logo Home Page
  • བརྡ་སྤྲོད།
    • ཡི་གེ
    • ༓ དབྱངས།
    • ༓ གསལ་བྱེད།
    • ཚིག་ཕྲད།
    • ༓ ཕྲད་གཞན་དབང་ཅན་རྣམ་དབྱེ་དང་བཅས་པ་བཤད་པ།
    • ༓ ཕྲད་རང་དབང་ཅན།
  • རྩ་ཚིག
    • ལེགས་བཤད་ལྗོན་དབང་།
    • དཀའ་གནད་གསལ་བའི་མེ་ལོང་།
    • བྱིས་པ་དག་ཡིག
    • སུམ་ཅུ་པའི་རྩ་བ།
    • རྟགས་ཀྱི་འཇུག་པའི་རྩ་བ།
    • ཆུའི་བསྟན་བཅོས་ཀྱི་རྩ་བ།
    • ཤིང་གི་བསྟན་བཅོས་ཀྱི་རྩ་བ།
    • བསྡུས་གྲྭའི་སྡོམ་ཚིག
    • དགེ་ལྡན་ལེགས་བཤད།
    • བཤེས་སྤྲིངས་ཀྱི་རྩ་བ།
    • ས་སྐྱ་ལེགས་བཤད་ཀྱི་རྩ་བ།
  • དྲི་བ་དྲི་ལན།
    • བོད་ཀྱི་ལོ་རྒྱུས་དྲི་བ་དྲི་ལན།
    • སྐུ་ཕྲེང་རིམ་བྱོན་དྲི་བ་དྲི་ལན།
    • དཀའ་གནད་དྲི་བ་དྲི་ལན།
    • སྙན་ངག་སྤྱི་དོན་དྲི་བ་དྲི་ལན།
    • དེབ་ཐེར་དཀར་པོ་དྲི་བ་དྲི་ལན།
    • ཆོས་འབྱུང་ཀུན་བཏུས།
  • ནང་ཆོས།
    • སྐྱབས་འགྲོ
    • སྒྲོལ་མ་ཉེར་གཅིག
    • ལས་འབྲས།
    • ལྷ་དང་ཡི་དམ།
    • བློ་སྦྱོང་ཚིགས་བརྒྱད་མ།
    • མཎི་ཡིག་དྲུག
    • ཡ་རབས་སྤྱོད་བཟང་སྐོར།
    • ནང་ཆོས་སྤྱི་དང་ཕྱག་མཆོད་སྐོར།
    • བདེན་པ་གཉིས་ངོ་སྤྲོད།
    • བདེན་པ་བཞི་ངོ་སྤྲོད།
  • དུས་ཆེན།
    • བཅོ་ལྔ་མཆོད་པ།
    • གསུམ་བཅུའི་དུས་དྲན།
    • ས་ག་ཟླ་བ།
    • འཁྲུངས་སྐར་དུས་ཆེན།
    • མང་གཙོ་དུས་ཆེན།
    • ལྷ་བབས་དུས་ཆེན།
    • ངན་པ་དགུ་འཛོམས་དང་བཟང་པོ་
    • ཆོས་འཁོར་དུས་ཆེན།
    • འཛམ་གླིང་སྤྱི་བཟང་།
    • བོད་ཀྱི་ལོ་གསར།
  • སྤྱིར་བཏང་ཤེས་བྱ།
    • པཎ་སྒྲུབ་བཅུ་བདུན།
    • མཚན་སྔགས།
    • ཞེ་སའི་ཚིག་མཛོད།
    • གཏམ་དཔེ།
    • དར་ལྕོག
    • རི་དྭགས་ཆོས་འཁོར།
    • རླུང་རྟ།
    • རྒྱལ་སྲིད་སྣ་བདུན།
    • སྲིད་པའི་འཁོར་ལོ།
    • བཀྲ་ཤིས་རྟགས་བརྒྱད།
    • བཀྲ་ཤིས་རྫས་བརྒྱད།

དུས་ཚོས་སྐར་མ་ ༡༣ ཡོད། རྒྱལ་དབང་སྐུ་ཕྲེང་བརྒྱད་པ། དྲི་བ་ ༡ ནས་ ༢༦ བར།

    ༡། ྋརྒྱལ་བ་སྐུ་ཕྲེང་བརྒྱད་པའི་མཚན་ལ་གང་ཡིན་ནམ།
    ཀ༽ འཇམ་དཔལ་རྒྱ་མཚོ།
    ཁ༽ ལུང་རྟོགས་རྒྱ་མཚོ།
    ག༽ བློ་བཟང་རྒྱ་མཚོ།
    ང༽ བསྐལ་བཟང་རྒྱ་མཚོ།


    ༢། ྋརྒྱལ་བ་སྐུ་ཕྲེང་བརྒྱད་པ་སྤྱི་ལོ་གང་གི་ལོར་ས་གནས་གང་དུ་འཁྲུངས་སམ།
    ཀ༽ སྤྱི་ལོ་ ༡༧༥༧ མདོ་སྟོད་ལྡན་ཆོས་འཁོར་དུ་སྐུ་འཁྲུངས།
    ཁ༽ སྤྱི་ལོ་ ༡༧༥༨ གཙང་ཐོབ་རྒྱལ་ལྷ་རི་སྒང་དུ་སྐུ་འཁྲུངས།
    ག༽ སྤྱི་ལོ་ ༡༧༥༦ གཙང་རྟ་ནག་རྡོ་རྗེ་གདན་ཉེ་འཁོར་དུ་སྐུ་འཁྲུངས།
    ང༽ སྤྱི་ལོ་ ༡༧༥༥ མདོ་སྟོད་ལི་ཐང་དུ་སྐུ་འཁྲུངས།


    ༣། ྋརྒྱལ་བ་སྐུ་ཕྲེང་བདུན་པའི་ཡང་སྲིད་ལ་འོས་སྤྲུལ་ག་ཚོད་བྱུང་ཡོད་དམ།དེ་དག་ས་གནས་གང་དག་ནས་ཡིན་ནམ།
    ཀ༽ འོས་སྤྲུལ་བཞི་བྱུང༌། ས་གནས་ཁམས་དང་གཙང་ནས་ཡིན།
    ཁ༽ འོས་སྤྲུལ་གཅིག་བྱུང༌། ས་གནས་གཙང་ཐོབ་རྒྱལ་ནས་ཡིན།
    ག༽ འོས་སྤྲུལ་གསུམ་བྱུང༌། ས་གནས་ཁམས་དང་གཙང་འོལ་དགའ་གསུམ་བཅས་ནས་ཡིན།
    ང༽ འོས་སྤྲུལ་གཉིས་བྱུང༌། ས་གནས་གཙང་དང་ཁམས་ནས་ཡིན།


    ༤། ྋརྒྱལ་བ་སྐུ་ཕྲེང་བརྒྱད་པའི་མཚན་ལ་བློ་བཟང་བསྟན་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོ་ཞེས་སུ་ཡིས་གསོལ་བ་ཡིན་ནམ།
    ཀ༽ ྋཔཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་གསོལ།
    ཁ༽ ལོ་ཐང་ཆོས་སྐྱོང་གིས་གསོལ།
    ག༽ གནས་ཆུང་ཆོས་རྒྱལ་ཆེན་པོས་གསོལ།
    ང༽ ྋཔཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་གསོལ།


    ༥། སྤྱི་ལོ་གང་གི་ལོར་ས་གནས་གང་དུ་ྋརྒྱལ་བ་སྐུ་ཕྲེང་བརྒྱད་པ་གསེར་ཁྲི་མངའ་གསོལ་ཞུས་པ་ཡིན་ནམ།
    ཀ༽ སྤྱི་ལོ་ ༡༧༦༢ ལོར། རྩེ་ཕོ་བྲང་པོ་ཏཱ་ལས་གསེར་ཁྲི་མངའ་གསོལ་ཞུས།
    ཁ༽ སྤྱི་ལོ་ ༡༧༦༤ ལོར། བཀྲ་ཤིས་རྡོ་མཁར་དུ་གསེར་ཁྲི་མངའ་གསོལ་ཞུས།
    ག༽ སྤྱི་ལོ་ ༡༧༦༣ ལོར། བཀྲ་ཤིས་ལྷུན་པོར་གསེར་ཁྲི་མངའ་གསོལ་ཞུས།
    ང༽ སྤྱི་ལོ་ ༡༧༦༦ ལོར། ནོར་གླིང་སྐལ་བཟང་ཕོ་བྲང་དུ་གསེར་ཁྲི་མངའ་གསོལ་ཞུས།


    ༦། ྋརྒྱལ་བ་སྐུ་ཕྲེང་བརྒྱད་པའི་ཡོངས་འཛིན་རྣམ་གཉིས་ཀྱི་མཚན་གང་དང་གང་ཡིན་ནམ།
    ཀ༽ ཕུར་ལྕོག་ངག་དབང་བྱམས་པ་དང༌། བྱ་ཁྱུང་པ་ངག་དབང་ཆོས་གྲགས་རྣམ་གཉིས་ཡིན།
    ཁ༽ ྋཔཎ་ཎེན་རིན་པོ་ཆེ་དང་ཁྲི་ཟུར་དཀོན་མཆོག་ཆོས་འཕེལ་རྣམ་གཉིས་ཡིན།
    ག༽ ཡོངས་འཛིན་གླིང་རིན་པོ་ཆེ་དང་ཁྲི་བྱང་རིན་པོ་ཆེ་རྣམ་གཉིས་ཡིན།
    ང༽ གོང་གི་མཚན་གང་ཡང་མིན།


    ༧། ྋརྒྱལ་བ་སྐུ་ཕྲེང་བརྒྱད་པ་མཆོག་དགུང་ལོ་གང་གི་སྐབས་ྋརྒྱལ་བ་བདུན་པའི་ཡང་སྲིད་དུ་ངོས་འཛིན་གནང་ངམ།
    ཀ༽ དགུང་གྲངས་ལྔ་པར་སོན་པའི་སྐབས་ངོས་འཛིན་གནང༌།
    ཁ༽ དགུང་གྲངས་དྲུག་སོན་པའི་སྐབས་ངོས་འཛིན་གནང༌།
    ག༽ དགུང་གྲངས་བཞི་སོན་པའི་སྐབས་ངོས་འཛིན་གནང༌།
    ང༽ དགུང་གྲངས་གསུམ་སོན་པའི་སྐབས་ངོས་འཛིན་གནང༌།


    ༨། ྋརྒྱལ་བ་སྐུ་ཕྲེང་བརྒྱད་པས་ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་འགན་སྤྱི་ལོ་གང་གི་ལོར་བཞེས་སམ།
    ཀ༽ སྤྱི་ལོ་ ༡༧༨༤ ལོར་བཞེས།
    ཁ༽ སྤྱི་ལོ་ ༡༧༨༡ ལོར་བཞེས།
    ག༽ སྤྱི་ལོ་ ༡༧༨༣ ལོར་བཞེས།
    ང༽ སྤྱི་ལོ་ ༡༧༨༥ ལོར་བཞེས།


    ༩། ྋརྒྱལ་བ་སྐུ་ཕྲེང་བརྒྱད་པ་དགུང་གྲངས་ག་ཚོད་བཞུགས་སམ།
    ཀ༽ དགུང་གྲངས་ ༦༠ བཞུགས།
    ཁ༽ དགུང་གྲངས་ ༥༠ བཞུགས།
    ག༽ དགུང་གྲངས་ ༤༣ བཞུགས།
    ང༽ དགུང་གྲངས་ ༤༧ བཞུགས།


    ༡༠། སྤྱི་ལོ་གང་གི་ལོར་ས་གནས་གང་དུ་ྋརྒྱལ་བ་སྐུ་ཕྲེང་བརྒྱད་པ་སྐུ་མྱ་ངན་ལས་འདས་སམ།
    ཀ༽ སྤྱི་ལོ་ ༡༨༠༢ ལོར་ལི་ཏང་དུ་སྐུ་མྱ་ངན་ལས་འདས།
    ཁ༽ སྤྱི་ལོ་ ༡༨༠༤ ལོར་ཕོ་བྲང་པོ་ཏཱ་ལར་སྐུ་མྱ་ངན་ལས་འདས།
    ག༽ སྤྱི་ལོ་ ༡༨༠༣ ལོར་ལྷ་རི་སྒང་དུ་སྐུ་མྱ་ངན་ལས་འདས།
    ང༽ སྤྱི་ལོ་ ༡༨༠༥ ལོར་བཀྲ་ཤིས་ལྷུན་པོར་སྐུ་མྱ་ངན་ལས་འདས།


    ༡༡། ྋརྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་ནང་ནས་ཕྱི་རྒྱལ་དུ་ཐོག་མར་ཕེབས་མཁན་དེ་ྋརྒྱལ་བ་སྐུ་ཕྲེང་གང་ཡིན་ནམ།
    ཀ༽ ྋརྒྱལ་བ་སྐུ་ཕྲེང་ལྔ་པ་ཡིན།
    ཁ༽ ྋརྒྱལ་བ་སྐུ་ཕྲེང་བཅུ་པ་ཡིན།
    ག༽ ྋརྒྱལ་བ་སྐུ་ཕྲེང་གསུམ་པ་ཡིན།
    ང༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཡིན།


    ༡༢། ྋརྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་གང་གི་སྐབས་ཏཱ་ལའི་བླ་མ་ཞེས་པའི་མཚན་དེ་སུས་ཕུལ་ལམ།
    ཀ༽ ྋརྒྱལ་བ་སྐུ་ཕྲེང་གསུམ་པར་སོག་པོ་ཨལ་ཐན་ཁཱང་གིས་ཕུལ།
    ཁ༽ ྋརྒྱལ་བ་སྐུ་ཕྲེང་དང་པོར་སོག་པོ་ཨལ་ཐན་ཁཱང་གིས་ཕུལ།
    ག༽ ྋརྒྱལ་བ་སྐུ་ཕྲེང་བཞི་པར་སོག་པོ་ཨལ་ཐན་ཁཱང་གིས་ཕུལ།
    ང༽ ྋརྒྱལ་བ་སྐུ་ཕྲེང་གཉིས་པར་སོག་པོ་ཨལ་ཐན་ཁཱང་གིས་ཕུལ།


    ༡༣། སོག་ཡུལ་དུ་དམར་མཆོད་འབུལ་བའི་སྲོལ་ངན་དེ་ྋརྒྱལ་བ་སྐུ་ཕྲེང་གང་གིས་རྒྱུན་བཅད་དམ།
    ཀ༽ ྋརྒྱལ་བ་སྐུ་ཕྲེང་དང་པོས་དམར་མཆོད་ཀྱི་རྒྱུན་བཅད་གནང༌།
    ཁ༽ ྋརྒྱལ་བ་སྐུ་ཕྲེང་གསུམ་པས་དམར་མཆོད་ཀྱི་རྒྱུན་བཅད་གནང༌།
    ག༽ ྋརྒྱལ་བ་སྐུ་ཕྲེང་གཉིས་པས་དམར་མཆོད་ཀྱི་རྒྱུན་བཅད་གནང༌།
    ང༽ ྋརྒྱལ་བ་སྐུ་ཕྲེང་ལྔ་པས་དམར་མཆོད་ཀྱི་རྒྱུན་བཅད་གནང༌།


    ༡༤། ྋརྒྱལ་བ་སྐུ་ཕྲེང་དང་པོ་ནས་བཅུ་གསུམ་བར་ཕྱི་རྒྱལ་དུ་སྐུ་མྱ་ངན་ལས་འདས་མཁན་དེ་ྋརྒྱལ་བ་སྐུ་ཕྲེང་གང་ཡིན་ནམ།
    ཀ༽ ྋརྒྱལ་བ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་སྐུ་མྱ་ངན་ལས་འདས།
    ཁ༽ ྋརྒྱལ་བ་སྐུ་ཕྲེང་ལྔ་པ་བློ་བཟང་རྒྱ་མཚོ་ཡིན།
    ག༽ ྋརྒྱལ་བ་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་ཡིན།
    ང༽ ྋརྒྱལ་བ་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ་ཡིན།


    ༡༥། ྋརྒྱལ་བ་སྐུ་ཕྲེང་དང་པོ་ནས་བཅུ་བཞི་པ་ཆེན་པོ་བར་ཚང་མ་བོད་རིག་ཡིན་ནམ།
    ཀ༽ ཚང་མ་བོད་རིག་ཡིན།
    ཁ༽ ཚང་མ་བོད་རིག་མིན། ྋརྒྱལ་བ་སྐུ་ཕྲེང་བཞི་པ་སོག་པོ་ཡིན།
    ག༽ ཚང་མ་བོད་རིག་མིན། ྋརྒྱལ་བ་སྐུ་ཕྲེང་གསུམ་པ་བལ་པོ་ཡིན།
    ང༽ ཚང་མ་བོད་རིག་མིན། ྋརྒྱལ་བ་སྐུ་ཕྲེང་བདུན་པ་བལ་པོ་ཡིན།


    ༡༦།ལྷ་ས་གཙུག་ལག་ཁག་གི་ཇོ་བོ་ཤཱཀྱ་མུ་ནིའི་སྐུ་མདུན་དུ་རབ་བྱུང་སྡོམ་པ་བཞེས་མཁན་ཐོག་མ་དེ་ྋརྒྱལ་བ་སྐུ་ཕྲེང་རིམ་བྱོན་ནང་ནས་སུ་ཡིན་ནམ།
    ཀ༽ ྋརྒྱལ་བ་སྐུ་ཕྲེང་ལྔ་པ་ཡིན།
    ཁ༽ ྋརྒྱལ་བ་སྐུ་ཕྲེང་གཉིས་པ་ཡིན།
    ག༽ ྋརྒྱལ་བ་སྐུ་ཕྲེང་བཞི་པ་ཡིན།
    ང༽ ྋརྒྱལ་བ་སྐུ་ཕྲེང་དང་པོ་ཡིན།


    ༡༧། ྋརྒྱལ་བ་སྐུ་ཕྲེང་བརྒྱད་པའི་སྐབས་སྲིད་སྐྱོང་དུ་སུ་བསྐོ་བཞག་གནང་ངམ།
    ཀ༽ དགའ་ལྡན་ཁྲི་རིན་པོ་ཆེ་སྲིད་སྐྱོང་དུ་བསྐོ་བཞག་གནང༌།
    ཁ༽ ཀུན་གླིང་རྟ་ཚག་ཇེ་དྲུང་རིན་པོ་ཆེ་སྲིད་སྐྱོང་དུ་བསྐོ་བཞག་གནང༌།
    ག༽ ཚེ་སྨོན་གླིང་ངག་དབང་ཚུལ་ཁྲིམས་མཆོག་སྲིད་སྐྱོང་དུ་བསྐོ་བཞག་གནང༌།
    ང༽ རྭ་སྒྲེང་ངག་དབང་བློ་བཟང་ཡེ་ཤེས་སྲིད་སྐྱོང་དུ་བསྐོ་བཞག་གནང༌།


    ༡༨། ྋརྒྱལ་བ་སྐུ་ཕྲེང་བརྒྱད་པ་མཆོག་ནས་ས་གནས་གང་དུ་སློབ་གྲྭ་གསར་འཛུགས་གནང་ཡོད་དམ།
    ཀ༽ ཟངས་དཀར་ཞེས་པའི་ས་གནས་སུ་སློབ་གྲྭ་གསར་འཛུགས་གནང༌།
    ཁ༽ ལྷ་ས་དབང་ལྡན་དཔལ་འབར་དུ་གསར་འཛུགས་གནང༌།
    ག༽ གཞིས་ཀ་རྩེར་སློབ་གྲྭ་ཞིག་གསར་འཛུགས་གནང༌།
    ང༽ མངའ་རི་སྒར་དུ་སློབ་གྲྭ་ཞིག་གསར་འཛུགས་གནང༌།


    ༡༩། ྋརྒྱལ་བ་སྐུ་ཕྲེང་གང་གི་སྐབས་སུ་ཕོ་བྲང་པོ་ཏཱ་ལ་བསྐྱར་བཞེངས་གནང་ངམ།
    ཀ༽ ྋརྒྱལ་བ་སྐུ་ཕྲེང་ལྔ་པ་ཆེན་པོའི་སྐུ་དུས་སུ་བསྐྱར་བཞེངས་གནང༌།
    ཁ༽ ྋརྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པའི་སྐུ་དུས་སུ་བསྐྱར་བཞེངས་གནང༌།
    ག༽ ྋརྒྱལ་མཆོག་སྐུ་ཕྲེང་དྲུག་པའི་སྐུ་དུས་སུ་བསྐྱར་བཞེངས་གནང༌།
    ང༽ ྋརྒྱལ་མཆོག་སྐུ་ཕྲེང་གསུམ་པའི་སྐུ་དུས་སུ་བསྐྱར་བཞེངས་གནང༌།


    ༢༠། ྋརྒྱལ་བ་སྐུ་ཕྲེང་གང་ཞིག་མྱ་ངན་འདས་རྗེས་ཡང་སྲིད་ལོ་བཅུ་གསུམ་བར་གསང་རྒྱ་གནང་དགོས་བྱུང་པ་སྐུ་ཕྲེང་གང་ཡིན་ནམ།
    ཀ༽ ྋརྒྱལ་བ་སྐུ་ཕྲེང་བདུན་པ་ཡིན།
    ཁ༽ ྋརྒྱལ་བ་སྐུ་ཕྲེང་ལྔ་པ་ཡིན།
    ག༽ ྋརྒྱལ་བ་སྐུ་ཕྲེང་བརྒྱད་པ་ཡིན།
    ང༽ ྋརྒྱལ་བ་སྐུ་ཕྲེང་དྲུག་པ་ཡིན།


    ༢༡། ཕོ་བྲང་པོ་ཏཱ་ལར་གསེར་ཁྲི་མངའ་གསོལ་ཐོག་མར་གནང་མཁན་ྋརྒྱལ་བ་སྐུ་ཕྲེང་གང་ཡིན་ནམ།
    ཀ༽ ྋརྒྱལ་བ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
    ཁ༽ ྋརྒྱལ་བ་སྐུ་ཕྲེང་ལྔ་པ་བློ་བཟང་རྒྱ་མཚོ།
    ག༽ ྋརྒྱལ་བ་སྐུ་ཕྲེང་དྲུག་པ་ཚངས་བྱངས་རྒྱ་མཚོ།
    ང༽ ྋརྒྱལ་བ་སྐུ་ཕྲེང་བཞི་པ་ཡིན་ཏན་རྒྱ་མཚོ།


    ༢༢། ྋཔཎ་ཆེན་བློ་བཟང་ཡེ་ཤེས་ལ་དགེ་ཚུལ་སྡོམ་པ་ཕྱིར་འབུལ་མཁན་དེ་ྋརྒྱལ་བ་སྐུ་ཕྲེང་གང་ཡིན་ནམ།
    ཀ༽ ྋརྒྱལ་བ་སྐུ་ཕྲེང་དགུ་པ་ཡིན།
    ཁ༽ ྋརྒྱལ་བ་སྐུ་ཕྲེང་དྲུག་པ་ཡིན།
    ག༽ ྋརྒྱལ་བ་སྐུ་ཕྲེང་བདུན་པ་ཡིན།
    ང༽ ྋརྒྱལ་བ་སྐུ་ཕྲེང་ལྔ་པ་ཡིན།


    ༢༣། བྱ་དེ་ཁྲུང་ཁྲུང་དཀར་མོ།གཤོག་རྩལ་ང་ལ་གཡར་དང༌། ཐག་རིང་རྒྱང་དུ་མི་འགྲོ། ལི་ཐང་བསྐོར་ནས་སླེབས་ཡོང༌། ཞེས་པའི་སྙན་ཚིག་དེ་ྋརྒྱལ་བ་སྐུ་ཕྲེང་གང་གིས་བརྩམས་པར་གནང་ངམ།
    ཀ༽ ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པས་བརྩམས་པར་གནང༌།
    ཁ༽ ྋརྒྱལ་བ་སྐུ་ཕྲེང་ལྔ་པས་བརྩམས་པར་གནང༌།
    ག༽ ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས་བརྩམས་པར་གནང༌།
    ང༽ ྋརྒྱལ་བ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོས་བརྩམས་པར་གནང༌།


    ༢༤། ྋརྒྱལ་བ་སྐུ་ཕྲེང་བདུན་པའི་འཁྲུངས་ཡུལ་གང་ཡིན་ནམ།
    ཀ༽ ལི་ཐང་ཡིན།
    ཁ༽ མཚོ་སྔོན་ཡིན།
    ག༽ གཙང་ཡིན།
    ང༽ ཆབ་མདོ་ཡིན།


    ༢༥། ད་ལྟའི་བོད་གཞུང་བཀའ་ཤག་འདི་ཐོག་མ་ྋརྒྱལ་བ་སྐུ་ཕྲེང་གང་གི་སྐུ་དུས་སུ་བཙུགས་པ་ཡིན་ནམ།
    ཀ༽ ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་སྐབས་སུ་བཙུགས་གནང༌།
    ཁ༽ ྋརྒྱལ་བ་སྐུ་ཕྲེང་བདུན་པའི་སྐབས་སུ་བཀའ་ཤག་གསར་བཙུགས་གནང༌།
    ག༽ ྋརྒྱལ་བ་སྐུ་ཕྲེང་བརྒྱད་པའི་སྐབས་སུ་བཙུགས་གནང༌།
    ང༽ ྋརྒྱལ་བ་སྐུ་ཕྲེང་ལྔ་པའི་སྐབས་སུ་བཙུགས་གནང༌།


    ༢༦། བོད་འབངས་ཡོངས་ནས་ྋརྒྱལ་བ་སྐུ་ཕྲེང་གང་གི་སྐུ་དུས་སུ་གངས་ཅན་ལྷ་གཅིག་ཕྱག་ན་པད་མོ་ཞེས་པའི་མཚན་འདི་གསོལ་ལམ།
    ཀ༽ ྋརྒྱལ་བ་སྐུ་ཕྲེང་དྲུག་པའི་སྐུ་དུས་ནས་མཚན་དེ་ཕུལ་བ་ཡིན།
    ཁ༽ ྋརྒྱལ་བ་སྐུ་ཕྲེང་ལྔ་པ་ཆེན་པོའི་སྐུ་དུས་ནས་མཚན་དེ་ཕུལ་བ་ཡིན།
    ག༽ ྋརྒྱལ་བ་སྐུ་ཕྲེང་དང་པོའི་སྐུ་དུས་ནས་མཚན་དེ་ཕུལ་བ་ཡིན།
    ང༽ ྋརྒྱལ་བ་སྐུ་ཕྲེང་བདུན་པའི་སྐུ་དུས་ནས་མཚན་དེ་ཕུལ་བ་ཡིན།


Install Quicktime

  • For the audio files

རྒྱལ་རབས།

  • བོད་ཀྱི་རྒྱལ་པོ།
  • རྒྱལ་དར་འགྲེལ་བཤད།
  • བོད་ལྗོངས་ངོ་སྤྲོད།
  • བོད་རྒྱལ་ཁབ་ཀྱི་རྒྱལ་གླུ།

Copyright © 2010 Sambhota Tibetan Schools Society. Last updated on