logo Home Page
  • བརྡ་སྤྲོད།
    • ཡི་གེ
    • ༓ དབྱངས།
    • ༓ གསལ་བྱེད།
    • ཚིག་ཕྲད།
    • ༓ ཕྲད་གཞན་དབང་ཅན་རྣམ་དབྱེ་དང་བཅས་པ་བཤད་པ།
    • ༓ ཕྲད་རང་དབང་ཅན།
  • རྩ་ཚིག
    • ལེགས་བཤད་ལྗོན་དབང་།
    • དཀའ་གནད་གསལ་བའི་མེ་ལོང་།
    • བྱིས་པ་དག་ཡིག
    • སུམ་ཅུ་པའི་རྩ་བ།
    • རྟགས་ཀྱི་འཇུག་པའི་རྩ་བ།
    • ཆུའི་བསྟན་བཅོས་ཀྱི་རྩ་བ།
    • ཤིང་གི་བསྟན་བཅོས་ཀྱི་རྩ་བ།
    • བསྡུས་གྲྭའི་སྡོམ་ཚིག
    • དགེ་ལྡན་ལེགས་བཤད།
    • བཤེས་སྤྲིངས་ཀྱི་རྩ་བ།
    • ས་སྐྱ་ལེགས་བཤད་ཀྱི་རྩ་བ།
  • དྲི་བ་དྲི་ལན།
    • བོད་ཀྱི་ལོ་རྒྱུས་དྲི་བ་དྲི་ལན།
    • སྐུ་ཕྲེང་རིམ་བྱོན་དྲི་བ་དྲི་ལན།
    • དཀའ་གནད་དྲི་བ་དྲི་ལན།
    • སྙན་ངག་སྤྱི་དོན་དྲི་བ་དྲི་ལན།
    • དེབ་ཐེར་དཀར་པོ་དྲི་བ་དྲི་ལན།
    • ཆོས་འབྱུང་ཀུན་བཏུས།
  • ནང་ཆོས།
    • སྐྱབས་འགྲོ
    • སྒྲོལ་མ་ཉེར་གཅིག
    • ལས་འབྲས།
    • ལྷ་དང་ཡི་དམ།
    • བློ་སྦྱོང་ཚིགས་བརྒྱད་མ།
    • མཎི་ཡིག་དྲུག
    • ཡ་རབས་སྤྱོད་བཟང་སྐོར།
    • ནང་ཆོས་སྤྱི་དང་ཕྱག་མཆོད་སྐོར།
    • བདེན་པ་གཉིས་ངོ་སྤྲོད།
    • བདེན་པ་བཞི་ངོ་སྤྲོད།
  • དུས་ཆེན།
    • བཅོ་ལྔ་མཆོད་པ།
    • གསུམ་བཅུའི་དུས་དྲན།
    • ས་ག་ཟླ་བ།
    • འཁྲུངས་སྐར་དུས་ཆེན།
    • མང་གཙོ་དུས་ཆེན།
    • ལྷ་བབས་དུས་ཆེན།
    • ངན་པ་དགུ་འཛོམས་དང་བཟང་པོ་
    • ཆོས་འཁོར་དུས་ཆེན།
    • འཛམ་གླིང་སྤྱི་བཟང་།
    • བོད་ཀྱི་ལོ་གསར།
  • སྤྱིར་བཏང་ཤེས་བྱ།
    • པཎ་སྒྲུབ་བཅུ་བདུན།
    • མཚན་སྔགས།
    • ཞེ་སའི་ཚིག་མཛོད།
    • གཏམ་དཔེ།
    • དར་ལྕོག
    • རི་དྭགས་ཆོས་འཁོར།
    • རླུང་རྟ།
    • རྒྱལ་སྲིད་སྣ་བདུན།
    • སྲིད་པའི་འཁོར་ལོ།
    • བཀྲ་ཤིས་རྟགས་བརྒྱད།
    • བཀྲ་ཤིས་རྫས་བརྒྱད།

བོད་ཀྱི་ལོ་རྒྱུས་དྲི་བ་དྲི་ལན།དྲི་བ་ ༡ ནས་ ༥༠ བར།

    ༡༽ བསེ་དང༌། རྨུ། ལྡོང༌། སྟོང༌། དབྲ། འབྲུ་ནི་གང་ཡིན་ནམ།

    ཚེ་རིང་རྣམ་དྲུག་ཟེར། ས་ཡི་ལེགས་དྲུག་ཟེར། སྨད་མདོ་ཁམས་སྒང་དྲུག མིའུ་གདུང་དྲུག་ཡིན།

    ༢༽ བོད་ཀྱི་ཁ་འབབ་བཞི་གང་དང་གང་ཡིན་ནམ།

    རྨ་ཆུ། འབྲི་ཆུ། ཟླ་ཆུ། འབབ་ཆུ་ཡིན།
    སེངྒ་ཁ་འབབ། རྨ་བྱ་ཁ་འབབ། རྟ་མཆོག་ཁ་འབབ། གླང་ཆེན་ཁ་འབབ་ཡིན།
    རྨ་བྱས་ཁ་འབབ། འབྲི་ཆུ། གླང་ཆེན་ཁ་འབབ། རྨ་ཆུ་བཅས་རེད།
    རྒྱ་མོ་དངུལ་ཆུ། བྱང་གནམ་མཚོ། ཡར་འབྲོག་གཡུ་མཚོ། དགའ་མཚོ་བཅས་རེད།

    ༣༽ ཞིང་པ། འབྲོག་པ། ས་མ་འབྲོག །ཞེས་བོད་ཀྱིས་ཁུལ་ཁག་གསུམ་དུ་དབྱེ་དོན་ཅི་ཡིན།

    རིགས་བཟང་ཞན་གྱི་ཆ་ནས་ས་ཁུལ་ཁག་གསུམ་དུ་དབྱེ་བ་ཡིན།
    ཡུལ་ལུང་མི་གཅིག་པའི་ཆ་ནས་ས་ཁུལ་ཁག་གསུམ་དུ་དབྱེ་བ་ཡིན།
    སྐད་རིགས་མི་གཅིག་པའི་ཆ་ནས་ས་ཁུལ་ཁག་གསུམ་དུ་དབྱེ་བ་ཡིན།
    འཚོ་ཐབས་ཀྱི་གནས་བབས་ལ་བརྟེན་ནས་ས་ཁུལ་ཁག་གསུམ་དུ་དབྱེ་བ་ཡིན།

    ༤༽ ཕྱུགས་ལས་ཐོན་སྐྱེད་གཙོ་བོར་བྱེད་མཁན་ལ་གང་ཟེར།

    ས་མ་འབྲོག་ཟེར། ཞིང་པ་ཟེར། འབྲོག་པ་ཟེར། ཚོང་པ་ཟེར།

    ༥༽ ས་མ་འབྲོག་ཅེས་པ་དེ་གང་ཡིན་ནམ།

    ཞིང་འབྲོག་གཉིས་ཀྱི་ཐོན་སྐྱེད་བྱེད་མཁན་ལ་ཟེར། ཆོས་རྣམ་དག་བྱེད་མཁན་ལ་ཟེར།
    མི་དབུལ་པོ་ལ་ཟེར། ས་ཞིང་འདེབས་ལས་བྱེད་མཁན་ལ་ཟེར།

    ༦༽ བོད་ཀྱི་ཤར་ཕྱོགས་སུ་ཁྱིམ་མཚེས་རྒྱལ་ཁབ་གང་དང་འདྲེས་ཡོད།

    སོག་པོ་འདྲེས་ཡོད། རྒྱ་ནག་འདྲེས་ཡོད། འབྲུག་ཡུལ་འདྲེས་ཡོད། ཉི་ཧོང་འདྲེས་ཡོད།

    ༧༽ ཤིན་ཅང་ཟེར་བའི་ས་གནས་དེའི་མིང་གཞན་ལ་གང་ཟེར་རམ།

    འབྱུག་ཡུལ་ཟེར། པཱ་ཀི་ཡི་ཐན་ཟེར། ཏུར་ཀི་སི་ཐན་ཟེར། སོག་ཡུལ་ཟེར།

    ༨༽ བོད་ཆོལ་ཁ་གསུམ་གང་དང་གང་ཡིན་ནམ།

    མདོ་སྟོད་དང་མདོ་སྨད། མངའ་རིགས་བཅས་ཡིན། དབུས་དང༌། གཙང༌། མདོ། མདོ་སྨད་བཅས་ཡིན།
    དབུས་གཙང་དང་མདོ་སྟོད། མདོ་སྨད་བཅས་ཡིན། མངའ་རིས་དང༌། དབུས་གཙང༌། མདོ་སྨད་བཅས་ཡིན།

    ༩༽ རྡུལ་རྫ་སྒང༌། ཚ་བ་སྒང༌། རྨར་ཁམས་སྒང༌། སྤོམ་སྦོར་སྒང༌། རྨར་རྫ་སྒང༌། མི་ཉག་རབ་སྒང་རྣམས་ཀྱི་སྤྱི་མིང་གང་ཡིན་ནམ།

    མིའུ་གདུང་དྲུག་ཡིན། ས་ཡི་ལེགས་དྲུག་ཡིན། མདོ་ཁམས་སྒང་དྲུག་ཡིན། ཁྲིམས་ཡིག་དྲུག་ཡིན།

    ༡༠༽ གཡས་རུ། གཡོ་རུ། རུ་ལག །དབུ་རུ་རྣམས་གང་ཡིན་ནམ།

    དབུས་གཙང་རུ་བཞི་ཡིན། མེད་ཐབས་མེད་པའི་བློན་པོ་བཞི་ཡིན། ཁ་བབས་རྣམ་བཞི་ཡིན། ཁ་བབས་རྣམ་བཞི་ཡིན།

    ༡༡༽ བོད་ཀྱི་མཐའ་སྐོར་ན་ཡོད་པའི་རྒྱལ་ཁབ་ཆེན་པོ་གཉིས་གང་ཡིན་ནམ།

    བལ་ཡུལ་དང༌། འབྲུག་ཡུལ་ཡིན། ཧོར་སོག་དང༌། ཤིང་ཅང་ཡིན།
    པཱ་ཀི་ཐན་དང༌། ཐའི་རྒྱལ་ཁབ་ཡིན། རྒྱ་ནག །རྒྱ་གར་གཉིས་ཡིན།

    ༡༢༽ བོན་ཀྱི་སྟོན་པའི་མཚན་ལ་ཅི་ཟེར།

    སྟོན་པ་ཡི་ཤུ་ཟེར། སྟོན་པ་སངས་རྒྱས་ཟེར། སྟོན་པ་གཤེན་རབ་ཟེར། འབྲོམ་སྟོན་པ་རྒྱལ་བའི་འབྱུང་ནས་ཟེར།

    ༡༣༽ བོད་ལ་བྱུང་བའི་ཆོས་སྔ་ཤོས་དེ་གང་ཡིན་ནམ།

    ནང་པའི་ཆོས་ཡིན། བོན་ཆོས་ཡིན། ཡི་ཤུ་ཆོས་ཡིན། ཁ་ཆེའི་ཆོས་ཡིན།

    ༡༤༽ རྙིང་མའི་ཆོས་རྒྱུད་སྲོལ་བཏོད་མཁན་གྱི་མཚན་གང་ཡིན་ནམ།

    ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཟེར། མཁན་ཆེན་ཞི་བ་མཚོ་ཟེར། གུ་རུ་པདྨ་འབྱུང་གནས་ཟེར། རྗེ་ཙོང་ཁ་པ་ཟེར།

    ༡༥༽ གསང་སྔགས་རྙིང་མ་ཆོས་རྒྱལ་སུའི་སྐུ་དུས་སུ་བྱུང་ངམ།

    སྲོང་བཙན་སྒམ་པོའི་སྐུ་དུས་སུ་བྱུང༌། ཐོ་རི་གཉན་བཙན་གྱི་སྐུ་དུས་སུ་བྱུང༌།
    མེས་ཨག་ཚོམ་གྱི་སྐུ་དུས་སུ་བྱུང༌། ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་བྱུང༌།

    ༡༦༽ བཀའ་བརྒྱུད་པའི་ཆོད་རྒྱུད་ཀྱི་སྲོལ་འབྱེད་མཁན་སུ་ཡིན་ནམ།

    རྗེ་བཙུན་མི་ལ་རལ་པ་ཡིན། མར་པ་ལོ་རྩྭ་བ་ཡིན། སི་ཏུ་བསྟན་པའི་ཉིན་བྱེད་ཡིན། འཁོན་དཀོན་མཆོག་རྒྱལ་པོ་ཡིན།

    ༡༧༽ ས་སྐྱའི་ཆོས་རྒྱུད་སྲོལ་འབྱེད་མཁན་སུ་ཡིན་ནམ།

    འཁོན་དཀོན་མཆོག་རྒྱལ་པོ་ཡིན། ས་སྐྱ་པཎྜིཏ་ཡིན། འགྲོ་མགོན་ཆོས་རྒྱལ་འཕགས་པ་ཡིན། རྗེ་ཙོང་ཁ་པ་ཡིན།

    ༡༨༽ དགེ་ལུགས་པའི་སྲོལ་འབྱེད་མཁན་སུ་ཡིན་ནམ།

    མཁོན་དཀོན་མཆོག་རྒྱལ་པོ་ཡིན། རྗེ་ཙོང་ཁ་པ་ཡིན། ལོ་ཙཱ་བ་རིན་ཆེན་བཟང་པོ་ཡིན། རྒྱ་བ་དགེ་འདུན་གྲུབ་པ་ཡིན།

    ༡༩༽ བོད་ཀྱི་རྒྱལ་པོ་དང་པོའི་མཚན་ལ་གང་ཟེར་རམ།

    གྲི་གུམ་བཙན་པོ་ཟེར། ཨི་ཤོ་ལེགས་ཟེར། གནམ་རི་སྲོང་བཙན་ཟེར། གཉའ་ཁྲི་བཙན་པོ་ཟེར།

    ༢༠༽ བོད་ལ་མཁར་གྱི་ཐོག་མ་གང་བྱུང་ངམ།

    ཡུམ་བུ་བླ་སྒང་ཡིན། ཕོ་བྲང་པོ་ཏཱ་ལ་ཡིན། བསམ་ཡས་གཙུགས་ལག་ཁང་ཡིན། ལྷོ་བྲག་ས་མཁར་དགུ་ཐོག་ཡིན།

    ༢༡༽ བོད་གྱི་རྒྱལ་པོ་དང་པོའི་འཁྲུངས་ཡུལ་གང་ཡིན་ནམ།

    རྒྱ་གར་བྷི་ཧར་དུ་ཡིན། རྒྱ་གར་མ་ག་དྷ་རུ་ཡིན། རྒྱ་གར་བྷེང་གྷོལ་དུ་ཡིན། བོད་ཡུལ་ཀོང་ཡུལ་དུ་ཡིན།

    ༢༢༽ གཉའ་ཁྲི། མུ་ཁྲི། དིང་ཁྲི། སོ་ཁྲི། མེར་ཁྲི། གདགས་ཁྲི། སྲིབས་ཁྲི་རྣམས་གང་ཡིན་ནམ།

    སྲས་མི་བདུན་ཟེར། གནམ་གྱི་ཁྲི་བདུན་ཡིན། མཛངས་མི་བདུན་ཟེར། གསེར་གྱི་རི་བདུན་ཟེར།

    ༢༣༽ གནམ་གྱི་ཁྲི་བདུན་ཟེར་དགོས་དོན་གང་ཡིན་ནམ།

    བང་སོ་གནམ་ལ་བཏབ་པས་དེ་ལྟར་བཤད། གནམ་ནས་ཕེབས་པར་སོང་དེ་ལྟར་བཤད།
    གནམ་སྐོས་རྒྱལ་པོ་ཡིན་པར་སོང་དེ་ལྟར་ཟེར། གནམ་ལ་འཕུར་ཐུབ་ཀྱི་ཡོད་པས་དེ་ལྟར་ཟེར།

    ༢༤༽ མིག་མས་འགྲིབས་སུ་ཡོད་པ། གཡུ་ཡི་སྨིན་མ་ཅན། སོར་མོ་ཤའི་དྲ་བའི་རྒྱལ་པོ་དེ་སུ་ཡིན་ནམ།

    གྲི་གུམ་བཙན་པོ་ཡིན། གཉའ་ཁྲི་བཙན་པོ་ཡིན། ལྷ་ཐོ་ཐོ་རི་གཉན་བཙན་ཡིན། སྲོང་བཙན་སྒམ་པོ་ཡིན།

    ༢༥༽ བོད་ཀྱི་རྒྱལ་པོར་བང་སོ་བརྩིགས་པའི་སྲོལ་རྒྱལ་པོ་སུའི་སྐུ་རིང་དུ་བྱུང་ངམ།

    པུ་དེ་གུང་རྒྱལ་གྱི་སྐུ་དུས་ནས་བྱུང༌། གཉའ་ཁྲི་བཙན་པོའི་སྐུ་དུས་ནས་བྱུང༌།
    གྲི་གུམ་བཙན་པོའི་སྐུ་དུས་ནས་བྱུང༌། སྲོང་བཙན་སྒམ་པོའི་སྐུ་དུས་ནས་བྱུང༌།

    ༢༦༽ བློན་པོ་ལོ་ངམ་གྱིས་རྒྱལ་པོ་སུ་བཀྲོངས་སམ།

    རལ་པ་ཅན་བཀྲོངས། གླང་དར་མ་བཀྲོངས། གྲི་གུམ་བཙན་པོ་བཀྲོངས། འཇང་ཚ་ལྷ་དབོན་བཀྲོངས།

    ༢༧༽ མཛངས་མི་བདུན་གྱི་ཐོག་མའི་མཚན་ལ་གང་ཟེར་རམ།

    སམ་བྷོ་ཊ་ཟེར། རུ་ལས་སྐྱེས་ཟེར། མགར་སྟོང་བཙན་ཟེར། སྟག་སྒྲ་ཀླུ་གོང་ཟེར།

    ༢༨༽ མཛངས་མི་དང་པོ་དེ་རྒྱལ་པོ་སུའི་སྐུ་དུས་སུ་བྱུང་ངམ།

    གྲི་གུམ་བཙན་པོའི་སྐུ་དུས་སུ་བྱུང༌། སྲོང་བཙན་སྒམ་པོའི་སྐུ་དུས་སུ་བྱུང༌།
    གཉའ་ཁྲི་བཙན་པོའི་སྐུ་དུས་སུ་བྱུང༌། པུ་དེ་གུང་རྒྱལ་གྱི་སྐུ་དུས་སུ་བྱུང༌།

    ༢༩༽ སྟོད་ཀྱི་སྟེངས་གཉིས་ནི་གང་ཡིན་ནམ།

    གཉའ་ཁྲི་བཙན་པོ་དང་གྲི་གུམ་བཙན་པོ་ཡིན། གྲི་གུམ་བཙན་པོ་དང་པུ་དེ་གུང་རྒྱལ་གཉིས་ཡིན།
    ཤ་ཁྲི་དང་ཉ་ཁྲི་གཉིས་ཡིན། སྲིབ་ཁྲི་དང་གྲི་གུམ་བཙན་པོ་ཡིན།

    ༣༠༽ བར་གྱི་ལེགས་དྲུག་གི་མཐའ་མ་དེ་སུ་ཡིན་ནམ།

    ཨོ་ཤོ་ལེགས། ཐི་ཤོ་ལེགས། དེ་ཤོ་ལེགས། ཨི་ཤོ་ལེགས་བཅས་སོ།

    ༣༡༽ བོད་ཀྱི་རྒྱལ་ཐོག་ཉེར་བརྒྱད་པའི་མཚན་ལ་ཅི་ཟེར་རམ།

    གཉའ་ཁྲི་བཙན་པོ་ཟེར། ལྷ་ཐོ་ཐོ་རི་གཉན་བཙན་ཟེར། གྲི་གུམ་བཙན་པོ་ཟེར། སྟག་རི་གཉན་གཟིགས་ཟེར།

    ༣༢༽ རྒྱལ་ཐོག་ཉེར་བརྒྱད་པ་དགུང་གྲངས་ག་ཚད་བཞུགས་སམ།

    དགུང་གྲངས་ ༡༢༥ བར་བཞུགས། དགུང་གྲངས་ ༡༢༠ བར་བཞུགས།
    དགུང་གྲངས་ ༨༢ བར་བཞུགས། དགུང་གྲངས་ ༩༢ བར་བཞུགས།

    ༣༣༽ བོད་ལ་དམ་པའི་ཆོས་ཀྱི་དབུ་རྒྱལ་པོ་གང་གི་སྐུ་དུས་སུ་བརྙེས།

    སྲོང་བཙན་སྒམ་པོའི་སྐུ་དུས་སུ་བརྙེས། ཁྲི་སྲོང་ལྡེ་བཙན་སྐུ་དུས་སུ་བརྙེས།
    འབྲོང་སྙན་ལྡེའུ་སྐུ་དུས་སུ་དབུ་བརྙེས། ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་དུས་སུ་དབུ་བརྙེས།

    ༣༤༽ གསེར་གྱི་མཆོད་རྟེན། ཟ་མ་ཏོག་བཀོད་པའི་མདོ། སྤང་ཀོང་ཕྱག་བརྒྱ་བ། སྙིང་པོ་ཡི་གེ་དྲུག་པ། ཙི་ཏ་མ་ཎིའི་རྣམས་ཕོ་བྲང་གང་དུ་བབས་སམ།

    ཕོ་བྲང་ལྡན་དཀར་དུ་བབས། ཕོ་བྲང་མི་འགྱུར་བྱམས་པ་གླིང་དུ་བབས།
    ཕོ་བྲང་ཡུམ་བུ་གླ་སྒང་གི་སྟེང་དུ་བབས་པ་ཡིན། ཕོ་བྲང་ཞ་མར་དུ་བབས།

    ༣༥༽ བོད་ཀྱི་རྒྱལ་ཐོག་ཉེར་དགུ་བའི་མཚན་ལ་ཅི་ཟེར་རམ།

    གནམ་རི་སྲོང་བཙན་ཟེར། ཁྲི་གཉན་བཟུང་བཙན་ཟེར། སྟག་རི་གཉན་གཟིགས་ཟེར། ལྷ་ཐོ་ཐོ་རི་གཉན་བཙན་ཟེར།

    ༣༦༽ བོད་ཀྱི་རྒྱལ་ཐོག་སུམ་ཅུ་པའི་མཚན་ལ་གང་ཟེར་རམ།

    འབྲོང་སྙན་ལྡེའུ་ཟེར། སྟག་རི་གཉན་གཟིགས་ཟེར། ལྷ་རི་གཉན་བཙན་ཟེར། གནམ་རི་སྲོང་བཙན་ཟེར།

    ༣༧༽ བོད་ཀྱི་རྒྱལ་ཐོག་སོ་གཅིག་པའི་མཚན་ལ་གང་ཟེར་རམ།

    སྟག་རི་གཉན་གཟིགས་ཟེར། ལྷ་ཐོ་ཐོ་རི་གཉན་བཙན་ཟེར། ཁྲི་ལྡེ་སྲོང་བཙན་ཟེར། ཁྲི་གཙུག་ལྡེ་བཙན་ཟེར།

    ༣༨༽ བོད་ཀྱི་རྒྱལ་ཐོག་སོ་གཉིས་པའི་མཚན་ལ་གང་ཟེར་རམ།

    སྲོང་བཙན་སྒམ་པོ་ཟེར། སྟག་རི་གཉན་གཟིགས་ཟེར། གུང་སྲོང་གུང་བཙན་ཟེར། གནམ་རི་སྲོང་བཙན་ཟེར།

    ༣༩༽ ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཡབ་ཀྱི་མཚན་ལ་གང་ཟེར་རམ།

    སྟག་རི་གཉན་གཟིགས་ཟེར། གུང་སྲོང་གུང་བཙན་ཡིན། དུས་སྲོང་མང་རྗེ་ཡིན། གནམ་རི་སྲོང་བཙན་ཡིན།

    ༤༠༽ ཆོས་རྒྱལ་སྲོང་བཙན་སྒམ་པོ་འཁྲུངས་ཡུལ་གང་ཡིན་ནམ།

    ཕོ་བྲང་བྲག་དམར་དུ་ཡིན། སྦྲ་སྟོད་ཚལ་ཕོ་བྲང་མི་འགྱུར་བྱམས་པ་གླིང་དུ་ཡིན།
    ཡུལ་ཡར་ཀླུང་དུ་ཡིན། ཕོ་བྲང་ཡུམ་བུ་གླ་མཁར་དུ་ཡིན།

    ༤༡༽ ཆོས་རྒྱལ་སྲོང་བཙན་སྒམ་པོ་ག་དུས་སྐུ་འཁྲུངས་སམ།

    མེ་གླང་ཕྱི་ལོ་ ༦༡༧ ལོར་འཁྲུངས། ས་སྟག་ཕྱི་ལོ་ ༧༩༨ ལོར་འཁྲུངས།
    ཤིང་རྟ་ཕྱི་ལོ་ ༧༥༤ ལོར་འཁྲུངས། ལྕགས་ལུག་ཕྱི་ལོ་ ༦༧༡ ལོར་འཁྲུངས།

    ༤༢༽ ཆོས་རྒྱལ་སྲོང་བཙན་སྒམ་པོ་དགུང་ལོ་གང་གི་སྟེང་ནས་རྒྱལ་པོ་གནང༌།

    དགུང་ལོ་བཅུ་ཡི་སྟེང་དུ་རྒྱལ་པོ་གནང༌། དགུང་ལོ་བཅོ་བརྒྱད་སྟེང་རྒྱལ་པོ་གནང༌།
    དགུང་ལོ་བཅུ་གསུམ་གྱི་སྟེང་དུ་རྒྱལ་པོ་གནང༌། དགུང་ལོ་བཅུ་བཞི་སྟེང་དུ་རྒྱལ་པོ་གནང༌།

    ༤༣༽ ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཡབ་སྐུ་གཤེགས་དུས་ཆོས་རྒྱལ་སྲོང་བཙན་སྒམ་པོ་དགུང་གྲངས་ག་ཚོད་ཡིན་ནམ།

    དགུང་གྲངས་བཅུ་ཡིན། དགུང་གྲངས་བཅོ་ལྔ་ཡིན། དགུང་གྲངས་བཅུ་གསུམ་ཡིན། དགུང་གྲངས་བཅོ་བརྒྱད་ཡིན།

    ༤༤༽ བོད་ཀྱི་ཡི་གེ་རྒྱལ་པོ་སུའི་སྐུ་དུས་སུ་བྱུང་ངམ།

    ལྷ་ཐོ་ཐོ་རི་གཉན་བཙན་སྐབས་བྱུང༌། གཉའ་ཁྲི་བཙན་པོའི་སྐབས་བྱུང༌།
    ཁྲི་སྲོང་སྐབས་བྱུང༌། སྲོང་བཙན་སྒམ་པོའི་སྐུུ་དུས་སུ་བྱུང༌།

    ༤༥༽ བོད་ཀྱི་ཡི་གེ་གསར་གཏོད་གནང་མཁན་གྱི་མཚན་ལ་ཅི་ཟེར་རམ།

    བློན་ཆེན་མགར་སྟོང་བཙན་ཟེར། ཐོན་མི་སམ་བྷོ་ཊ་ཟེར། སྦ་གསལ་སྣང་ཟེར། ལོ་ཙཱ་བ་རིན་ཆེན་བཟང་པོ་ཟེར།

    ༤༦༽ ཐོན་མི་རྒྱ་གར་དུ་ཕེབས་དུས་ཕྱག་རོགས་ག་ཚད་ཡོད་དམ།

    བཅུ་བདུན་ཡོད། བརྒྱད་ཡོད། བཅོ་ལྔ་ཡོད། བཅུ་དྲུག་ཡོད།

    ༤༧༽ ཆོས་རྒྱལ་སྲོང་བཙན་སྒམ་པོ་ལྷ་གང་གི་སྤྲུལ་པ་ཡིན་ནམ།

    རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་ཡིན། འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་བ་ཡིན།
    སློབ་དཔོན་རིན་པོ་ཆེའི་སྤྲུལ་པ་ཡིན། ཕྱག་ན་རྡོ་རྗེའི་སྤྲུལ་པ་ཡིན།

    ༤༨༽ ཆོས་རྒྱལ་སྲོང་བཙན་སྒམ་པོ་ལ་བཙུན་མོ་ག་ཚོད་ཡོད་དམ།

    བཙུན་མོ་བཞི་ཡོད། བཙུན་མོ་ལྔ་ཡོད། བཙུན་མོ་གཉིས་ཡོད། བཙུན་མོ་གཅིག་ཡོད།

    ༤༩༽ ཞང་ཞུང་བཟའ། རུ་ཡོངས་བཟའ། མོང་བཟའ་ཁྲི་ལྕམ་བཅས་སུའི་བཙུན་མོ་ཡིན་ནམ།

    མངའ་བདག་རལ་པ་ཅན་གྱི་བཙུན་མོ་ཡིན། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ་ཡིན།
    གུང་སྲོང་གུང་བཙན་གྱི་བཙུན་མོ་ཡིན། ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོ་ཡིན།

    ༥༠༽ རྒྱ་བཟའ་ཀོང་ཇོས་གདན་དྲངས་པའི་རྟེན་སྐལ་གང་ཡིན་ནམ།

    ཇོ་བོ་མི་བསྐྱོད་རྡོ་རྗེ་ཡིན། བྱམས་པ་ཆོས་འཁོར་མ་ཡིན། སངས་རྒྱས་ཀྱི་རིང་བསྲེལ་ཡིན། ཇོ་བོ་ཤཱཀྱ་མུ་ནི་ཡིན།

Install Quicktime

  • For the audio files

རྒྱལ་རབས།

  • བོད་ཀྱི་རྒྱལ་པོ།
  • རྒྱལ་དར་འགྲེལ་བཤད།
  • བོད་ལྗོངས་ངོ་སྤྲོད།
  • བོད་རྒྱལ་ཁབ་ཀྱི་རྒྱལ་གླུ།

Copyright © 2010 Sambhota Tibetan Schools Society. Last updated on