བོད་ཀྱི་ལོ་རྒྱུས་དྲི་བ་དྲི་ལན། དྲི་བ་ ༡༥༡ ནས་ ༢༠༠ བར།
༡༥༡༽ ཆོས་རྒྱལ་ཁྲི་རལ་བ་ཅན་གྱི་མཚན་གཞན་ལ་གང་ཟེར་རམ།
མེས་ཨག་ཚོམ་ཟེར། ཁྲི་གཙུག་ལྡེ་བཙན་གསོལ། སད་ན་ལེགས་མཇིང་ཡོན་ཟེར། ཁྲི་ལྡེ་གཙུག་བཙན་ཟེར།
༡༥༢༽ ཁྲི་རལ་པ་ཅན་གྱི་བཙུན་མོ་སུ་ཡིན་ནམ།
ཚེ་སྤོང་བཟའ་ཡིན། མོང་བཟའ་ཁྲི་ལྕམ་ཡིན། ཕོ་ཡོང་བཟའ་ཡིན། དཔལ་གྱི་ངང་ཚུལ་མ་ཡིན།
༡༥༣༽ ཆོས་རྒྱལ་ཁྲི་རལ་བ་ཅན་གྱི་སྐུ་དུས་སུ་ཚིག་མཛོད་ཅིག་བརྩམས་ཡོད་པས་དེའི་མིང་ལ་གང་ཟེར་རམ།
མཧཱ་བྱུཏ་པཏ་ཏི་ཟེར། རྩཏཱ་མ་ཎཎིའི་བཀའ་འབུམ་ཟེར། སྤང་ཀོང་ཕྱག་བརྒྱ་ཟེར། ཙན་ཌ་པ་ཟེར།
༡༥༤༽ བོད་ཀྱི་ཚིག་མརྫོད་སྔ་ཤོས་དེ་གང་ཡིན་ནམ།
མཧཱ་བྷོ་ཡ་པ་ཏི་ཡིན་ནོ། དབྱངས་ཅན་སྒྲ་མདོ་ཡིན། མདོ་སྡེ་ཟ་མ་ཏོག་ཡིན། མ་ཎི་ཀ་འབུམ་ཡིན།
༡༥༥༽ ཁྲི་རལ་བ་ཅན་གྱི་ཡབ་སུ་ཡིན་ནམ།
སད་ན་ལེགས་མཇིང་ཡོན་ཡིན། མུ་ནེ་བཙན་པོ་ཡིན། མུ་ཏིག་བཙན་པོ་ཡིན། ཁྲི་སྲོང་ལྡེའུ་བཙན་ཡིན།
༡༥༦༽ སྐད་གསར་བཅད་གཏན་འབེབས་གནང་མཁན་གྱི་རྒྱལ་བོ་སུ་ཡིན་ནམ།
ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ཡིན། རྒྱལ་པོ་གླང་དར་མ་ཡིན། དུས་སྲོང་མང་རྗེ་ཡིན། ཆོས་རྒྱལ་ཁྲི་རལ་པ་ཅན་ཡིན།
༡༥༧༽ གསེར་དངུལ་དང་འབྲུ་རིགས་རྣམས་འདེགས་གཤོར་གྱི་བྲེ་དང་སྲང་རྣམས་རྒྱལ་པོ་སུའི་དུས་སུ་གཏན་འབེབས་བྱས་སམ།
སད་ན་ལེགས་མཇིང་ཡོན་གྱི་སྐུ་དུས་སུ་གཏན་འབེབས་བྱས། སྲོང་བཙན་སྒམ་པོའི་སྐུ་དུས་སུ་གཏན་འབེབས་བྱས། ཁྲི་རལ་བ་ཅན་གྱི་སྐུ་དུས་སུ་གཏན་འབེབས་བྱས། པུ་དེ་གུང་རྒྱལ་གྱི་སྐུ་དུས་སུ་གཏན་འབེབས་བྱས།
༡༥༨༽ དབོན་ཞང་རྡོ་རིང་ག་དུས་བཙུགས་སམ།
ཆུ་ཡོས་ཕྱི་ལོ་ ༨༢༣ ལོར་བཙུགས། ཆུ་ཁྱི་ཕྱི་ལོ་ ༨༤༢ ལོར་བཙུགས། ཤིང་ལུག་ཕྱི་ལོ་ ༧༥༥ ལོར་བཙུགས། ལྕགས་རྟ་ཕྱི་ལོ་ ༩༧༠ ལོར་བཙུགས།
༡༥༩༽ བོད་ན་ཡོད་པའི་དབོན་ཞང་རྡོ་རིང་ས་གནས་གང་དུ་བཞུགས་ཡོད་དམ།
ཕོ་བྲང་པོ་ཏཱ་ལའི་མདུན་དུ་ཡོད། ལྷ་སའི་གཙུག་ལག་ཁང་གི་མདུན་དུ་ཡོད། བསམ་ཡས་གཙུག་ལག་ཁང་གི་མདུན་དུ་ཡོད། ཡུལ་ཡར་ཀླུང་དུ་ཡོད།
༡༦༠༽ རྒྱ་ནག་ན་ཡོད་པའི་དབོན་ཞང་རྡོ་རིང་དེ་ས་གནས་གང་དུ་ཡོད་དམ།
རྒྱལ་ས་ཅཱ་རྔན་ཕོ་བྲང་གི་མདུན་དུ་ཡོད། རྒྱལ་ས་པི་ཅིང་གི་མདུན་དུ་ཡོད། རྒྱ་ནག་རི་བོ་རྩེ་ལྔར་ཡོད། རྒྱ་ནག་ཤན་ནན་ཞིང་ཆེན་ནང་ཡོད།
༡༦༡༽ དགེ་འདུན་རེ་ལ་བྲན་ཁྱིམ་བདུན་རེ་ཕུལ་མཁན་གྱི་རྒྱལ་བོ་སུ་ཡིན་ནམ།
མུ་ནེ་བཙན་པོ་ཡིན། ཁྲི་རལ་པ་ཅན་ཡིན། གུང་སྲོང་གུང་བཙན་ཡིན། གླང་དར་མ་ཡིན།
༡༦༢༽ ཁྲི་རལ་པ་ཅན་གྱིས་བཞེངས་པའི་གཙུག་ལག་ཁང་དེ་གང་ཡིན་ནམ།
བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཡིན། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ཡིན། འུ་ཤང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གླིང་གི་གཙུག་ལག་ཁང་ཡིན། རྒྱ་སྟག་རྭ་མོ་ཆེ་གཙུག་ལག་ཁང་ཡིན།
༡༦༣༽ ཁྲི་རལ་པ་ཅན་སྐུ་དཀྲོང་མཁན་སུ་ཡིན་ནམ།
བློན་པོ་སྟག་ར་ཀླུ་གོང་སོགས་ཡིན། བློན་པོ་མ་ཞང་དྲོན་པ་སྐྱེད་སོགས་ཡིན། བླཽན་པོ་སྦས་སྟག་སྣ་སོགས་ཀྱི་ས་བཀྲོངས། ལྷ་ལུང་དཔལ་གྱི་རྡོ་རྗེ་སོགས་ཡིན།
༡༦༤༽ ཁྲི་རལ་བ་ཅན་སྐུ་བཀྲོངས་དུས་དགུང་ལོ་ག་ཚོད་ཡིན་ནམ།
དགུང་གྲངས་ཞེ་དྲུག་ཡིན། དགུང་གྲངས་སོ་དྲུག་ཡིན། དགུང་གྲངས་སོ་ལྔ་ཡིན། དགུང་གྲངས་ཞེ་ལྔ་ཡིན།
༡༦༥༽ ཁྲི་རལ་བ་ཅན་ག་དུས་སྐུ་བཀྲོངས་སམ།
ལྕགས་ཁྱི་སྤྱི་ལོ་ ༨༣༠ ལོར་སྐུ་བཀྲོངས། ཤིང་ཡོས་སྤྱི་ལོ་ ༨༣༥ ལོར་སྐུ་བཀྲོངས། ཆུ་ཁྱི་སྤྱི་ལོ་ ༨༤༢ ལོར་སྐུ་བཀྲོངས། མེ་འབྲུག་སྤྱི་ལོ་ ༨༣༦ ལོར་སྐུ་བཀྲོངས།
༡༦༦༽ ཕོ་བྲང་ཞ་མར་ཉི་མ་ལ་བཞུགས་ནས་རྒུན་ཆང་གསོལ་པའི་སྐབས་བདུད་བླཽན་རྣམས་ཀྱིས་མགུལ་གཅུས་ཏེ་བཀྲོངས་པའི་ རྒྱལ་པོ་དེ་སུ་ཡིན་ནམ།
སད་ན་ལེགས་མཇིང་ཡོན་ཡིན། མུ་ནེ་བཙན་པོ་ཡིན། གླང་དར་མ་ཡིན། ཁྲི་རལ་བ་ཅན་ཡིན།
༡༦༧༽ གླང་དར་མའི་བློན་པོ་གཙོ་བོ་སུ་ཡིན་ནམ།
སྦས་སྟག་སྣ་ཡིན། སྟག་ར་ཀླུ་གོང་ཡིན། ཞང་རྒྱལ་ལྷ་སྣང་ཡིན། ལྷ་བཟང་དཔལ་ཡིན།
༡༦༨༽ རྒྱལ་པོའི་མཚན་ལ་གླང་དར་མ་ཟེར་དོན་གང་ཡིན་ནམ།
དབུ་ལ་གླང་གི་རྭ་ཅོ་ཡོད་པ་ཡིན། སྤྱོད་པ་རྩུབ་པོ་གླང་དང་འདྲ་བ་ཡིན། ཞལ་རས་གླང་དང་འདྲ་བ་ཡིན། གླང་གི་ལོ་ལ་འཁྲུངས་པས་གླང་ཞེས་པ་ཡིན།
༡༦༩༽ གླང་དར་མ་བོད་ཀྱི་རྒྱལ་པོ་ག་དུས་གནང་ངམ།
མེ་འབྲུག་ཕྱི་ལོ་ ༨༣༦ ལོར་རྒྱལ་པོ་གནང༌། ས་རྟ་ཕྱི་ལོ་ ༨༣༨ ལོར་རྒྱལ་པོ་གནང༌། ཆུ་ཁྱི་ཕྱི་ལོ་ ༨༤༢ ལོར་རྒྱལ་པོ་གནང༌། ལྕགས་སྟག་ཕྱི་ལོ་ ༨༡༠ ལོར་རྒྱལ་པོ་གནང༌།
༡༧༠༽ གླང་དར་མས་དམ་པའི་ཆོས་ག་དུས་བཤིག་འགོ་བརྩམས།
ས་རྟ་ཕྱི་ལོ་ ༨༣༨ ལོར་བཤིག་འགོ་བརྩམས། ཆུ་ཁྱི་ཕྱི་ལོ་ ༨༤༢ ལོར་བཤིག་འགོ་བརྩམས། མེ་འབྲུག་ཕྱི་ལོ ༨༣༦ ལོར་བཤིག་འགོ་བརྩམས། ཆུ་ཡོས་ཕྱི་ལོ་ ༨༢༣ ལོར་བཤིག་འགོ་བརྩམས།
༡༧༡༽ གླང་དར་མས་ལྷ་ཁང་བཤིག་པའི་འགོ་གང་ནས་བཙུགས་སམ།
ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ནས་བཙུགས་སོ། བསམ་ཡས་གཙུག་ལག་ཁང་ནས་བརྩུགས་སོ། ཁྲ་འབྲུག་གཙུག་ལག་ཁང་ནས་བརྩུགས་སོ། འུ་ཤང་རྡོ་དཔེ་མེད་བཀྲིས་དགེ་འཕེལ་གྱི་གཙུག་ལག་ཁངནས་འགོ་བརྩུགས་སོ།
༡༧༢༽ གཙང་རབ་གསལ། གཡོ་དགེ་འབྱུང༌། རྨར་ཤཱཀྱ་མུ་ནེ་གསུམ་གང་ཡིན་ནམ།
མཁན་སློབ་ཆོས་གསུམ་ཡིན། བོད་ཀྱི་མཁས་པ་མི་གསུམ་ཡིན། རིགས་གསུམ་མགོན་པོ་ཡིན། རྗེ་ཡབ་སྲས་གསུམ་ཡིན།
༡༧༣༽ གླང་དར་མ་སྐུ་བཀྲོངས་མཁན་སུ་ཡིན་ནམ།
ལོང་ངམ་རྟ་རྗི་ཡིན། ལྷ་ལུང་དཔལ་རྡོར་ཡིན། དབས་ཏེ་རི་ཡིན། ཅོག་རོ་ལེགས་སྒྲ་ཡིན།
༡༧༤༽ གླང་དར་མ་ག་དུས་སྐུ་བཀྲོངས་སམ།
ས་སྟག་ཕྱི་ལོ་ ༧༩༨ ལོར་སྐུ་བཀྲོངས། ཆུ་ཁྱི་ཕྱི་ལོ་ ༨༤༢ ལོར་སྐུ་བཀྲོངས། ཤིང་ལུག་ཕྱི་ལོ་ ༨༡༤ ལོར་སྐུ་བཀྲོངས། ཆུ་ཡོས་ཕྱི་ལོ་ ༨༢༣ ལོར་སྐུ་བཀྲོངས།
༡༧༥༽ གླང་དར་མ་སྐུ་གང་འདྲ་བྱས་ནས་བཀྲོངས་སམ།
མདའ་བརྒྱབ་ཏེ་བཀྲོངས། མགུལ་བཅུག་ཏེ་བཀྲོངས། དུག་ཕུལ་ཏེ་བཀྲོངས། གསོན་པོར་དུར་སར་སྤྱུགས་ཏེ་བཀྲོངས།
༡༧༦༽ ང་གསོད་པ་ཡོང་ན་ལོ་གསུམ་ཕྱིས། ཡང་ན་ལོ་གསུམ་གྱི་སྔ་ཞེས་སྐུ་འདས་ཁར་གསུངས་མཁན་གྱི་རྒྱལ་པོ་དེ་སུ་ཡིན།
གྲི་གུམ་བཙན་པོ་ཡིན། ཁྲི་རལ་པ་ཅན་ཡིན། མུ་ནེ་བཙན་པོ་ཡིན། གླང་དར་མ་ཡིན།
༡༧༧༽ གླང་དར་མར་བཙུན་མོ་གཚོད་ཡོད་དམ།
བཙུན་མོ་གཅིག་ཡོད། བཙུན་མོ་གསུམ་ཡོད། བཙུན་མོ་གཉིས་ཡོད། བཙུན་མོ་བཞི་ཡོད།
༡༧༨༽ འོད་སྲུང་ནི་གླང་དར་མའི་བཙུན་མོ་རྒན་གཞོན་གཉིས་ཀྱི་ནང་ནས་སུའི་སྲས་ཡིན་ནམ།
བཙུན་པོ་རྒན་པ་ཡིན། བཙུན་མོ་གཞོན་པ་ཡིན།
༡༧༩༽ ཡུམ་བརྟན་གླང་དར་མའི་སྲས་ཡིན་ནམ།
སྲས་ཡིན། སྲས་མིན།
༡༨༠༽ དེ་ལ་བཙུན་མོ་རྒན་པས་ཕྲག་དོག་ཡོད་པས་མཚན་མོར་སྒྲན་མེ་འོད་དང༌། ཉིན་ལ་ཉི་མའི་འོད་ཀྱིས་སྲུངས་པའི་རྒྱལ་བོ་དེ་སུ་ཡིན་ནམ།
མངའ་བདག་ཡམ་བརྟན་ཡིན། སད་ན་ལེགས་མཇིང་ཡོན་ཡིན། མུ་ནེ་བཙན་པོ་ཡིན། མངའ་བདག་གནམ་སྟཻ་འོད་སྲུང་ཡིན།
༡༨༡༽ གླང་དར་གྱིས་ཆོས་བསྣུབས་པ་སླར་གསོ་གནང་མཁན་སུ་ཡིན་ནམ།
མངའ་བདག་འོད་སྲུང་དང་ཡུམ་བརྟན་གཉིས་ཡིན། ལྷ་བླ་མ་ཡི་ཤེས་འོད་དང༌། ཡོན་ཏན་འོད་གཉིས་ཡིན། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཡིན། གཡོ་དགེ་བ་བྱུང་དང༌། གཙང་རབ་གསལ། རྨར་ཤཀྱ་མུ་ནེ་གསུམ་ཡིན།
༡༨༢༽ བླ་ཆེན་དགོངས་པ་རབ་གསལ་གྱི་རབ་བྱུང་དང་དགེ་ཚུལ་གྱི་མིང་གང་ཡིན་ནམ།
མུ་གཟུ་གསལ་ཡིན། གཙང་རབ་གསལ་ཡིན། དགེ་པ་རབ་གསལ་ཡིན། གཡོ་དགེ་བ་བྱུང་ཡིན།
༡༨༣༽ བླ་ཆེན་དགོངས་པ་རབ་གསལ་བསྙེན་བར་རྗོགས་སྐབས་རྒྱའི་དགེ་སློང་གཉིས་ཀྱི་ས་ཁ་སྐོང་གནང་ཡོད་པ་དེ་གཉིས་ཀྱི་མིང་ལ་གང་ཟེར་རམ།
ཀ་བདེ་དང༌། གྱི་བན་ཟེར། རྨར་ཤཀྱ་མུ་ནེ་དང༌། གཙང་རབ་གསལ་ཟེར། ས་ཡེ་ཙུང་དང༌། ཐང་ཐའི་ཙུག་ཟེར། སྐ་བ་དཔལ་བརྩེགས་དང༌། ཅོག་རོ་ཀླུའི་རྒྱལ་མཚན་ཟེར།
༡༨༤༽ དབུས་གཙང་གི་མི་བཅུ་གཉིས་བསྙེན་པར་རྫོགས་སྐབས་ལྷ་ཆེན་དགོངས་པ་རབ་གསལ་བསྙེན་པར་རྫོགས་ནས་ལོ་ག་ཚད་སོང་ཡོད་དམ།
ལོ་དྲུག་སོང་ཡོད། ལོ་བཞི་སོང་ཡོད། ལོ་ལྔ་སོང་མེད། ལོ་བདུན་སོང་ཡོད།
༡༨༥༽ བསྟན་པའི་མེ་རོ་སྨད་ནས་གསོ་མཁན་སུ་ཡིན་ནམ།
ལྷ་བླ་མ་ཡེ་ཤེས་འོད་ཡིན། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཡིན། བླ་ཆེན་དགོངས་པ་རབ་གསལ་ཡིན་ནོ། གཙང་གཡོ་རྨར་གསུམ་ཡིན།
༡༨༦༽ རྒྱ་གར་གྱི་མཁས་པ་ཇོ་བོ་རྗེ་ཨ་ཏི་ཤ་བོད་དུ་གདན་འདྲེན་ཞུ་མཁན་སུ་ཡིན་ནམ།
འགྲོ་མགོན་ཆོས་རྒྱལ་འཕགས་པ་ཡིན། ཐུན་མི་སཾ་བྷོ་ཊ་ཡིན། རྔོག་ལེགས་པའི་ཤེས་རབ་ཡིན། ལྷ་བླ་མ་ཡེ་ཤེས་འོད་དང་བྱང་ཆུབ་འོད་གཉིས་ཡིན་ནོ།
༡༨༧༽ བོད་སིལ་བུར་འཐོར་ནས་ལོ་གྲངས་ག་ཚོད་གནས།
ལོ་ངོ་ ༣༦༡ གནས། ལོ་ངོ་ ༤༠༥ གནས། ལོ་ངོ་ ༤༥༠ གནས། ལོ་ངོ་ ༤༡༡ གནས།
༡༨༨༽ ལོ་ཆེན་རིན་ཆེན་བཟང་པོ་རྒྱ་གར་དུ་བཏང་མཁན་སུ་ཡིན་ནམ།
བྱང་ཆུབ་འོད་ཡིན། ལྷ་བླ་མ་ཡེ་ཤེས་འོད་ཡིན། རྔོག་ལེག་པའི་ཤེས་རབ་ཡིན། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཡིན།
༡༨༩༽ ལོ་ཆེན་རིན་ཆེན་བཟང་པོས་བླ་མ་ག་ཚོད་བསྟེན་ནམ།
བླ་མ་ཉི་ཤུ་རྩ་ལྔ་བསྟེན། བླ་མ་བདུན་ཅུ་རྩ་ལྔ་བསྟེན། བླ་མ་སུམ་ཅུ་སོ་ལྔ་བསྟེན། བླ་མ་ལྔ་བཅུ་ང་ལྔ་བསྟེན།
༡༩༠༽ འདུལ་བ་སྟོད་འདུལ་གྱི་སྲོལ་གང་ནས་བྱུང་ངམ།
ཇོ་བོ་རྗེ་དཔལ་ལྡན་ཤ་ཏི་ཤ་ནས་བྱུང༌། ནག་ཚེ་ལོ་ཙཱ་བ་ནས་བྱུང༌། པཎྜིཏ་དྷརྨ་པ་ལ་ནས་བྱུང་ངོ༌། ལོ་ཆེན་རིན་ཆེན་བཟང་པོ་ནས་བྱུང༌།
༡༩༡༽ ལོ་ཆེན་རིན་ཆེན་བཟང་པོ་ག་དུས་རབ་ཏུ་བྱུང་ངམ།
ལྕགས་རྟ་ཕྱི་ལོ་ ༩༧༠ ལོར་རབ་ཏུ་བྱུང༌། ས་སྟག་ཕྱི་ལོ་ ༩༧༨ ལོར་རབ་ཏུ་བྱུང༌། མེ་ཡོས་ཕྱི་ལོ་ ༩༦༧ ལོར་རབ་ཏུ་བྱུང༌། ཤིང་ཕག་ཕྱི་ལོ་ ༩༧༥ ལོར་རབ་ཏུ་བྱུང༌།
༡༩༢༽ ལོ་ཙྭ་བ་རིན་ཆེན་བཟང་པོ་རབ་ཏུ་བྱུང་བའི་མཁན་པོ་སུ་ཡིན་ནམ།
གཡོ་དགེ་བ་བྱུང་ཡིན། བླ་ཆེན་དགོངས་པ་རབ་གསལ་ཡིན། གཙང་རབ་གསལ་ཡིན། མཁན་པོ་ཡེ་ཤེས་བཟང་བོ་ཡིན།
༡༩༣༽ དབུས་གཙང་གི་མི་བཅུ་ཡིས་བླ་ཆེན་ལས་བསྙེན་པར་རྫོགས་པའི་ལོ་དེ་གང་ཡིན་ནམ།
ལྕག་རྟ་ཕྱི་ལོ་༩༧༠ ལོར་ཡིན། ས་རྟ་ཕྱི་ལོ་༩༥༨ ལོར་ཡིན། ལྕག་འབྲུག་ཕྱི་ལོ་༩༨༠ ལོར་ཡིན། ས་སྟག་ཕྱི་ལོ་༩༧༨ ལོར་ཡིན།
༡༩༤༽ ལྷ་བླ་མ་ཡེ་ཤེས་འོད་ཀྱིས་གསེར་སྒྲུག་སྐབས་སུས་འཛིན་བཟུང་བྱས་སམ།
རྒྱ་གར་བྷེང་གྷོལ་རྒྱལ་པོས་འཛིན་བཟུང་བྱས། སོག་པོ་ཨལ་ཐན་རྒྱལ་པོས་འཛིན་བཟུང་བྱས། རྒྱ་རྒྱལ་ཐང་ཀའོ་ཙུང་གིས་འཛིན་བཟུང་བྱས། གར་ལོག་གི་རྒྱལ་བོས་འཛིན་བཟུང་བྱས།
༡༩༥༽ ཇོ་བོ་རྗེ་རྒྱ་གར་དུ་བཞུགས་སའི་དགོན་པ་དེའི་མིང་ལ་གང་ཟེར་རམ།
ཨོ་ཏཎཎ་པུ་རིའི་གཙུག་ལག་ཁང་ཟེར། བིཀྲམ་ཤི་ལའི་གཙུག་ལག་ཁང་ཟེར། ནཱ་ལེན་དྲའི་གཙུག་ལག་ཁང་ཡིན། གསང་ཕུ་ནེའུ་ཐོག་གི་དགོན་པ་ཡིན།
༡༩༦༽ ཇོ་བོ་རྗེ་ག་དུས་བོད་ལ་ཆིབས་བསྒྱུར་གནང་ངམ།
ཤིང་རྟ་ཕྱི་ལོ་ ༡༠༥༤ ལོར་ཆིབས་བསྒྱུར་གནང༌། མེ་བྱ་ཕྱི་ལོ་ ༡༠༤༧ ལོར་ཆིབས་བསྒྱུར་གནང༌། ལྕག་འབྲུག་ཕྱི་ལོ་ ༡༠༤༠ ལོར་ཆིབས་བསྒྱུར་གནང༌། ས་སྟག་ཕྱི་ལོ་ ༡༠༣༨ ལོར་ཆིབས་སྒྱུར་གནང༌།
༡༩༧༽ དྲི་བ། ཇོ་བོ་རྗེ་ག་དུས་བོད་ལ་ཕེབས་འབྱོར་གནང་ངམ།
ལྕགས་འབྲུག་ཕྱི་ལོ་ ༡༠༤༠ ལོར་ཕེབས་ཡོད། མེ་བྱ་ཕྱི་ལོ་ ༡༠༥༧ ལོར་ཕེབས་ཡོད། ཆུ་གླང་ཕྱི་ལོ་ ༡༢༥༣ ལོར་ཕེབས་ཡོད། ཤིང་རྟ་ཕྱི་ལོ་ ༡༠༥༤ ལོར་ཕེབས་ཡོད།
༡༩༨༽ ཇོ་བོ་རྗེ་བོད་དུ་ཕེབས་དུས་ལོ་ཆེན་རིན་བཟང་པོ་དགུངས་གྲངས་ག་ཚོད་ཡིན་ནམ།
དགུང་གྲངས་ ༧༨ ཡིན། དགུང་གྲངས་ ༩༠ ཡིན། དགུང་གྲངས་ ༨༥ ཡིན། དགུང་གྲངས་ ༩༥ ཡིན།
༡༩༩༽ ཇོ་བོ་རྗེས་བོད་དུ་བརྩམས་པའི་བསྟན་བཅོས་གྲགས་ཆེན་དེའི་མཚན་ལ་གང་ཟེར་རམ།
བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པ་ཟེར། བྱང་ཆུབ་ལམ་རིམ་ཆེན་མོ་ཟེར། བྱང་ཆུབ་ལམ་གྱི་སྒྲོན་མ་ཟེར། རྒྱལ་སྲས་ལག་ལེན་སོ་བདུན་མ་ཟེར།
༢༠༠༽ ཇོ་བོ་རྗེ་དབུས་ཁུལ་དུ་གདན་འདྲེན་ཞུ་མཁན་སུ་ཡིན་ནམ།
རྔོག་ལེག་པའི་ཤེས་རབ་ཡིན། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཡིན། ལྷ་བླ་མ་ཡི་ཤེས་འོད་ཡིན། ནག་ཚོ་ཚུལ་ཁྲིམས་རྒྱལ་བ་ཡིན།