logo Home Page
  • བརྡ་སྤྲོད།
    • ཡི་གེ
    • ༓ དབྱངས།
    • ༓ གསལ་བྱེད།
    • ཚིག་ཕྲད།
    • ༓ ཕྲད་གཞན་དབང་ཅན་རྣམ་དབྱེ་དང་བཅས་པ་བཤད་པ།
    • ༓ ཕྲད་རང་དབང་ཅན།
  • རྩ་ཚིག
    • ལེགས་བཤད་ལྗོན་དབང་།
    • དཀའ་གནད་གསལ་བའི་མེ་ལོང་།
    • བྱིས་པ་དག་ཡིག
    • སུམ་ཅུ་པའི་རྩ་བ།
    • རྟགས་ཀྱི་འཇུག་པའི་རྩ་བ།
    • ཆུའི་བསྟན་བཅོས་ཀྱི་རྩ་བ།
    • ཤིང་གི་བསྟན་བཅོས་ཀྱི་རྩ་བ།
    • བསྡུས་གྲྭའི་སྡོམ་ཚིག
    • དགེ་ལྡན་ལེགས་བཤད།
    • བཤེས་སྤྲིངས་ཀྱི་རྩ་བ།
    • ས་སྐྱ་ལེགས་བཤད་ཀྱི་རྩ་བ།
  • དྲི་བ་དྲི་ལན།
    • བོད་ཀྱི་ལོ་རྒྱུས་དྲི་བ་དྲི་ལན།
    • སྐུ་ཕྲེང་རིམ་བྱོན་དྲི་བ་དྲི་ལན།
    • དཀའ་གནད་དྲི་བ་དྲི་ལན།
    • སྙན་ངག་སྤྱི་དོན་དྲི་བ་དྲི་ལན།
    • དེབ་ཐེར་དཀར་པོ་དྲི་བ་དྲི་ལན།
    • ཆོས་འབྱུང་ཀུན་བཏུས།
  • ནང་ཆོས།
    • སྐྱབས་འགྲོ
    • སྒྲོལ་མ་ཉེར་གཅིག
    • ལས་འབྲས།
    • ལྷ་དང་ཡི་དམ།
    • བློ་སྦྱོང་ཚིགས་བརྒྱད་མ།
    • མཎི་ཡིག་དྲུག
    • ཡ་རབས་སྤྱོད་བཟང་སྐོར།
    • ནང་ཆོས་སྤྱི་དང་ཕྱག་མཆོད་སྐོར།
    • བདེན་པ་གཉིས་ངོ་སྤྲོད།
    • བདེན་པ་བཞི་ངོ་སྤྲོད།
  • དུས་ཆེན།
    • བཅོ་ལྔ་མཆོད་པ།
    • གསུམ་བཅུའི་དུས་དྲན།
    • ས་ག་ཟླ་བ།
    • འཁྲུངས་སྐར་དུས་ཆེན།
    • མང་གཙོ་དུས་ཆེན།
    • ལྷ་བབས་དུས་ཆེན།
    • ངན་པ་དགུ་འཛོམས་དང་བཟང་པོ་
    • ཆོས་འཁོར་དུས་ཆེན།
    • འཛམ་གླིང་སྤྱི་བཟང་།
    • བོད་ཀྱི་ལོ་གསར།
  • སྤྱིར་བཏང་ཤེས་བྱ།
    • པཎ་སྒྲུབ་བཅུ་བདུན།
    • མཚན་སྔགས།
    • ཞེ་སའི་ཚིག་མཛོད།
    • གཏམ་དཔེ།
    • དར་ལྕོག
    • རི་དྭགས་ཆོས་འཁོར།
    • རླུང་རྟ།
    • རྒྱལ་སྲིད་སྣ་བདུན།
    • སྲིད་པའི་འཁོར་ལོ།
    • བཀྲ་ཤིས་རྟགས་བརྒྱད།
    • བཀྲ་ཤིས་རྫས་བརྒྱད།

བོད་ཀྱི་ལོ་རྒྱུས་དྲི་བ་དྲི་ལན།  དྲི་བ་ ༡༠༡ ནས་ ༡༥༠ བར།

    ༡༠༡༽ ཆོས་རྒྱས་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་དམར་པོའི་རི་ལ་ཐོག་རྒྱག་མཁན་སུ་ཡིན་ནམ།

    གཉན་ཆེན་ཐང་ལྷ་ཡིན། ཡར་ལྷ་ཤམ་པོ་ཡིན། བརྟན་མ་བཅུ་གཉིས་ཡིན། ལྷ་སྲིས་སྡེ་བརྒྱད་ཡིན།

    ༡༠༢༽ མཁན་ཆེན་ཞི་བ་འཚོ་བལ་ཡུལ་དུ་ཕེབས་ཁར་བཀའ་སློབ་གང་གནང་ངམ།

    ངས་བོད་དུ་བསྡད་ནས་ཕན་པ་མིན་འདུག་གསུངས། སློབ་དཔོན་པདྨ་སཾ་བྷོ་ལྦ་གདན་འདྲེད་བྱེད་དགོས་གསུངས།
    བོད་མིར་ཆོས་བྱེད་པའི་སྐལ་བ་མི་ལྡན་གསུངས། མཁན་ཆེན་གྱི་སློབ་མ་ཀ་མ་ལ་ཤི་ལ་སྤྱན་དྲོངས་གསུངས།

    ༡༠༣༽ མཁན་ཆེན་ཞི་བ་འཚོ། སློབ་དཔོན་པདྨ་འབྱུང་གནས། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གསུམ་གང་ཡིན་ནམ།

    ཆོས་རྒྱལ་མེས་དབོན་རྣམ་གསུམ་ཟེར། མཁན་སློབ་ཆོས་གསུམ་ཡིན། རྗེ་ཡབ་སྲས་གསུམ་ཟེར། རིག་གསུམ་མགོན་པོ་ཟེར།

    ༡༠༤༽ བོད་ལ་རབ་བྱུང་གི་སྡེ་རྒྱལ་པོ་གང་གི་དུས་སུ་བྱུང༌།

    ལྷ་ཐོ་ཐོ་རི་གཉན་བཙན་སྐབས་བྱུང༌།       ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བྱུང༌།
    མངའ་བདག་རལ་པ་ཅན་གྱི་སྐུ་དུས་སུ་བྱུང༌། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་བྱུང༌།

    ༡༠༥༽ བོད་ལ་ལྷ་ཕབ་པའི་ཐོག་མ་རྒྱལ་པོ་སུའི་སྐུ་དུས་བྱུང་ངམ།

    ལྷ་རི་གཉའ་བཙན་སྐུ་དུས་སུ་བྱུང༌། གྲི་གུམ་བཙན་པོའི་སྐུ་དུས་སུ་བྱུང༌།
    དུས་སྲོང་མང་རྗེའི་སྐུ་དུས་སུ་བྱུང༌། ཆོས་རྒྱས་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བྱུང༌།

    ༡༠༦༽ སློབ་དཔོན་པདྨ་འབྱུང་གནས་གདན་འདྲེན་བྱེད་དུ་བློན་པོ་སུ་སོང་ངམ།

    སྦ་གསལ་སྣང་སོང༌། སྟག་ར་ཀླུ་གོང་སོང༌། ཞང་ཉམས་བཟང་སོང༌། སྟག་སྒྲ་ཀླུ་གོང་སོང༌།

    ༡༠༧༽ སློབ་དཔོན་པདྨ་འབྱུང་གནས་དང་ཆོས་རྒྱས་ཁྲི་སྲོང་ལྡེ་བཙན་གཉིས་ཐོག་མར་ས་གནས་གང་དུ་ཞལ་མཇལ་གནང་ཡོད་དམ།

    མང་ཡུལ་གུང་ཐང་དུ་མཇལ། ཡར་ཀླུང་དུ་མཇལ། ཟུང་མཁར་མདར་མཇལ། བྲག་དམར་མགྲིན་བཟང་མཇལ།

    ༡༠༨༽ སློབ་དཔོན་བོད་དུ་ཕེབས་ནས་ཕྱག་ལས་ཐོག་མ་གང་གནང་ངམ།

    བསམ་ཡས་གཙུག་ལག་ཁང་བཞེངས། བོད་ཀྱི་ལྷ་འདྲེ་རྣམས་དམ་ལ་བཏགས།
    སྲས་མི་བདུན་རབ་ཏུ་བྱུང༌། བོད་ལ་ནང་ཆོས་ཐོག་མར་སྤེལ།

    ༡༠༩༽ བོད་ལ་ལྷ་ཕབ་པའི་སྲོལ་བཙུགས་མཁན་སུ་ཡིན་ནམ།

    ཆོས་རྒྱལ་སྲོང་བཙན་སྒམ་པོ་ཡིན། མཁན་ཆེན་ཞི་བ་ཚོ་ཡིན། སྟོན་པ་ཤེས་རབ་ཡིན། སློབ་དཔོན་པདྨ་འབྱུང་གནས་ཡིན།

    ༡༡༠༽ བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་་དཔེ་གང་ལ་བླངས་ཏེ་བཞེངས་སམ།

    བི་ཀྲ་མ་ལ་ཤི་ལའི་དགོན་པ་ལ་དཔེ་བླངས།     ཨོ་ཏཎ་པུ་རིའི་གཙུག་ལག་ཁང་ལ་དཔེ་བླངས།
    མཁར་གྱི་ཐོག་མ་ཡུམ་བུ་གླ་མཁར་ལ་དཔེ་བླངས། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ལ་དཔེ་བླངས།

    ༡༡༡༽ དཔལ་བསམ་ཡས་བཞེངས་པའི་འགོ་ག་དུས་བཙུགས་སམ།

    ལྕགས་སྟག་སྤྱི་ལོ་ ༧༥༠ ལོར་འགོ་བཙུགས། ཤིང་རྟ་སྤྱི་ལོ་ ༦༩༤ ལོར་འགོ་བཙུགས།
    ཤིང་འབྲུག་སྤྱི་ལོ་ ༧༦༤ ལོར་འགོ་བཙུགས། ལྕགས་གླང་སྤྱི་ལོ་ ༦༤༡ ལོར་འགོ་བཙུགས།

    ༡༡༢༽ བསམ་ཡས་བཞེངས་འགོ་བཙུགས་ནས་མ་གྲུབ་པར་དུ་ལོ་ཅི་ཙམ་འགོར་རམ།

    མི་ལོ་ ༡༢ འགོར་ཡོད། མི་ལོ་ ༡༥ འགོར་ཡོད། མི་ལོ་ ༡༤ འགོར་ཡོད། མི་ལོ་ ༡༣ འགོར་ཡོད།

    ༡༡༣༽ བསམ་ཡས་བཞེངས་སའི་གནས་ལ་ས་ཆོག་གནང་མཁན་སུ་ཡིན་ནམ།

    ཇོ་བོ་དཔལ་ལྡན་ཨ་ཏི་ཤ། ཀ་མ་ལ་ཤི་ལ། མཁན་ཆེན་ཞི་བ་འཚོ། སློབ་དཔོན་པདྨ་སཾ་བྷ་ཝ་ཡིན།

    ༡༡༤༽ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་བོད་ལ་ཆོས་གྲྭ་ག་ཚོད་བཙུགས་སམ།

    བོད་ལ་ཆོས་གྲྭ་བཅུ་གཉིས་བཙུགས། བོད་ལ་ཆོས་གྲྭ་བདུན་བཙུགས།
    བོད་ལ་ཆོས་གྲྭ་གསུམ་བཙུགས།    བོད་ལ་ཆོས་གྲྭ་ལྔ་བཙུགས།

    ༡༡༥༽ རྒྱ་ནག་གི་ཧ་ཤང་མཧཱ་ཡ་ན་རྩོད་པ་བརྒྱབ་ནས་ཕམ་འཇུག་མཁན་གྱི་པཎྜིཏ་དེའི་མཚན་ལ་ཅི།

    ལོ་ཙ་བ་རིན་ཆེན་བཟང་པོ་ཟེར། ས་སྐྱ་པཎྜིཏ་ཟེར། ཀ་མ་ལ་ཤི་ལ་ཟེར། སྦ་བསལ་སྣང་ཟེར།

    ༡༡༦༽ ཀ་མ་ལ་ཤི་ལ་དང་ཧཱ་ཤང་མཧཱ་ཡ་ན་གཉིས་ཀྱིས་ལོ་ག་ཚད་ལ་རྩོད་པ་བྱས་སམ།

    ལོ་གསུམ་རིང་རྩོད་པ་བྱས། ཟླ་བ་གཉིས་རིང་རྩོད་པ་བྱས། ལོ་གཉིས་རིང་རྩོད་པ་བྱས། ཟླ་བ་གསུམ་རིང་རྩོད་པ་བྱས།

    ༡༡༧༽ བོད་ལ་གསང་སྔགས་གྱི་ཆོས་དར་སྤེལ་གནང་མཁན་སུ་ཡིན་ནམ།

    མཁན་ཆེན་ཞི་བ་འཚོ་ཡིན། ཀ་མ་ལ་ཤི་ལ་ཡིན། སློབ་དཔོན་པདྨ་འབྱུང་གནས་ཡིན། མར་པ་ལོ་ཙཱ་བ་ཡིན།

    ༡༡༨༽ བོད་དམག་རྒྱ་ནག་གི་རྒྱལ་ས་ཅཱརྔན་དུ་དྲངས་མཁན་གྱི་རྒྱལ་པོ་སུ་ཡིན་ནམ།

    མངའ་བདག་རལ་པ་ཅན་ཡིན།   དུས་སྲོང་མང་རྗེ་རླུང་ནས་འཕྲུལ་གྱི་རྒྱལ་པོ་ཡིན།
    རྒྱལ་པོ་གནམ་རི་སྲོང་བཙན་ཡིན། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ཡིན།

    ༡༡༩༽ ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ལ་བཙུན་མོ་ག་ཚོད་ཡོད་དམ།

    བཙུན་མོ་ལྔ་ཡོད། བཙུན་མོ་བཞི་ཡོད། བཙུན་མོ་གཅིག་ཡོད། བཙུན་མོ་གསུམ་ཡོད།

    ༡༢༠༽ དགེ་རྒྱས་ལི་མ་གླིང་གི་ལྷ་ཁང་བཞེངས་མཁན་སུ་ཡིན་ནམ།

    མཆིམས་བཟའ་ལྷ་མོ་བཙུན་ཡིན། འབྲོ་བཟའ་རྒྱལ་མོ་བཙུན་ཡིན།
    ཚོ་སྤོང་བཟའ་མེ་ཏོག་སྒྲོན་ཡིན།   ཕོ་ཡོངས་བཟའ་རྒྱལ་མོ་བཙུན་ཡིན།

    ༡༢༡༽ བྱང་ཆུབ་རྗེ་ཞེས་པ་འདི་སུའི་མཚན་ཡིན་ནམ།

    ཚེ་སྤོང་བཟའི་སྲས་ཀྱི་མཚན་ཡིན།       ཁྲི་རལ་པ་ཅན་གྱི་བཙུན་མོའི་མཚན་ཡིན།
    སྲོང་བཙན་སྒམ་པོའི་ཡུམ་གྱི་མཚན་ཡིན། འབྲོ་བཟའ་རྒྱལ་མོ་བཙུན་རབ་ཏུ་བྱུང་བའི་མཚན་ཡིན།

    ༡༢༢༽ ཁམས་གསུམ་ཟངས་ཁང་གླིང་བཞེངས་མཁན་སུ་ཡིན་ནམ།

    མཆིམས་བཟའ་ལྷ་མོ་བཙུན་ཡིན།    ཚེ་སྤོང་བཟའ་མེ་ཏོག་སྒྲོན་ཡིན།
    ཕོ་ཡོངས་བཟའ་རྒྱལ་མོ་བཙུན་ཡིན། མཁར་ཆེན་བཟའ་མཚོ་རྒྱལ་ཡིན

    ༡༢༣༽ ཁམས་གསུམ་ཟངས་ཁང་གླིང་གང་ལ་དཔེ་བླངས་ནས་བཞེངས་སམ།

    བསམ་ཡས་དབུ་རྩེ་རིགས་གསུམ་ལ་དཔེ་བླངས་ཏེ་བཞེངས། ཡུམ་བུ་བླ་སྒང་ལ་དཔེ་བླངས་ཏེ་བཞེངས།
    ཨོ་ཏཎཎ་པུ་རིའི་གཙུག་ལག་ཁང་ལ་དཔེ་བླངས་ཏེ་བཞེངས། བི་ཀྲ་མ་ཤི་ལའི་དགོན་པར་དཔེ་བླངས་ཏེ་བཞེངས།

    ༡༢༤༽ བུ་ཚལ་གསེར་གྱི་ལྷ་ཁང་བཞེངས་མཁན་སུ་ཡིན་ནམ།

    ཚེ་སྤོང་བཟའ་མེ་ཏོག་སྒྲོན་ཡིན།    མཆིམས་བཟའ་ལྷ་མོ་བཙུན་ཡིན།
    ཕོ་ཡོངས་བཟའ་རྒྱལ་མོ་བཙུན་ཡིན། མཁར་ཆེན་བཟའ་མཚོ་རྒྱལ་ཡིན།

    ༡༢༥༽ ཁྲི་སྲོང་ལྡེ་བཙན་ལ་གུ་རུ་རིན་པོ་ཆེས་ཡུམ་གྱི་རྣམ་ཤེས་ཡིན་པར་ལུང་བསྟན་པའི་བཙུན་མོ་དེ་སུ་ཡིན་ནམ།

    མཆིམས་བཟའ་ལྷ་མོ་བཙུན་ཡིན། མཁར་ཆེན་བཟའ་མཚོ་རྒྱལ་ཡིན།
    ཚེ་སྤོང་བཟའ་མེ་སྒྲོན་ཡིན།      ཕོ་ཡོངས་བཟའ་རྒྱལ་མོ་བཙུན་ཡིན།

    ༡༢༦༽ སྐྱེས་འབྲས་ལེགས་པས་བཙུན་མོ་གཞན་གྱིས་ཕྲག་དོག་བྱས་ཏེ་བཞུཌ་མི་བདེ་པ་ཡོང་བར་དགོངས་ནས་ཁྲི་སོང་ལྡེ་བཙན་གྱིས་སྲས་ལ་གནང་བའི་བཙུན་མོ་དེ་སུ་ཡིན་ནམ།

    མཆིམས་བཟའ་ལྷ་མོ་བཙུན་ཡིན། ཚེ་སྤོང་བཟའ་མེ་ཏོག་སྒྲོན་ཡིན།
    མཁར་ཆེན་བཟའ་མཚོ་རྒྱལ་ཡིན། ཕོ་ཡོངས་བཟའ་རྒྱལ་མོ་བཙུན་ཡིན།

    ༡༢༧༽ ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ་ལས་སྲས་འཁྲུངས་མཁན་གྱི་བཙུན་མོ་སུ་ཡིན།

    མཆིམས་བཟའ་ལྷ་མོ་བཙུན་ཡིན། མཁར་ཆེན་བཟའ་མཚོ་རྒྱལ་ཡིན།
    འབྲོ་བཟའ་ཁྲི་རྒྱལ་མོ་བཙུན་ཡིན། ཚེ་སྤོང་བཟའ་མེ་ཏོག་སྒྲོན་ཡིན།

    ༡༢༨༽ ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ལ་སྲས་ག་ཚོད་འཁྲུངས་སམ།

    སྲས་གསུམ་ཡོད། སྲས་གཉིས་ཡོད། སྲས་བཞི་ཡོད། སྲས་གཅིག་ཡོད།

    ༡༢༩༽ ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྲས་ཞིག་ཆུང་དུས་ནས་སྐུ་གྲོངས་པ་དེའི་མིང་ཅི།

    མུ་ནེ་བཙན་པོ་ཟེར། མུ་ཏིག་བཙན་པོ་ཟེར། སད་ན་ལེགས་མཇིང་ཡོན་ཟེར། མུ་རུབ་བཙན་པོ་ཟེར།

    ༡༣༠༽ མུ་ཁྲི་བཙན་པོ་རྒྱལ་སར་འཁོད་དུས་སྤྱི་ལོ་གང་ཡིན་ནམ།

    མེ་གླང་ཕྱི་ལོ་ ༧༩༧ ཡིན། ཤིང་ཕག་ཕྱི་ལོ་ ༧༩༥ ཡིན། ཆུ་སྤྲེལ་ཕྱི་ལོ་ ༧༩༢ ཡིན། མེ་ཡོས་ཕྱི་ལོ་ ༧༨༧ ཡིན།

    ༡༣༡༽ ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ག་དུས་སྐུ་འདས་སམ།

    མེ་གླང་ཕྱི་ལོ་ ༧༩༧ ལོར་སྐུ་འདས། ས་སྟག་ཕྱི་ལོ་ ༧༩༨ ལོར་སྐུ་འདས།
    མེ་ལུག་ཕྱི་ལོ་ ༧༦༧ ལོར་སྐུ་འདས། ཆུ་རྟ་ཕྱི་ལོ་ ༨༠༢ ལོར་སྐུ་འདས།

    ༡༣༢༽ བོད་ལ་དབུལ་ཕྱུག་ལན་གསུམ་སྙོམས་མཁན་གྱི་རྒྱལ་པོ་སུ་ཡིན་ནམ།

    སྲོང་བཙན་སྒམ་པོ་ཡིན། གྲི་གུམ་བཙན་པོ་ཡིན། མུ་ཁྲི་བཙན་པོ་ཡིན། སད་ན་ལེགས་མཇིང་ཡོན་ཡིན།

    ༡༣༣༽ མུ་ཁྲི་བཙན་པོས་རྒྱལ་སྲིད་ལོ་ག་ཚོད་བསྐྱངས་སམ།

    ལོ་བདུན་བསྐྱངས།      ལོ་གཅིག་དང་ཟླ་བ་བདུན་བསྐྱངས། ལོ་བཅུ་བདུན་བསྐྱངས། ལོ་གཅིག་དང་ཟླ་བ་དགུ་བསྐྱངས།

    ༡༣༤༽ མུ་ཁྲི་བཙན་པོར་སྲས་ཡོད་དམ།

    སྲས་གཉིས་ཡོད། སྲས་མེད། སྲས་གཅིག་ཡོད། སྲས་གསུམ་ཡོད།

    ༡༣༥༽ བོད་ཀྱི་མངའ་ཐང་ཆེ་ཤོས་ཀྱི་རྒྱལ་བོ་སུ་ཡིན་ནམ།

    སྲོང་བཙན་སྒམ་པོ་ཡིན། གཉའ་ཁྲི་བཙན་པོ་ཡིན། ཁྲི་སྲོང་ལྡེ་བཙན་ཡིན།   གནམ་རི་སྲོང་བཙན་ཡིན།

    ༡༣༦༽ བོད་ཀྱི་རྒྱལ་ཐོག་སོ་བརྒྱད་བ་སུ་ཡིན་ནམ།

    ཁྲི་ལྡེ་གཙུག་བརྟན་ཡིན། མུ་ནེ་བཙན་པོ་ཡིན། དུས་སྲོང་མང་རྗེ་ཡིན། ཁྲི་སྲོང་ལྡེ་བཙན་ཡིན།

    ༡༣༧༽ བོད་ཀྱི་རྒྱལ་ཐོག་སོ་དགུ་བ་སུ་ཡིན་ནམ།

    མུ་ཏིག་བཙན་པོ་ཡིན། སད་ན་ལེགས་མཇིང་ཡོན་ཡིན། ཁྲི་སྲོང་ལྡེའུ་བཙན་ཡིན། མུ་ཁྲི་བཙན་པོ་ཡིན།

    ༡༣༨༽ བོད་ཀྱི་རྒྱལ་ཐོག་བཞི་བཅུ་བ་སུ་ཡིན་ནམ།

    ཁྲི་ལྡེ་སྲོང་བཙན་ཡིན། མངའ་བདག་རལ་པ་ཅན་ཡིན། མུ་ནེ་བཙན་པོ་ཡིན། ཁྲི་སྲོང་ལྡེ་བཙན་ཡིན།

    ༡༣༩༽ བློན་ཆེན་སྟག་ར་ཀླུ་གོང་ཞེས་པ་དེ་རྒྱལ་བོ་སུའི་བློན་པོ་ཡིན་ནམ།

    ཆོས་རྒྱལ་སྲོང་བཙན་སྒམ་པོའི་བློན་པོ་ཡིན། སད་ན་ལེགས་མཇིང་ཡོན་གྱི་བློན་པོ་ཡིན།
    མང་སྲོང་མང་བཙན་གྱི་བློན་པོ་ཡིན།          ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་ཡིན།

    ༡༤༠༽ སད་ན་ལེགས་མཇིང་ཡོན་གྱི་བློན་པོའི་ཁྲོད་གྲྭ་བ་གཉིས་ཡོད་པས་དེ་གཉིས་སུ་ཡིན་ནམ།

    ཅོག་རོ་ཀླུའི་རྒྱལ་མཚན་དང༌། བན་དེ་ཡེ་ཤེས་སྡེ་ཡིན། མ་ཞང་དྲོན་པ་སྐྱེད་དང༌། སྟག་ར་ཀླུ་གོང་ཡིན།
    འགོས་ཁྲི་བཟང་དང༌། ཞང་ཉམས་བཟང་ཡིན། བྲན་ཁ་དཔལ་ཡོན་དང༌། ཞང་ཏིང་འཛིན་བཟང་པོ་གཉིས་ཡིན།

    ༡༤༡༽ སད་ན་ལེགས་མཇིང་ཡོན་གྱིས་ལྷ་ཁང་གང་བཞེངས་སམ།

    ཁམས་གསུམ་བཟང་ཁང་གླིང་བཞེངས། སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་བཞེངས་སོ།
    མཐོ་ལིང་གསེར་གྱི་ལྷ་ཁང་བཞེགས།   དགེ་རྒྱལ་ལི་མ་གླིང་གི་ལྷ་ཁང་བཞེངས།

    ༡༤༢༽ སད་ན་ལེགས་མཇིང་ཡོན་གྱིས་ཆབ་སྲིད་ལོ་ག་ཚོད་བསྐྱངས་སམ།

    ཆབ་སྲིད་ལོ་ངོ་ ༡༦ རིང་བསྐྱངས། ཆབ་སྲིད་ལོ་ངོ་ ༡༥ རིང་བསྐྱངས།
    ཆབ་སྲིད་ལོ་ངོ་ ༡༣ རིང་བསྐྱངས། ཆབ་སྲིད་ལོ་ངོ་ ༡༤ རིང་བསྐྱངས།

    ༡༤༣༽ སད་ན་ལེགས་མཇིང་ཡོན་ལ་སྲས་གང་འདྲ་ཡོད་དམ།

    སྲས་ལྔ་ཡོད། སྲས་གཉིས་ཡོད། སྲས་བཞི་ཡོད། སྲས་གསུམ་ཡོད།

    ༡༤༤༽ སད་ན་ལེགས་མཇིང་ཡོན་འདས་དུས་དགུང་ལོ་ག་ཚོད་ཡིན་ནམ།

    དགུང་གྲངས་ང་བཞི་ཡིན།    དགུང་གྲངས་དྲུག་ཅུ་ཡིན།
    དགུང་གྲངས་གྱ་གཉིས་ཡིན། དགུང་གྲངས་སོ་དྲུག་ཡིན།

    ༡༤༥༽ སད་ན་ལེགས་མཇིང་ཡོན་སྐུ་འདས་སའི་ས་གནས་གང་ཡིན་ནམ།

    ལྷོ་བྲག་ཁར་ཆུ་ཡིན། སྦྲགས་ཀྱི་ཕུ་ཡིན། ཟུང་མཁར་ཡིན། འཇང་ཐང་དགེ་རྭ་ཡིན།

    ༡༤༦༽ སད་ན་ལེགས་མཇིང་ཡོན་ག་དུས་སྐུ་འདས་སམ།

    མེ་བྱ་ཕྱི་ལོ་ ༨༡༧ ལོར་སྐུ་འདས།   ཤིང་ལུག་ཕྱི་ལོ་ ༨༡༥ ལོར་སྐུ་འདས་སོ།
    ཆུ་སྟག་ཕྱི་ལོ་ ༨༢༢ ལོར་སྐུ་འདས། ལྕགས་སྟག་ཕྱི་ལོ་ ༨༡༠ ལོར་སྐུ་འདས།

    ༡༤༧༽སད་ན་ལེགས་མཇིང་ཡོན་གྱི་སྲས་ཤིག་བཙུན་པ་ཡིན་པས་དེའི་མིང་ལ་ཅི་ཟེར།

    ལྷ་རྗེ་ཟེར། ལྷུན་གྲུབ་ཟེར། གཙང་མ་ཟེར། དར་མ་ཟེར།

    ༡༤༨༽ གླང་དར་མའི་ཡབ་ཀྱི་མཚན་ལ་གང་གསོལ་ལམ།

    ཁྲི་རལ་པ་ཅན་ཟེར།       མངའ་བདག་ཡུམ་བརྟན་ཟེར།
    མང་སྲོང་མང་བཙན་ཟེར། ཁྲི་ལྡེ་སྲོང་བཙན་ནམ་སད་ན་ལེགས་མཇིང་ཡོན་ཟེར།

    ༡༤༩༽ ཁྲི་རལ་བ་ཅན་སུའི་སྤྲུལ་བ་ཡིན་ནམ།

    འཇམ་དཔལ་དབྱངས་ཀྱི་་རྣམ་སྤྲུལ་ཡིན། ཕྱག་ན་རྡོ་རྗེའི་རྣམ་སྤྲུལ་བ་ཡིན།
    སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན།     གུ་རུ་རིན་པོ་ཆེའི་རྣམ་སྤྲུལ་ཡིན།

    ༡༥༠༽ ཆོས་རྒྱལ་སྲོང་བཙན་སྒམ་པོ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། ཆོས་རྒྱལ་ཁྲི་རལ་པ་ཅན་བཅས་ནི་གང་ཡིན་ནམ།

    རིགས་གསུམ་མགོན་པོ་ཟེར།         མཁན་སློབ་ཆོས་གསུམ་ཟེར།
    ཆོས་རྒྱལ་མེས་དཔོན་རྣམ་གསུམ་ཡིན། རྗེ་ཡབ་སྲས་གསུམ་ཟེར།

Install Quicktime

  • For the audio files

རྒྱལ་རབས།

  • བོད་ཀྱི་རྒྱལ་པོ།
  • རྒྱལ་དར་འགྲེལ་བཤད།
  • བོད་ལྗོངས་ངོ་སྤྲོད།
  • བོད་རྒྱལ་ཁབ་ཀྱི་རྒྱལ་གླུ།

Copyright © 2010 Sambhota Tibetan Schools Society. Last updated on