞེས་ཤིག །
གཅིག་པུ་ཉི་མ་ཟླ་བས་མི་བརྗི་བའི།།
མུན་ནག་མཐའ་ཡས་ནང་དུ་འཇུག་འཚལ་ལོ།༧༦།

<<< རྩ་བ་ ༦༣་་་༦༤>>> རྩ་བ་ ༧༧་་་༨༣

Install Quicktime

  • For the audio files

རྒྱལ་རབས།

  • བོད་ཀྱི་རྒྱལ་པོ།
  • རྒྱལ་དར་འགྲེལ་བཤད།
  • བོད་ལྗོངས་ངོ་སྤྲོད།
  • བོད་རྒྱལ་ཁབ་ཀྱི་རྒྱལ་གླུ།

Copyright © 2010 Sambhota Tibetan Schools Society. Last updated on