logo Home Page
  • བརྡ་སྤྲོད།
    • ཡི་གེ
    • ༓ དབྱངས།
    • ༓ གསལ་བྱེད།
    • ཚིག་ཕྲད།
    • ༓ ཕྲད་གཞན་དབང་ཅན་རྣམ་དབྱེ་དང་བཅས་པ་བཤད་པ།
    • ༓ ཕྲད་རང་དབང་ཅན།
  • རྩ་ཚིག
    • ལེགས་བཤད་ལྗོན་དབང་།
    • དཀའ་གནད་གསལ་བའི་མེ་ལོང་།
    • བྱིས་པ་དག་ཡིག
    • སུམ་ཅུ་པའི་རྩ་བ།
    • རྟགས་ཀྱི་འཇུག་པའི་རྩ་བ།
    • ཆུའི་བསྟན་བཅོས་ཀྱི་རྩ་བ།
    • ཤིང་གི་བསྟན་བཅོས་ཀྱི་རྩ་བ།
    • བསྡུས་གྲྭའི་སྡོམ་ཚིག
    • དགེ་ལྡན་ལེགས་བཤད།
    • བཤེས་སྤྲིངས་ཀྱི་རྩ་བ།
    • ས་སྐྱ་ལེགས་བཤད་ཀྱི་རྩ་བ།
  • དྲི་བ་དྲི་ལན།
    • བོད་ཀྱི་ལོ་རྒྱུས་དྲི་བ་དྲི་ལན།
    • སྐུ་ཕྲེང་རིམ་བྱོན་དྲི་བ་དྲི་ལན།
    • དཀའ་གནད་དྲི་བ་དྲི་ལན།
    • སྙན་ངག་སྤྱི་དོན་དྲི་བ་དྲི་ལན།
    • དེབ་ཐེར་དཀར་པོ་དྲི་བ་དྲི་ལན།
    • ཆོས་འབྱུང་ཀུན་བཏུས།
  • ནང་ཆོས།
    • སྐྱབས་འགྲོ
    • སྒྲོལ་མ་ཉེར་གཅིག
    • ལས་འབྲས།
    • ལྷ་དང་ཡི་དམ།
    • བློ་སྦྱོང་ཚིགས་བརྒྱད་མ།
    • མཎི་ཡིག་དྲུག
    • ཡ་རབས་སྤྱོད་བཟང་སྐོར།
    • ནང་ཆོས་སྤྱི་དང་ཕྱག་མཆོད་སྐོར།
    • བདེན་པ་གཉིས་ངོ་སྤྲོད།
    • བདེན་པ་བཞི་ངོ་སྤྲོད།
  • དུས་ཆེན།
    • བཅོ་ལྔ་མཆོད་པ།
    • གསུམ་བཅུའི་དུས་དྲན།
    • ས་ག་ཟླ་བ།
    • འཁྲུངས་སྐར་དུས་ཆེན།
    • མང་གཙོ་དུས་ཆེན།
    • ལྷ་བབས་དུས་ཆེན།
    • ངན་པ་དགུ་འཛོམས་དང་བཟང་པོ་
    • ཆོས་འཁོར་དུས་ཆེན།
    • འཛམ་གླིང་སྤྱི་བཟང་།
    • བོད་ཀྱི་ལོ་གསར།
  • སྤྱིར་བཏང་ཤེས་བྱ།
    • པཎ་སྒྲུབ་བཅུ་བདུན།
    • མཚན་སྔགས།
    • ཞེ་སའི་ཚིག་མཛོད།
    • གཏམ་དཔེ།
    • དར་ལྕོག
    • རི་དྭགས་ཆོས་འཁོར།
    • རླུང་རྟ།
    • རྒྱལ་སྲིད་སྣ་བདུན།
    • སྲིད་པའི་འཁོར་ལོ།
    • བཀྲ་ཤིས་རྟགས་བརྒྱད།
    • བཀྲ་ཤིས་རྫས་བརྒྱད།

བོད་ཀྱི་ལོ་རྒྱུས་དྲི་བ་དྲི་ལན།  དྲི་བ་ ༥༡ ནས་ ༡༠༠ བར།

    ༥༡༽ རྒྱ་བཟས་བཞེངས་པའི་གཙུག་ལག་ཁང་གང་ཡིན་ནམ།

    རྒྱ་སྟག་ར་མོ་ཆེའི་གཙུག་ལག་ཁང་ཡིན། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ཡིན།
    བསམ་ཡས་གཙུག་ལག་ཁང་ཡིན།      ན་ལེན་ཌའི་གཙུག་ལག་ཁང་ཡིན།

    ༥༢༽ རྒྱ་བཟའ་ག་དུས་བོད་དུ་ཕེབས་སམ།

    ས་སྟག་སྤྱི་ལོ་ ༧༩༨ ལོར་བོད་དུ་ཕེབས། ཤིང་སྦྲུལ་སྤྱི་ལོ་ ༦༤༥ ལོར་བོད་དུ་ཕེབས།
    མེ་གླང་སྤྱི་ལོ་ ༦༡༧ ལོར་བོད་དུ་ཕེབས། ལྕགས་གླང་སྤྱི་ལོ་ ༦༤༡ ལོར་བོད་དུ་ཕེབས།

    ༥༣༽ རྒྱ་བཟའ་ཀོང་ཇོའི་ཕ་ཡི་མིང་ལ་གང་ཟེར་རམ།

    རྒྱལ་པོ་ཐང་ཐེ་ཙུང་ཟེར། རྒྱལ་པོ་ཏེ་ཙུང་ཟེར། རྒྱལ་པོ་ཡོན་ཙུང་ཟེར།   རྒྱལ་པོ་ཐང་ཀའོ་ཙུང་ཟེར།

    ༥༤༽ རྒྱ་བཟའ་སློང་དུ་འགྲོ་མཁན་གྱི་བློན་པོ་གཙོ་བོ་སུ་ཡིན་ནམ།

    ཐུན་མི་སམ་བྷོ་ཊ་ཡིན། རྔོག་གླིང་ཁམས་ཡིན། གནོན་རྒྱལ་མཚན་ཡིན། མགར་སྟོང་བཙན་ཡིན།

    ༥༥༽ བལ་བཟའ་ཁྲི་བཙུན་གྱི་ཡབ་ཀྱི་མཚན་ལ་གང་ཟེར་རམ།

    ཐང་ཐིང་ཙུང་ཟེར། ཏའི་ཙུང་ཟེར། འོད་ཟེར་གོ་ཆ་ཟེར། ཧར་ཤ་ཟེར།

    ༥༦༽ བལ་སྐད་ཀྱི་བལ་བཟའ་ཁྲི་བཙུན་གྱི་མཚན་གང་ཡིན་ནམ།

    ཝིན་ཅང་ཀོང་ཇོ་ཟེར། རུ་ཡོངས་བཟའ་ཟེར། སྦིར་ཏི་ཀུ་ཊི་ཟེར། ཀེམ་ཤིང་ཀོང་ཇོ་ཟེར།

    ༥༧༽ བལ་བཟས་རྟེན་སྐལ་གཙོ་བོ་གང་དག་ཡིན་ནམ།

    ཇོ་བོ་ཤཱཀྱ་མུ་ནེ་དང་བྱམས་པ་ཆོས་འཁོར་ཡིན། བྱམས་པ་ཆོས་འཁོར་མ་དང་ཇོ་བོ་མི་བསྐྱོད་རྡོ་རྗེ་ཡིན།
    ཇོ་བོ་མི་བསྐྱོད་རྡོ་རྗེ་དང་མདོ་སྡེ་ཟ་མ་ཏོག་ཡིན། ཇོ་བོ་ཤཀྱ་མུ་ནེ་དང་ཇོ་བོ་མི་བསྐྱོད་རྡོ་རྗེ་ཡིན།

    ༥༨༽ བལ་བཟས་བཞེངས་པའི་གཙུག་ལག་ཁང་གང་ཡིན་ནམ།

    རྒྱ་སྟག་རཱ་མོ་ཆེའི་གཙུག་ལག་ཁང་ཡིན། བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཡིན།
    འུ་ཤང་རྡོ་དཔེ་མེད་བཀྲིས་དགེ་འཕེལ་གྱི་གཙུག་ལག་ཁང་ཡིན། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ཡིན།

    ༥༩༽ ཕོ་བྲང་པོ་ཏ་ལ་བཞེངས་མཁན་བཙུན་མོ་དེ་སུ་ཡིན་ནམ།

    ཚེ་སྤོང་བཟའ་ཡིན། མཆིམས་བཟའ་ལྷ་མོ་བཙུན་ཡིན། མཁར་ཆེན་བཟའ་མཚོ་རྒྱལ་ཡིན། བལ་བཟའ་ཁྲི་བཙུན་ཡིན།

    ༦༠༽ ཕོ་བྲང་པོ་ཏ་ལ་གང་དུ་བཞེངས་སམ།

    ཧལ་པོ་རིའི་སྟེང་དུ་བཞེངས།     ལྕག་ཟམ་ཆུ་བོ་རིའི་སྟེང་དུ་བཞེངས།
    དམར་པོའི་རིའི་སྟེང་དུ་བཞེངས། ལྕག་པོ་རིའི་སྟེང་དུ་བཞེངས།

    ༦༡༽ ཐིབ་བུ་ལྐོག་གི་ལྷ་ཁང་བཞེངས་མཁན་སུ་ཡིན་ནམ།

    རུ་ཡོང་བཟའ་ཡིན། མོང་བཟའ་ཁྲི་ལྕམ་ཡིན། རྒྱ་བཟའ་ཀོང་ཇོ་ཡིན། ཞང་ཞུང་བཟའ་ཡིན།

    ༦༢༽ བྲག་ལྷ་ཕུག་ལྷ་ཁང་བཞེངས་མཁན་སུ་ཡིན་ནམ།

    ཞང་ཞུང་བཟའ་ཡིན། མོང་བཟའ་ཁྲི་ལྕམ་ཡིན། རུ་ཡོང་བཟའ་ཡིན། ཚེ་སྤོང་བཟའ་ཡིན།

    ༦༣༽ ཡེར་བའི་ལྷ་ཁང་བཞེངས་མཁན་སུ་ཡིན་ནམ།

    རྒྱ་བཟའ་ཀོང་ཇོ་ཡིན། མོང་བཟའ་ཁྲི་ལྕམ་ཡིན། བལ་བཟའ་ཁྲི་བཙུན་ཡིན། རུ་ཡོང་བཟའ་ཡིན།

    ༦༤༽ སྲོང་བཙན་སྒམ་པོར་བཙུན་མོ་ལྔ་ཡོད་པས་སྲས་འཁྲུངས་མཁན་དེ་སུ་ཡིན་ནམ།

    ཞང་ཞུང་བཟའ་ཡིན། རྒྱ་བཟའ་ཀོང་ཇོ་ཡིན། བལ་བཟའ་ཁྲི་བཙུན་ཡིན། མོང་བཟའ་ཁྲི་ལྕམ་ཡིན།

    ༦༥༽ སྲོང་བཙན་གྱི་སྲས་ཀྱི་མཚན་གང་ཡིན་ནམ།

    མགར་སྟོང་བཙན་ཡིན། རལ་པ་ཅན་ཡིན། གུང་སྲོང་གུང་བཙན་ཟེར། ཁྲི་ལྡེ་གཙུག་བཙན་ཡིན།

    ༦༦༽ སྲོང་བཙན་སྒམ་པོ་དགུང་གྲངས་ག་ཚོད་བཞུགས་སམ།

    དགུང་གྲངས་ ༨༢ བར་དུ་བཞུགས།   དགུང་གྲངས་ ༣༢ བར་དུ་བཞུགས།
    དགུང་གྲངས་ ༣༦ བར་དུ་བཞུགས། དགུང་གྲངས་ ༩༤ བར་དུ་བཞུགས།

    ༦༧༽ ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན་གྱི་སྐུ་ལ་ཐིམ་མཁན་གྱི་རྒྱལ་པོ་དེ་སུ་ཡིན་ནམ།

    གཉའ་ཁྲི་བཙན་ƈ;ོ་ཡིན། སྲོང་བཙན་སྒམ་པོ་ཡིན། ཁྲི་སྲོང་ལྡེ་བཙན་ཡིན། གྲི་གུམ་བཙན་པོ་ཡིན།

    ༦༨༽ སྲོང་བཙན་སྒམ་པོའི་སྲས་འཇིག་རྟེན་དུ་ལོ་གྲངས་ག་ཚོད་བཞུགས་སམ།

    དགུང་གྲངས་བཅོ་ལྔ་བར་བཞུགས།     དགུང་གྲངས་བཅུ་བཞི་བར་བཞུགས།
    དགུང་གྲངས་བཅོ་བརྒྱད་བར་བཞུགས། དགུང་གྲངས་བཅུ་དྲུག་བར་བཞུགས།

    ༦༩༽ བོད་གཅིག་གྱུར་གྱི་རྒྱལ་པོ་ཐོག་མ་དེ་སུ་ཡིན་ནམ།

    གཉའ་ཁྲི་བཙན་པོ་ཡིན།    བཙན་པོ་སྲོང་བཙན་སྒམ་པོ་ཡིན། གནམ་རི་སྲོང་བཙན་ཡིན། ཁྲི་སྲོང་ལྡེ་བཙན་ཡིན།

    ༧༠༽ རིགས་རྒྱུད་གཅིག་པའི་བོད་ཁམས་ཡོངས་རྫོགས་གཅིག་གྱུར་བཟོ་མཁན་གྱི་རྒྱལ་པོ་དེ་སུ་ཡིན་ནམ།

    སྲོང་བཙན་སྒམ་པོ་ཡིན། གནམ་རི་སྲོང་བཙན་ཡིན། ཁྲི་སྲོང་ལྡེའུ་བཙན་ཡིན། གཉའ་ཁྲི་བཙན་པོ་ཡིན།

    ༧༡༽ ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་རྒྱ་གར་གྱི་རྒྱལ་པོ་སུ་ཡིན་ནམ།

    ཨར་འཇུན་ཡིན། རུ་པ་ཏི་ཡིན། ཨ་ཤོ་ཀ་ཡིན། ཧར་ཤ་ཡིན།

    ༧༢༽ སྲོང་བཙན་སྒམ་པོའི་སྐུ་པུར་ག་བར་བཞུགས་ཡོད་དམ།

    སྣེ་གངོང་རྫོངས་དུ་ཡོད།     འཕྱོངས་རྒྱས་དོན་མཁར་མདོར་ཡོད།
    གཙང་བཀྲིས་ལྷུན་པོར་ཡོད། བྲི་གུང་ཐིལ་དུ་ཡོད།

    ༧༣༽ བོད་ཀྱི་རྒྱལ་ས་ལྷ་སར་གནང་མཁན་གྱི་རྒྱལ་པོ་ཐོག་མ་སུ་ཡིན་ནམ།

    ྋརྒྱལ་བ་སྐུ་ཕྲེང་ལྔ་པ་ཡིན།   ཆོས་རྒྱལ་སྲོང་བཙན་སྒམ་པོ་ཡིན།
    མངའ་བདག་རལ་པ་ཅན་ཡིན། གཉའ་ཁྲི་བཙན་པོ་ཡིན།

    ༧༤༽ མང་སྲོང་མང་བཙན་གྱི་ཡབ་སུ་ཡིན་ནམ།

    དུས་སྲོང་མང་རྗེ་ཡིན། གུང་སྲོང་གུང་བཙན་ཡིན། ཁྲི་ལྡེ་གཙུག་བརྟན་ཡིན། སྲོང་བཙན་སྒམ་པོ་ཡིན།

    ༧༥༽ མང་སྲོང་མང་བཙན་སྐུུ་ན་ཕྲ་བའི་དུས་སུ་ཆབ་སྲིད་ཀྱི་འགན་འཁྱེར་མཁན་སུ་ཡིན་ནམ།

    ཡུམ་སྟོད་ལུང་མོང་བཟའ་ཁྲི་ལྕམ་ཡིན། བློན་ཆེན་མགར་སྟོང་བཙན་ཡིན།
    བློན་ཆེན་ཐུན་མི་སམ་བྷོ་ཊ་ཡིན།       བློན་ཆེན་མགར་གྱི་སྲས་མགར་བཙན་སྙ་སྡོམ་བུ་ཡིན།

    ༧༦༽ མགར་སྟོང་བཙན་ལ་སྲས་ག་ཚོད་ཡོད་དམ།

    མགར་སྟོང་བཙན་ལ་སྲས་གཉིས་ཡོད། མགར་སྟོང་བཙན་ལ་སྲས་བཞི་ཡོད།
    མགར་སྟོང་བཙན་ལ་སྲས་གསུམ་ཡོད། མགར་སྟོང་བཙན་ལ་སྲས་ལ་གཅིག་ཡོད།

    ༧༧༽ མགར་གྱི་སྲས་རྒན་པའི་མཚན་ལ་གང་ཟེར་རམ།

    མགར་བཙན་གཉན་སྲུང་སྟོན་ཟེར། མགར་བཙན་སྙ་སྡོམ་བུ་ཟེར།
    མགར་ཁྲི་འབྲིང་བཙན་བྲོད་ཟེར།   མགར་བློན་ཟི་མདོ་ཡེ་ཟེར།

    ༧༨༽ བོད་ཀྱི་རྒྱལ་ཐོག་སོ་བཞི་པ་སུ་ཡིན་ནམ།

    གུང་སྲོང་གུང་བཙན་ཡིན། མང་སྲོང་མང་བཙན་ཡིན། སྲོང་བཙན་སྒམ་པོ་ཡིན། གནམ་རི་སྲོང་བཙན་ཡིན།

    ༧༩༽ བོད་ཀྱི་རྒྱལ་ཐོག་སོ་ལྔ་པ་སུ་ཡིན་ནམ།

    དུས་སྲོང་མང་རྗེ་རླུང་ནས་འཕྲུལ་གྱི་རྒྱལ་པོ་ཡན། ཁྲི་ལྡེ་གཙུག་བརྟན་ཡིན།
    ཁྲི་སྲོང་ལྡེ་བཙན་ཡིན། མང་སྲོང་མང་བཙན་ཡིན།

    ༨༠༽ འདུས་སྲོང་མང་རྗེ་ཡི་ཡབ་སུ་ཡིན་ནམ།

    ཁྲི་ལྡེ་གཙུག་བཙན་ཡིན། མང་སྲོང་མང་བཙན་ཡིན། སྲོང་བཙན་སྒམ་པོ་ཡིན། མུ་ནེ་བཙན་པོ་ཡིན།

    ༨༡༽ བོད་ལ་ཇ་འཐུང་བའི་སྲོལ་རྒྱལ་པོ་སུའི་སྐབས་སུ་བྱུང༌།

    འབྲོང་སྙན་ལྡེའུ་སྐུུ་དུས་སུ་བྱུང༌།     མུ་ཁྲི་བཙན་པོའི་སྐུ་དུས་སུ་བྱུང༌།
    ཁྲི་ལྡེ་གཙུག་བརྟན་སྐུ་དུས་སུ་བྱུང༌། འདུས་སྲོང་མང་རྗེའི་སྐུ་དུས་སུ་བྱུང༌།

    ༨༢༽ བོད་རང་གིས་བཟོས་པའི་དཀར་ཡོལ་སྔ་ཤོས་དེའི་མིང་ལ་ཅི་ཟེར།

    དར་སྣོད་དང་དར་ཚེ་ཟེར། གླ་ཕོར་ཟེར། སྟོད་ཕོར་ཟེར། སྒོག་ཕོར་ཟེར།

    ༨༣༽ མགར་གྱི་མི་རྒྱུད་ལ་ཉེས་པ་གཏོང་མཁན་གྱི་རྒྱལ་པོ་དེ་སུ་ཡིན་ནམ།

    སྲོང་བཙན་སྒམ་པོ་ཡིན། འདུས་སྲོང་མང་རྗེ་ཡིན། གུང་སྲོང་གུང་བཙན་ཡིན། མང་སྲོང་མང་བཙན་ཡིན།

    ༨༤༽ བོད་ཀྱི་རྒྱལ་ཐོག་སོ་དྲུག་པ་སུ་ཡིན་ནམ།

    མེས་ཨག་ཚོམ་ཡིན། འདུས་སྲོང་མང་རྗེ་ཡིན། མང་སྲོང་མང་བཙན་ཡིན། ཁྲི་གཙུག་ལྡེ་བཙན་ཡིན།

    ༨༥༽ མེས་ཨག་ཚོམ་གྱི་ཡབ་ཀྱི་མཚན་ལ་གང་གསོལ་ལམ།

    མུ་ནེ་བཙན་པོ་ཟེར། སད་ན་ལེགས་མཇིང་ཡོན་ཟེར། འདུས་སྲོང་མང་རྗེ་རླུང་ནག་འཕྲུལ་གྱི་རྒྱལ་པོ་ཟེར། མང་སྲོང་མང་བཙན་ཟེར།

    ༨༦༽ འདུས་སྲོང་མང་རྗེ་སྐུུ་གཤེགས་དུས་མེས་ཨག་ཚོམ་དགུང་ལོ་ག་ཚོད་རེད་དམ།

    དགུང་ལོ་བདུན་རེད། དགུང་ལོ་ལྔ་རེད། དགུང་ལོ་བཅུ་རེད། དགུང་ལོ་བརྒྱད་རེད།

    ༨༧༽ བོད་ཀྱི་རྒྱལ་རབས་ནང་དུ་བཙུན་མོ་ཞིག་གིས་ཆབ་སྲིད་བསྐྱངས་ཡོད་པས་དེའི་མཚན་ལ་གང་ཟེར་རམ།

    ཀེམ་ཤིང་ཀོང་ཇོ་ཟེར། ཚེ་སྤོང་བཟའ་མེ་ཏོག་སྒྲོན་ཟེར། བཙུན་མོ་དཔལ་གྱི་ངང་ཚུལ་མ་ཟེར། ཡུམ་ཁྲི་མ་ལོ་ཞེས་པ་དེ་ཡིན།

    ༨༨༽ མེས་ཨག་ཚོམ་སྐུ་འཁྲུངས་ཡུལ་ས་གནས་གང་ཡིན་ནམ།

    ཕོ་བྲང་ལྡན་འཁར་རུ་སྐུུ་འཁྲུངས།    ཕོ་བྲང་མི་འགྱུར་བྱམས་པ་གླིང་དུ་སྐུུ་འཁྲུངས།
    ཕོ་བྲང་ཡུམ་བུ་གླ་མཁར་དུ་འཁྲུངས། ཕོ་བྲང་བྲག་དམར་དུ་སྐུ་འཁྲུངས།

    ༨༩༽ མེས་ཨག་ཚོམ་གྱི་ཡུམ་གྱི་མཚན་ལ་གང་གསོལ་ལམ།

    ཡུམ་ཁྲི་མ་ལོ་ཟེར། ཡུམ་མཆིམས་བཟའ་མོ་རྟོག་གེ་ཟེར། ཡུམ་མཇང་བཟའ་མོ་ཁྲི་བཙུན་ཟེར། ཀེམ་ཤིང་ཀོང་ཇོ་ཟེར།

    ༩༠༽ བྲག་དམར་མགྲིན་བཟང༌། བྲག་དམར་ཀེའུ། གསང་ཁར་བྲག མཆིམ་པོ་སྣ་རལ། མ་མ་གོང་གི་ལྷ་ཁང་རྣམས་རྒྱལ་པོ་སུས་བཞེངས།

    མེས་ཨག་ཚོམ་གྱིས་བཞེངས་པ་ཡིན། ཁྲི་སྲོང་ལྡེ་བཙན་གྱིས་བཞེངས་པ་ཡིན།
    སྲོང་བཙན་སྒམ་པོས་བཞེངས་པ་ཡིན། སད་ན་ལེགས་མཇིང་ཡོན་གྱིས་བཞེངས་པ་ཡིན།

    ༩༡༽ འཇང་ཚ་ལྷ་དབོན་ལ་རྒྱ་ཡུལ་ནས་བཙུན་མོ་ཞིག་བསུས་ཡོད་པས་དེའི་མིང་གང་ཡིན་ནམ།

    སྦིར་ཏི་ཀུ་ཊི་ཟེར། ཝིན་ཅང་ཀོང་ཇོ་ཟེར། མོང་བཟའ་ཁྲི་ལྕམ་ཟེར། ཀེམ་ཤིང་ཀོང་ཇོ་ཟེར།

    ༩༢༽ ཀེམ་ཤིང་ཀོང་ཇོ་མེས་ཨག་ཚོམ་གྱི་བཙུན་མོ་གནང་དགོས་དོན་གང་ཡིན་ནམ།

    མེས་ཨག་ཚོམ་ལ་བཙུན་མོ་མེད་པ་ཡིན།
    རྒྱ་ནག་རྒྱལ་པོ་མེས་ཨག་ཚོམ་གྱི་བཙུན་མོར་གནང་བ་ཡིན།
    སྲས་འཇང་ཚ་ལྷ་དབོན་གྲོངས་སྟབས་ཡབ་མེས་ཨག་ཚོམ་གྱི་བཙུན་མོ་གནང་བ་ཡིན།
    བོད་རྒྱལ་ཁབ་དང་རྒྱ་ནག་རྒྱལ་ཁབ་གཉིས་རྒྱལ་ཁབ་འདྲ་མཉམ་ཡིན་པ་མཚོན་པའི་སླད་དུ་ཡིན།

    ༩༣༽ མེས་ཨག་ཚོམ་ག་དུས་སྐུ་འཁྲུངས་སམ།

    མེ་བྱ་ཕྱི་ལོ་ ༦༩༧ ལོར་འཁྲུངས།       ཤིང་ལུག་ཕྱི་ལོ་ ༧༥༥ ལོར་འཁྲུངས།
    ལྕགས་གླང་ཕྱི་ལོ་ ༦༤༡ ལོར་འཁྲུངས། མེ་གླང་ཕྱི་ལོ་ ༦༡༧ ལོར་འཁྲུངས།

    ༩༤༽ མེས་ཨག་ཚོམ་གྱི་འདས་ལོ་གང་ཡིན་ནམ།

    ས་བྱི་ཕྱི་ལོ་ ༧༤༨ ལོར་འདས།     ཤིང་ཁུག་ཕྱི་ལོ་ ༧༥༥ ལོར་འདས།
    ལྕགས་རྟ་ཕྱི་ལོ་ ༧༣༠ ལོར་འདས། ཤིང་འབྲུག་ཕྱི་ལོ་ ༧༦༤ ལོར་འདས།

    ༩༥༽ ཇོ་བོ་རྒྱལ་ཐོག་གསུམ་གྱི་རིང་སྦས་བཞག་པ་ལྷོ་སྒོ་མེ་ལོང་ཅན་ནས་གདན་དྲངས་ཏེ་གཙུག་ལག་ཁང་གི་རྟེན་གཙོར་བཞུཌ་སུ་གསོལ་མཁན་གྱི་བཙུན་མོ་དེ་སུ་ཡིན་ནམ།

    ཁྲི་མ་ལོ་ཡིན། འཇང་བཟའ་མོ་ཁྲི་བཙུན་ཡིན། ཀེམ་ཤིང་ཀོང་ཇོ་ཡིན། རུ་ཡོང་བཟའ་མདོ་རྒྱལ་ཡིན།

    ༩༦༽ ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ག་དུས་སྐུ་འཁྲུངས་སམ།

    ཤིང་སྤྲེལ་ཕྱི་ལོ་ ༧༤༤ ལོར་སྐུ་འཁྲུངས། ས་ལུག་ཕྱི་ལོ་ ༧༡༩ ལོར་སྐུ་འཁྲུངས།
    ཆུ་འབྲུལ་ཕྱི་ལོ་ ༧༥༢ ལོར་སྐུ་འཁྲུངས།   ཆུ་རྟ་ཕྱི་ལོ་ ༧༤༢ ལོར་སྐུ་འཁྲུངས།

    ༩༧༽ ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དགུང་ལོ་གང་གི་སྟེང་དུ་རྒྱལ་ཁྲིར་ཕེབས་སམ།

    དགུང་ལོ་བཅུ་གསུམ་སྟེང་རྒྱལ་ཁྲིར་ཕེབས། དགུང་ལོ་བཅོ་ལྔ་ལ་རྒྱལ་ཁྲིར་ཕེབས།
    དགུང་ལོ་བཅུ་དྲུག་ལ་རྒྱལ་ཁྲིར་ཕེབས།      དགུང་ལོ་བཅུ་བཞིའི་སྟེང་དུ་རྒྱལ་ཁྲིར་ཕེབས།

    ༩༨༽ ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་ཆོས་ལ་མི་དགའ་བའི་བློན་པོ་གཉིས་ཡོད་པས་དེ་གཉིས་ཀྱི་མིང་ལ་གང་ཟེར་རམ།

    འགོས་ཁྲི་བཟང་དང༌། ཞང་ཉམས་བཟང་ཟེར། མགར་སྟོང་བཙན་དང༌། སམ་བྷོ་ཊ་ཟེར།
    མ་ཞང་དྲོན་པ་སྐྱེད་དང༌། སྟག་ར་ཀླུ་གོང་ཟེར། སྟག་ར་ཀླུ་གོང་དང༌། སྦ་གསལ་སྦང་ཟེར།

    ༩༩༽ ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་སུ་གསོན་དུར་ལ་བློན་པོ་གཉིས་བཅུགས་ཡོད་པ་དེ་གཉིས་གང་ཡིན་ནམ།

    ཐུན་མི་སམ་བྷོ་ཊ་དང༌། སྟག་ར་ཀླུ་གོང་ཡིན། མ་ཞང་དྲོན་པ་སྐྱེད་དང༌། སྟག་ར་ཀླུ་གོང་གཉིས་ཡིན།
    འགོས་ཁྲི་བཟང་དང༌། ཞང་ཉམས་བཟང་ཡིན། སྦ་གསལ་སྣང་དང༌། སྦ་ཡེ་ཤེས་དབང་པོ་ཡིན།

    ༡༠༠༽ ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་སྦ་གསལ་སྣང་བལ་ཡུལ་དུ་མངགས་དོན་གང་ཡིན་ནམ།

    ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གདན་འདྲེན་པའི་ཆེད་དུ་ཡིན།   མཁན་ཆེན་ཞི་བ་འཚོ་གདན་འདྲེན་པའི་སླད་དུ་ཡིན།
    ནང་པ་སངས་རྒྱས་པའི་ཆོས་ལ་ཐོས་བསམ་བྱ་བར་བཏང་བ་ཡིན། སློབ་དཔོན་པདྨ་འབྱུང་གནས་གདན་འདྲེན་དུ་བཏང་བ་ཡིན།

Install Quicktime

  • For the audio files

རྒྱལ་རབས།

  • བོད་ཀྱི་རྒྱལ་པོ།
  • རྒྱལ་དར་འགྲེལ་བཤད།
  • བོད་ལྗོངས་ངོ་སྤྲོད།
  • བོད་རྒྱལ་ཁབ་ཀྱི་རྒྱལ་གླུ།

Copyright © 2010 Sambhota Tibetan Schools Society. Last updated on