བོད་ཀྱི་ལོ་རྒྱུས་དྲི་བ་དྲི་ལན། དྲི་བ་ ༢༠༡ ནས་ ༢༥༡ བར།
༢༠༡༽ རྭ་སྒྲེང་དགོན་པ་ག་དུས་ཕྱག་བཏབ་པ་ཡིན་ནམ།
ཆུ་གླང་ཕྱི་ལོ་ ༡༢༥༣ ལོར་ཕྱག་བཏབ། ཤིང་ལུག་ཕྱི་ལོ་ ༨༡༥ ལོར་ཕྱག་བཏབ། ལྕག་སྤྲེལ་ཕྱི་ལོ་ ༡༢༠༠ ལོར་ཕྱག་བཏབ། མེ་བྱ་ཕྱི་ལོ་ ༡༠༥༧ ལོར་ཕྱག་བཏབ།
༢༠༢༽ ས་སྐྱ་དགོན་པ་ག་དུས་ཕྱག་བཏབ་པ་ཡིན་ནམ།
ཤིང་བྱི་ཕྱི་ལོ་ ༡༥༠༤ ལོར་ཕྱག་བཏབ། ཤིང་རྟ་ཕྱི་ལོ་ ༡༠༥༤ ལོར་ཕྱག་བཏབ། ཆུ་གླང་ཕྱི་ལོ་ ༡༠༧༣ ལོར་བཏབ། ཆུ་རྟ་ཕྱི་ལོ་ ༡༡༦༢ ལོར་ཕྱག་བཏབ།
༢༠༣༽ ཇོ་བོ་རྗེ་ག་དུས་སྐུ་གཤེགས་སམ།
མེ་བྱ་ཕྱི་ལོ་ ༡༠༥༧ ལོར་སྐུ་གཤེགས། ཆུ་གླང་ཕྱི་ལོ་ ༡༢༥༣ ལོར་སྐུ་གཤེགས། ཤིང་གླང་ཕྱི་ལོ་ ༡༢༦༥ ལོར་སྐུ་གཤེགས། ཤིང་རྟ་ཕྱི་ལོ་ ༡༠༥༤ ལོར་སྐུ་གཤེགས།
༢༠༤༽ ཇོ་བོ་རྗེའི་སྐུ་གདུང་ཞུགས་འབུལ་གནང་མཁན་སུ་ཡིན་ནམ།
འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཡིན། ལོ་ཆེན་རིན་ཆེན་བཟང་པོ་ཡིན། རྔོག་ལེགས་པའི་ཤེས་རབ་ཡིན། ལྷ་བཙུན་བྱང་ཆུབ་འོད་ཡིན།
༢༠༥༽ རྒྱ་གར་ལས་བོད་འདི་ཆུ་བཟང༌། སའི་བསིལ་དྲོད་སྙོམས། སྲོག་ཆགས་ཉུང༌།ཟས་བཅུད་ཆེ་བས་ང་རྒྱ་གར་དུ་མི་འགྲོ་གསུང་མཁན་གྱི་པཎྜིཏ་ དེའི་མཚན་ལ་གང་གསོལ་ལམ།
ས་སྐྱ་པཎྜིཏ་ཡིན་ནོ། བོ་དོང་པཎྡྲིཏ་ཡིན་ནོ། པཎྡྲིཏ་ག་ཡ་དྷ་ར་ཡིན་ནོ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཡིན་ནོ།
༢༠༦༽ བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་དུས་རབས་ག་དུས་བྱུང་ངམ།
དུས་རབས་བརྒྱད་པའི་ནང་བྱུང༌། དུས་རབས་དྲུག་པའི་ནང་བྱུང༌། དུས་རབས་དགུ་པའི་ནང་བྱུང༌། དུས་རབས་བདུན་པའི་ནང་བྱུང༌།
༢༠༧༽ བོད་ཀྱི་རྒྱལ་པོ་སུའི་དུས་ལ་ནང་ཆོས་དར་ཡོད་དམ།
ལྷ་ཐོ་ཐོ་་རི་གཉན་བཙན་སྐབས། ཁྲི་སྲོང་སྡེའུ་བཙན་སྐབས། གཉའ་ཁྲི་བཙན་པོའི་སྐབས། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས།
༢༠༨༽ བོད་ཀྱི་རྒྱལ་པོ་སུའི་དུས་སུ་ནང་ཆོས་ཀྱི་བསྟན་པ་ཉམས་ཆགས་བྱུང་ཡོད་དམ།
ཁྲི་རལ་པ་ཅན། མུ་ནེ་བཙན་པོ། མུ་ཏིག་བཙན་པོ། གླང་དར་མ།
༢༠༩༽ བོད་ཀྱི་རྒྱལ་པོ་སུའི་དུས་སུ་བོད་ཡིག་གསར་གཏོད་མཛད་དམ།
ཐོ་རི་གཉན་བཙན་སྐུ་དུས་སུ་མཛད། གནམ་རི་སྲོང་བཙན་སྐུ་དུས་སུ་མཛད། མངའ་བདག་རལ་པ་ཅན་གྱི་སྐུ་དུས་སུ་མཛད། སྲོང་བཙན་སྒམ་པོའི་སྐུ་དུས་སུ་མཛད།
༢༡༠༽ བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་རྩེ་ཕོ་བྲང་པོ་ཏ་ལའི་དུས་རབས་གང་དུ་བཞེངས་སམ།
དུས་རབས་ ༧ ནང་བཞེངས། དུས་རབས་ ༨ ནང་བཞེངས། དུས་རབས་ ༡༠ ནང་བཞེངས། དུས་རབས་ ༡༧ ནང་བཞེངས།
༢༡༡༽ བོད་ཀྱི་ཆོས་ལུགས་ཆེན་པོ་ལྔ་གང་དང་གང་ཡིན་ནམ།
བོན། ཚར་པ། བཀའ་བརྒྱུད། བཀའ་གདམས། ས་སྐྱ་བཅས་ཡིན། ཞི་བྱེད་པ། ཇོ་ནང་པ། བཀའ་གདམས་པ། ས་སྐྱ་པ། རྙིང་མ་བཅས་ཡིན། དགེ་ལུགས། གསང་སྔག་རྙིང་མ། གསང་སྔག་གསར་མ། ཞི་བྱེད་ཇོ་ནང་བཅས་ཡིན། བོན། རྙིང་མ། བཀའ་བརྒྱུད། ས་སྐྱ། དགེ་ལུགས།
༢༡༢༽ ནང་པའི་ཆོས་ཀྱི་སྙིང་པོ་དེ་གང་དང་གང་ཡིན།
བྱམས་དང་རྙིང་རྗེ་ཡིན། ཐབས་དང་ཤེས་རབ་ཡིན། ཀུན་རྫོབས་དང་དོན་དམ་ཡིན། ལྟ་བ་དང་སྤྱོད་པ་ཡིན།
༢༡༣༽ ཆོས་བརྒྱུད་ཆེན་པོ་རྙིང་མའི་སྲོལ་གཏོད་མཁན་སུ་ཡིན་ནམ།
ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ཡིན། སློབ་དཔོན་པད་མ་སམ་བྷ་ཝ། མཁན་ཆེན་ཞི་བ་འཚོ་ཡིན། སྲོང་བཙན་སྒམ་པོ་ཡིན།
༢༡༤༽ ཆོས་བརྒྱུད་ཆེན་པོ་བཀའ་བརྒྱུད་ཀྱི་སྲོལ་གཏོད་མཁན་སུ་ཡིན་ནམ།
དྭགས་པོ་ལྷ་རྗེ། མར་པ་ལོ་ཙྭ་བ་ཡིན། རྗེ་བཙུན་མི་ལ་རལ་པ་ཡིན། སྐྱོབ་པ་འཇིག་རྟེན་མགོན་པོ་ཡིན།
༢༡༥༽ ཆོས་བརྒྱུད་ཆེན་པོ་དགེ་ལྡན་པའི་སྲོལ་གཏོད་མཁན་སུ་ཡིན་ནམ།
ཇོ་བོ་དཔལ་ལྡན་ཨ་ཏི་ཤ་ཡིན། སྟོན་པ་སངས་རྒྱས་ཡིན། རྗེ་བཙུན་མི་ལ་རལ་པ་ཡིན། རྗེ་རིན་པོ་ཆེ།
༢༡༦༽ བོད་ཀྱི་གདན་ས་ཆེན་པོ་གསུམ་གང་དང་གང་ཡིན་ནམ།
བཀྲིས་ལྷུན་པོ། བསམ་ཡས། སྐུ་འབུམ་བཅས་ཡིན། སེ་ར། འབྲས་སྤུངས། བཀྲིས་ལྷུན་པོ་བཅས་ཡིན།‚ སེ་ར། འབྲས་སྤུངས། དགའ་ལྡན་བཅས་ཡིན། སྐུ་འབུམ། བསམས་ཡས། འབྲས་སྤུངས་བཅས་ཡིན།
༢༡༧༽ སྟོན་པ་གཤེན་རབ་བོད་ཀྱི་ས་གནས་གང་དུ་སྐུ་འཁྲུངས་སམ།
ཀོང་པོ། ཞང་ཞུང༌། སྟོད་ལུང༌། ཡར་ཀླུང༌།
༢༡༨༽ བོད་ཀྱི་འགྲོ་བའི་དད་རྟེན་དུ་སྟོན་པ་གཤེན་རབ་ཀྱིས་ཐུགས་ལས་གང་སྤྲུལ་ནས་བཞག་གནང་ཡོད་དམ།
བོན་རི། གླེགས་བམ། ལྷ་ཁང༌། མཆོད་རྟེན།
༢༡༩༽ བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་གང་དག་ཡིན་ནམ།
རྙིང་མ། བཀའ་བརྒྱུད། ས་སྐྱ། དགེ་ལྡན་པ། རྙིང་མ། བཀའ་བརྒྱུད། བོན། དགེ་ལྡན་པ། དབུ་མ་བ། མདོ་སྡེ་བ། སེམས་ཙམ་པ། བྱེ་བྲག་པ། རྙིང་མ། བཀའ་བརྒྱུད། བཀའ་གདམས་པ། དགེ་ལྡན་པ།
༢༢༠༽ བོད་ཀྱི་རྒྱལ་པོ་ཐོག་མ་ག་དུས་བྱུང་ངམ།
ཕྱི་ལོ་སྔོན་གྱི་ལོ་ ༧༠༠ ཙམ་དུ་བྱུང༌། ཕྱི་ལོ་སྔོན་གྱི་ལོ་ ༡༢༧ ཙམ་དུ་བྱུང༌། ཕྱི་ལོ་ ༦༡༧ ཙམ་དུ་བྱུང༌། ཕྱི་ལོ་ ༡༢༧ ཙམ་དུ་བྱུང༌།
༢༢༡༽ བོད་ཡུལ་དུ་གཏེར་རྡོ་བཞུས་ནས་ལྕགས་དང་ཟངས་འདོན་པའི་ལག་རྩལ་བློན་པོ་སུའི་རིང་ལ་དར་རམ།
བློན་པོ་ཐོན་མི་སམ་བྷོ་ཊ། བློན་པོ་རུ་ལས་སྐྱེས། བློན་པོ་མགར་སྟོང་བཙན། བློན་པོ་ངོར་སྣང་བཙན་མང༌།
༢༢༢༽ གཤམ་ལས་ལས་ས་ཡི་ལྡེ་བརྒྱད་ཀྱི་ནང་ཚན་གང་ཡིན་ནམ།
ཁྲི་ལྡེ་འོད་སྲུངས། ཁྲི་སྡེ་གཙུག་བརྟན། ཟ་ནམ་ཟིན་ལྡེ། ཁྲི་སྡེ་ཉི་མ་མགོན།
༢༢༣༽ གཤམ་གསལ་ལས་ཚིགས་ཀྱི་བཙན་ལྔའི་ནང་ཚན་གང་ཡིན་ནམ།
ལྷ་ཐོ་ཐོ་རི་གཉན་བཙན། སྟག་རི་གཉན་གཟིགས། སྲོང་བཙན་སྒམ་པོ། ཁྲི་སྲོང་ལྡེའུ་བཙན།
༢༢༤༽ ལྷ་ཐོ་ཐོ་རིའི་སྐབས་སུ་ནམ་མཁའ་ལས་བབ་པའི་ནང་པའི་རྟེན་དེ་དག་གི་མིང་གང་ཡིན་ནམ།
མདོ་དྲན་པ་ཉེར་བཞག བཀའ་ཆེམས་བཀའ་འཁོལ་མ། སྦ་བཞེད། གཉན་པོ་གསང་བ།
༢༢༥༽ ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཡབ་ཀྱི་མཚན་ལ་གང་ཟེར་རམ།
ཁྲི་སྲོང་ལྡེའུ་བཙན། གྲི་གུམ་བཙན་པོ། གནམ་རི་སྲོང་བཙན། རྒྱལ་པོ་ཡུལ་འཁོར་སྲུང༌།
༢༢༦༽ ཆོས་རྒྱལ་སྲོང་བཙན་སྒམ་པོའི་དབུའི་སྟེང་དུ་ལྷ་གང་གི་ཞལ་ཡོད་དམ།
སྤྱན་རས་གཟིགས། འོད་དཔག་མེད། རྟ་མགྲིན། ཕྱག་རྡོར།
༢༢༧༽ བོད་དམག་འབུམ་ཕྲག་གཉིས་དྲངས་ཏེ་རྒྱ་ནག་གི་རྒྱལ་ས་ཁྲང་ཨན་བླངས་པ་བོད་རྒྱལ་སུའི་སྐུ་དུས་སུ་བྱུང་ངམ།
སྲོང་བཙན་སྒམ་པོ། ཁྲི་སྲོང་ལྡེ་བཙན། ཁྲི་རལ་པ་ཅན། ཁྲི་ལྡེ་གཅུག་བརྟན་མེས་ཨོག་ཚོམ་ཅན།
༢༢༨༽ གཤམ་གསལ་ལས་སྲོང་བཙན་སྒམ་པོའི་བློན་པོ་གང་ཡིན་ནམ།
འགོས་ཁྲི་བཟང་ཡབ་ལྷག བྲན་ཀ་དཔལ་ཡོན། སྟག་དགྲ་ཀླུ་ཀོང༌། མགར་སྟོང་བཙན་ཡུལ་བཟུང༌།
༢༢༩༽ སྲོང་བཙན་སྒམ་པོས་གཏན་འབེབས་མཛད་པའི་ཁྲིམས་ཡིག་གང་ཡིན་ནམ།
མི་ཆོས་གཙང་མ་བཅུ་དྲུག ཁྲིམས་ཡིག་ཞལ་ལྕེ་བཅུ་དྲུག ཁྲིམས་ཡིག་ཞལ་ལྕེ་བཅུ་གསུམ། ཁྲི་རྩེ་འབུམ་གཞེར་གྱི་ཁྲིམས།
༢༣༠༽ གཤམ་གསལ་ལས་བོད་ཀྱི་སད་མི་མི་བདུན་གྲས་མ་ཡིན་པ་གང་ཡིན་ནམ།
སྦ་གསལ་སྣང༌། བཻ་རོ་ཙ་ན། གཙང་བློ་གསལ། གཙང་ལེགས་གྲུབ།
༢༣༡༽ བཙན་པོ་འདུས་སྲོང་མང་རྗེ་གང་དུ་སྐུུ་གཤེགས་སམ།
འཇང་ཡུལ་སྨྲེ་བ། ལི་ཡུལ། སོག་ཡུལ་ཁལ་ཁ། འཕན་ཡུལ་གླང་ཐང༌།
༢༣༢༽ འཇང་ཚ་ལྷ་དབོན་གྱི་ཡབ་སུ་ཡིན་ནམ།
ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ། མུ་ནེ་བཙན་པོ། ཁྲི་སྲོང་ལྡེ་བཙན། ཁྲི་རལ་པ་ཅན།
>༢༣༣༽ གཤམ་གསལ་ལས་ཁྲི་སྲོང་ལྡེ་བཙན་སྐབས་སུ་ཆོས་ལ་མི་དགའ་བའི་བློན་པོ་དེ་གང་ཡིན་ནམ།
སྦས་སྟག་སྣ། མ་ཞང་དྲོན་པ་སྐྱེད། བློན་པོ་ལོ་ངམ་རྟ་རྫི། བན་དེ་བྲན་ཀ་དཔལ་ཡོན།
༢༣༤༽ གཤམ་གསལ་ལས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་སུ་བཞུགས་པ་གང་དག་ཡིན་ནམ།
སད་མི་མི་བདུན། གྱད་མི་མི་བདུན། མཛངས་མི་མི་བདུན། གནམ་གྱི་ཁྲི་བདུན།
༢༣༥༽ མཁན་ཆེན་ཞི་བ་འཚོ་དགོངས་པ་རྫོགས་རྐྱེན་ག་འདྲ་ཡིན་ནམ།
རྟས་འཕྲ་བརྒྱབ་པ། བཙན་པོས་ཁྲིམས་ལ་སྦྱར་བ། དམག་སར་བསྒྲོངས་པ། སྙུང་གཞི་ཕོག་པ།
༢༣༦༽ ཧ་ཤང་ཞེས་པའི་གོ་དོན་གང་ཡིན་ནམ།
རྒྱ་ནག་གི་བཙུན་པའི་མིང༌། རྒྱ་གར་གྱི་ཆོས་ལུགས་ཤིག་གི་མིང༌། སོག་པོའི་གྱོན་ཆས་ཤིག་གི་མིང༌། བལ་པོའི་རོལ་ཆས་ཤིག་གི་མིང༌།
༢༣༧༽ མཆིམས་བཟའ་ལྷ་མོ་བཙུན་ཟེར་བ་དེ་རྒྱལ་པོ་སུའི་བཙུན་མོ་ཡིན་ནམ།
ལྷ་ཐོ་ཐོ་རི་གཉན་བཙན། ཆོས་རྒྱལ་སྲོང་བཙན་སྒམ་པོ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། ཆོས་རྒྱལ་ཁྲི་རལ་པ་ཅན།
༢༣༨༽ ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་རང་གི་བཙུན་མོ་སུ་སློབ་དཔོན་རིན་པོ་ཆེར་ཕུལ་ཡོད་དམ།
མཁར་ཆེན་བཟའ་མཚོ་རྒྱལ། མཆིམས་བཟའ་ལྷ་མོ་བཙན། འབྲོ་བཟའ་ཁྲི་རྒྱལ་མོ་བཙན། ཚེ་སྤོང་བཟའ་མེ་ཏོག་སྒྲོན།
༢༣༩༽ ཁྲི་སྲོང་ལྡེ་བཙན་གྱི་སྲས་མུ་ཁྲི་བཙན་པོར་དུག་འབུལ་མཁན་སུ་ཡིན་ནམ།
རྒྱ་བཟའ་ཀོང་ཇོ། ཚེ་སྤོང་བཟའ་མེ་ཏོག་སྒྲོན། མཆིམས་བཟའ་ལྷ་མོ་བཙན། འབྲོ་བཟའ་ཁྲི་རྒྱལ་མོ་བཙན།
༢༤༠༽ ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་ཞང་བློན་གྱི་བུ་དབུ་རིང་བསད་པས་ལོ་དགུར་ལྷོ་བྲག་ཏུ་བྱུགས་པ་དང༌། སླར་ལོག་ཁར་ལམ་བར་དུ་ལྐོག་གསོད་བྱས་པ་དེ་སུ་ཡིན་ནམ།
རྒྱལ་སྲས་མུ་ཏིག་བཙན་པོ། མུ་ཁྲི་བཙན་པོ། མུ་རུབ་བཙན་པོ། ཁྲི་ལྡེ་སྲོང་བཙན།
༢༤༡༽ གཤམ་གསལ་ལས་ཁྲི་རལ་པ་ཅན་གྱི་སྐུ་དུས་ཀྱི་ལོ་ཙ་བ་སུ་ཡིན་ནམ།
སྦ་གསལ་སྣང༌། སྐ་བ་དཔལ་བརྩེགས། འགོས་ལོ་ཙ་བ་གཞོན་ནུ་དཔལ། ལོ་ཙཱ་བ་རིན་ཆེན་བཟང་པོ།
༢༤༢༽ ཆོས་རྒྱལ་སུའི་སྐུ་དུས་སུ་ནང་ཆོས་ཐོག་མར་བོད་ཡིག་ཏུ་བསྒྱུར་ཏམ།
ཆོས་རྒྱལ་སྲོང་བཙན་སྒམ་པོ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། ཆོས་རྒྱལ་ཁྲི་རལ་པ་ཅན། ཆོས་རྒྱལ་མྱ་ངན་མེད།
༢༤༣༽ གཤམ་གསལ་ཁག་ལས་རྒྱ་ནག་ནས་བཙུན་མོ་གདན་འདྲེན་མ་ཞུས་པ་གང་ཡིན་ནམ།
སྲོང་བཙན་སྒམ་པོ། ཁྲི་སྲོང་ལྡེ་བཙན། མུ་ནེ་བཙན་པོ། ཁྲི་གཙུག་ལྡེ་བཙན་སད་ན་ལེགས་མཇིང་ཡོན།
༢༤༤༽ བོད་རྒྱ་དབོན་ཞང་རྡོ་རིང་ཞེས་པ་དེ་བཙན་པོ་སུའི་སྐུ་དུས་སུ་བཙུགས་སམ།
སྲོང་བཙན་སྒམ་པོ། ཁྲི་སྲོང་ལྡེ་བཙན། མུ་ནེ་བཙན་པོ། ཁྲི་རལ་པ་ཅན།
༢༤༥༽ ཤིན་ཏུ་སྐྱིད་པའི་གདུང་རབས་ལྔ་ཞེས་པའི་ནང་གཤམ་གསལ་གང་ཡོད་དམ།
མུ་ཁྲི་བཙན་པོ། གཉའ་ཁྲི་བཙན་པོ། ཤིང་ཁྲི་བཙན་པོ། གྲི་གུམ་བཙན་པོ།
༢༤༦༽ བཙན་པོ་སད་ན་ལེགས་མཇིང་ཡོན་གྱིས་རང་གི་སྲས་གང་མོན་དུ་སྤྱུགས་སམ།
ལྷ་རྗེ། ལྷུན་གྲུབ། གཙང་མ། དར་མ།
༢༤༧༽ བཙན་པོ་གླང་དར་མའི་བཙུན་མོ་ཆེ་བའི་སྲས་གང་ཡིན་ནམ།
འོད་སྲུང༌། འོད་ལྡེ། ཡུམ་བརྟན། ཁྲི་ལྡེ་ཉི་མ་མགོན།
༢༤༨༽ མངའ་བདག་འོད་སྲུང་གི་རྒྱུད་པས་ཡུལ་གང་ལ་དབང་ལུང་བསྒྱུར་རམ།
སྟོད་མངའ་རིས། མོན་ཡུལ། དབུས་གཙང་གི་ཡུལ། དྭགས་ཀོང༌།
༢༤༩༽ ཡུམ་བརྟན་གྱི་རྒྱུད་པས་གང་ལ་དབང་ལུང་བསྒྱུར་རམ།
༢༥༠༽ བོད་ཀྱི་རྒྱལ་པོའི་མཁར་ཐོག་མའི་དེའི་མིང་ལ་གང་ཟེར།
སྲས་མཁར་དགུ་ཐོག ཡུམ་བུ་བླ་སྒང༌། འབྲས་སྤུངས་དགའ་ལྡན་ཕོ་བྲང༌། ཕོ་བྲང་པོ་ཏ་ལ།
༢༥༡༽ ཆོས་བརྒྱུད་ཆེན་པོ་ས་སྐྱ་པའི་སྲོལ་གཏོད་མཁན་སུ་ཡིན་ནམ།
གནུབས་ཆེན་སངས་རྒྱས་ཡེ་ཤེས། ཞང་ཡེ་ཤེས་སྡེ། ས་པཎ་ཀུན་དགའ་རྒྱལ་མཚན། འཁོན་དཀོན་མཆོག་རྒྱལ་པོ།