logo Home Page
  • བརྡ་སྤྲོད།
    • ཡི་གེ
    • ༓ དབྱངས།
    • ༓ གསལ་བྱེད།
    • ཚིག་ཕྲད།
    • ༓ ཕྲད་གཞན་དབང་ཅན་རྣམ་དབྱེ་དང་བཅས་པ་བཤད་པ།
    • ༓ ཕྲད་རང་དབང་ཅན།
  • རྩ་ཚིག
    • ལེགས་བཤད་ལྗོན་དབང་།
    • དཀའ་གནད་གསལ་བའི་མེ་ལོང་།
    • བྱིས་པ་དག་ཡིག
    • སུམ་ཅུ་པའི་རྩ་བ།
    • རྟགས་ཀྱི་འཇུག་པའི་རྩ་བ།
    • ཆུའི་བསྟན་བཅོས་ཀྱི་རྩ་བ།
    • ཤིང་གི་བསྟན་བཅོས་ཀྱི་རྩ་བ།
    • བསྡུས་གྲྭའི་སྡོམ་ཚིག
    • དགེ་ལྡན་ལེགས་བཤད།
    • བཤེས་སྤྲིངས་ཀྱི་རྩ་བ།
    • ས་སྐྱ་ལེགས་བཤད་ཀྱི་རྩ་བ།
  • དྲི་བ་དྲི་ལན།
    • བོད་ཀྱི་ལོ་རྒྱུས་དྲི་བ་དྲི་ལན།
    • སྐུ་ཕྲེང་རིམ་བྱོན་དྲི་བ་དྲི་ལན།
    • དཀའ་གནད་དྲི་བ་དྲི་ལན།
    • སྙན་ངག་སྤྱི་དོན་དྲི་བ་དྲི་ལན།
    • དེབ་ཐེར་དཀར་པོ་དྲི་བ་དྲི་ལན།
    • ཆོས་འབྱུང་ཀུན་བཏུས།
  • ནང་ཆོས།
    • སྐྱབས་འགྲོ
    • སྒྲོལ་མ་ཉེར་གཅིག
    • ལས་འབྲས།
    • ལྷ་དང་ཡི་དམ།
    • བློ་སྦྱོང་ཚིགས་བརྒྱད་མ།
    • མཎི་ཡིག་དྲུག
    • ཡ་རབས་སྤྱོད་བཟང་སྐོར།
    • ནང་ཆོས་སྤྱི་དང་ཕྱག་མཆོད་སྐོར།
    • བདེན་པ་གཉིས་ངོ་སྤྲོད།
    • བདེན་པ་བཞི་ངོ་སྤྲོད།
  • དུས་ཆེན།
    • བཅོ་ལྔ་མཆོད་པ།
    • གསུམ་བཅུའི་དུས་དྲན།
    • ས་ག་ཟླ་བ།
    • འཁྲུངས་སྐར་དུས་ཆེན།
    • མང་གཙོ་དུས་ཆེན།
    • ལྷ་བབས་དུས་ཆེན།
    • ངན་པ་དགུ་འཛོམས་དང་བཟང་པོ་
    • ཆོས་འཁོར་དུས་ཆེན།
    • འཛམ་གླིང་སྤྱི་བཟང་།
    • བོད་ཀྱི་ལོ་གསར།
  • སྤྱིར་བཏང་ཤེས་བྱ།
    • པཎ་སྒྲུབ་བཅུ་བདུན།
    • མཚན་སྔགས།
    • ཞེ་སའི་ཚིག་མཛོད།
    • གཏམ་དཔེ།
    • དར་ལྕོག
    • རི་དྭགས་ཆོས་འཁོར།
    • རླུང་རྟ།
    • རྒྱལ་སྲིད་སྣ་བདུན།
    • སྲིད་པའི་འཁོར་ལོ།
    • བཀྲ་ཤིས་རྟགས་བརྒྱད།
    • བཀྲ་ཤིས་རྫས་བརྒྱད།

དུས་ཚོས་སྐར་མ་ ༡༣ ཡོད།རྒྱལ་དབང་སྐུ་ཕྲེང་ལྔ་པ།དྲི་བ་ ༡ ནས་ ༢༦ བར།

    ༡། ྋརྒྱལ་བ་སྐུ་ཕྲེང་ལྔ་པའི་མཚན་གང་ཡིན་ནམ།
    ཀ༽ ཡོན་ཏན་རྒྱ་མཚོ།
    ཁ༽ ངག་དབང་བློ་བཟང་རྒྱ་མཚོ།
    ག༽ འཕྲིན་ལས་རྒྱ་མཚོ།
    ང༽ མཁས་གྲུབ་རྒྱ་མཚོ།


    ༢། ྋརྒྱལ་བ་སྐུ་ཕྲེང་ལྔ་པའི་འཁྲུངས་ཡུལ་ས་གནས་ཀྱི་མིང་གང་ཡིན་ནམ།
    ཀ༽ དྭགས་པོ་གླང་མདུན་ཡིན།
    ཁ༽ འོལ་དགའ་རྫིང་ཡིན།
    ག༽ སོག་ཡུལ་ཡིན།
    ང༽ འཕྱོངས་རྒྱས་འཕྱིང་དབར་སྟག་རྩེར་འཁྲུངས།


    ༣། ྋརྒྱལ་བ་སྐུ་ཕྲེང་ལྔ་པ་སྤྱི་ལོ་གང་གི་ལོར་འཁྲུངས་སམ།
    ཀ༽ སྤྱི་ལོ་ ༡༦༡༧ ལོར་སྐུ་འཁྲུངས།
    ཁ༽ སྤྱི་ལོ་ ༡༦༢༥ ལོར་སྐུ་འཁྲུངས།
    ག༽ སྤྱི་ལོ་ ༡༦༣༧ ལོར་སྐུ་འཁྲུངས།
    ང༽ སྤྱི་ལོ་ ༡༦༢༢ ལོར་སྐུ་འཁྲུངས།


    ༤། ྋརྒྱལ་བ་སྐུ་ཕྲེང་ལྔ་པའི་ཡབ་ཡུམ་གཉིས་ཀྱི་མཚན་གང་ཡིན་ནམ།
    ཀ༽ ཡབ་ཆོས་སྐྱོང་དོན་གྲུབ་དང་ཡུམ་བདེ་སྐྱིད་ལྷ་མོ།
    ཁ༽ ཡབ་ཚེ་རིང་ཕུན་ཚོགས་དང་ཡུམ་བདེ་ཆེན་མཚོ་མོ།
    ག༽ ཡབ་ཟ་ཧོར་བདུད་འདུལ་རབ་བརྟན་དང༌།ཡུམ་ཁྲི་ལྕམ་ཀུན་དགའ་ལྷ་མཛེས།
    ང༽ ཡབ་ཆོས་སྐྱོང་ཚེ་རིང་དང་ཡུམ་བདེ་སྐྱིད་ཚེ་རིང༌།


    ༥། ྋརྒྱལ་བ་སྐུ་ཕྲེང་ལྔ་པར་ངག་དབང་བློ་བཟང་རྒྱ་མཚོ་ཞེས་མཚན་སུས་གནང་བ་ཡིན།
    ཀ༽ རྭ་སྒྲེང་རིན་པོ་ཆེས་གནང༌།
    ཁ༽ ྋཔཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཡིན།
    ག༽ སྡེ་སྲིད་སངས་རྒྱས་རྒྱ་མཚོས་གནང༌།
    ང༽ ཁྲི་ཟུར་དཀོན་མཆོག་ཆོས་འཕེལ་གྱིས་གནང༌།


    ༦། ྋརྒྱལ་བ་སྐུ་ཕྲེང་ལྔ་པར་མདོ་སྔགས་རིག་གནས་དང་བཅས་པ་གསན་བསམ་གནང་སའི་བླ་མ་གཙོ་བོ་གཉིས་ཡོད་པའི་མཚན་གང་དང་གང་ཡིན་ནམ།
    ཀ༽ འཇམ་མགོན་ཙོང་ཁ་པ་ཆེན་པོ་དང་བྱ་ཁྱུང་པ་ངག་དབང་ཆོས་གྲགས་རྣམ་གཉིས་ཡིན།
    ཁ༽ རྭ་སྒྲེང་རིན་པོ་ཆེ་དང་ྋཔཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་རྣམ་གཉིས་ཡིན།
    ག༽ ྋཔཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དང༌།ཁྲི་ཟུར་དཀོན་མཆོག་ཆོས་འཕེལ་རྣམ་གཉིས་ཡིན།
    ང༽ ཁྲི་རིན་པོ་ཆེ་བློ་བཟང་རྒྱལ་མཚན་དང་དགའ་ལྡན་ཁྲི་པ་ཚེ་སྨོན་གླིང་རྣམ་གཉིས་ཡིན།


    ༧། ྋརྒྱལ་བ་སྐུ་ཕྲེང་ལྔ་པ་མཆོག་ལ་ཁྲི་གསོལ་མཛད་སྒོ་སྤྱི་ལོ་གང་གི་ལོར།
    ཀ༽ སྤྱི་ལོ་ ༡༦༢༡ ལོར་ནོར་བུ་གླིང་ཁང་གནང༌།
    ཁ༽ སྤྱི་ལོ་ ༡༦༢༠ ལོར་རྩེ་པོ་སྐྱཻ་ལར་གནང༌།
    ག༽ སྤྱི་ལོ་ ༡༦༢༥ ལོར་བཀྲ་ཤིས་ལྷུན་པོའི་དགོན་པར་གནང༌།
    ང༽ སྤྱི་ལོ་ ༡༦༢༢ ལོར་འབྲས་སྤུངས་དགའ་ལྡན་ཕོ་བྲང་དུ།


    ༨། ྋརྒྱལ་བ་སྐུ་ཕྲེང་ལྔ་པ་ཆེན་པོར་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་དུ་གསེར་ཁྲི་མངའ་གསོལ་སྤྱི་ལོ་ཟླ་ཚེས་གང་དུ་ཞུས་སམ།
    ཀ༽ སྤྱི་ལོ་ ༡༥༤༢ ལོའི་ཟླ་༤ ཚེས་༠༥ ཉིན་གནང༌།
    ཁ༽ སྤྱི་ལོ་ ༡༧༤༢ ལོའི་ཟླ་༤ ཚེས་༠༥ ཉིན་གནང༌།
    ག༽ སྤྱི་ལོ་ ༡༦༤༢ ལོའི་ཟླ་༤ ཚེས་༠༥ ཉིན་གནང༌།
    ང༽ སྤྱི་ལོ་ ༡༥༤༣ ལོའི་ཟླ་༤ ཚེས་༠༥ ཉིན་གནང༌།


    ༩། ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་འགན་ཐོག་མ་བཞེས་གནང་མཁན་དེ་ྋརྒྱལ་དབང་སྐུ་ཕྲེང་གང་ཞིག་ཡིན་ནམ།
    ཀ༽ རྒྱལ་བ་སྐུ་ཕྲེང་ལྔ་པས་ཐུགས་འགན་བཞེས་ཡོད།
    ཁ༽ རྒྱལ་བ་སྐུ་ཕྲེང་དྲུག་པའི་སྐབས་སུ་ཐུགས་འགན་བཞེས་ཡོད།
    ག༽ རྒྱལ་བ་སྐུ་ཕྲེང་བདུན་པའི་སྐབས་སུ་ཐུགས་འགན་བཞེས་ཡོད།
    ང༽ རྒྱལ་བ་སྐུ་ཕྲེང་བཞི་པའི་སྐབས་སུ་ཐུགས་འགན་བཞེས་ཡོད།


    ༡༠། ྋརྒྱལ་བ་སྐུ་ཕྲེང་ལྔ་པ་ཆེན་པོར་བོད་ཆོས་གསུམ་གྱི་བདག་དབང་ཡོངས་སུ་རྫོགས་པ་སུ་ཡིས་ཕུལ་བ་ཡིན།
    ཀ༽ མན་ཇུ་གོང་མ་ཤུན་རྩིས་ཕུལ།
    ཁ༽ རྒྱ་ནག་ཏྭ་མིན་རྒྱལ་པོས་ཕུལ།
    ག༽ སོག་པོ་གུ་ཤྲི་ཁཱང་གིས་ཕུལ།
    ང༽ མན་ཇུ་གོང་མ་ཁང་ཤི་ཡིས་ཕུལ།


    ༡༡། ྋརྒྱལ་བ་སྐུ་ཕྲེང་གང་གི་སྐབས་སུ་བོད་གཞུང་དགའ་ལྡན་ཕོ་བྲང་ཆེན་མོ་དབུ་བརྙེས་སམ།
    ཀ༽ ྋརྒྱལ་དབང་སྐུ་ཕྲེང་དང་པོའི་སྐུ་དུས་སུ་དབུ་བརྙེས།
    ཁ༽ ྋརྒྱལ་དབང་སྐུ་ཕྲེང་ལྔ་པའི་སྐུ་དུས་སུ་དབུ་བརྙེས།
    ག༽ ྋརྒྱལ་དབང་སྐུ་ཕྲེང་གསུམ་པའི་སྐུ་དུས་སུ་དབུ་བརྙེས།
    ང༽ ྋརྒྱལ་དབང་སྐུ་ཕྲེང་གཉིས་པའི་སྐུ་དུས་སུ་དབུ་བརྙེས།


    ༡༢། ཆོས་རྒྱལ་སྲོང་བཙན་སྒམ་པོས་བཞེངས་པའི་རྩེ་པོ་ཏཱ་ལ་དེ་ཕྱིས་སུ་ྋརྒྱལ་མཆོག་སྐུ་ཕྲེང་གང་གིས་རྒྱ་བསྐྱེད་མཛད་ཡོད་དམ།
    ཀ༽ ྋརྒྱལ་དབང་སྐུ་ཕྲེང་གསུམ་པ་མཆོག་ནས་རྒྱ་བསྐྱེས་གནང༌།
    ཁ༽ ྋརྒྱལ་དབང་སྐུ་ཕྲེང་དྲུག་པ་མཆོག་ནས་རྒྱ་བསྐྱེད་གནང༌།
    ག༽ ྋརྒྱལ་དབང་སྐུ་ཕྲེང་བཞི་པ་མཆོག་ནས་རྒྱ་བསྐྱེད་གནང༌།
    ང༽ ྋརྒྱལ་དབང་སྐུ་ཕྲེང་ལྔ་པ་མཆོག་ནས་རྒྱ་བསྐྱེད་མཛད།


    ༡༣། ྋརྒྱལ་མཆོག་ལྔ་པ་ཆེན་པོས་ཕོ་བྲང་པོ་ཏཱ་ལ་བསྐྱར་བཞེངས་སྤྱི་ལོ་གང་གི་ལོར་ དབུ་བཙུགས་པ་དང༌།སྤྱི་ལོ་གང་གི་ལོར་ལེགས་གྲུབ་བྱུང་ཡོད་དམ།
    ཀ༽ སྤྱི་ལོ་ ༡༦༤༡ ལོར་དབུ་བཙུགས།སྤྱི་ལོ་ ༡༦༨༧ ལོར་ལེགས་གྲུབ་བྱུང༌།
    ཁ༽ སྤྱི་ལོ་ ༡༦༤༧ ལོར་དབུ་བཙུགས།སྤྱི་ལོ་ ༡༦༩༠ ལོར་ལེགས་གྲུབ་བྱུང༌།
    ག༽ སྤྱི་ལོ་ ༡༦༤༥ ལོར་དབུ་བཙུགས།སྤྱི་ལོ་ ༡༦༨༨ ལོར་ལེགས་གྲུབ་བྱུང༌།
    ང༽ སྤྱི་ལོ་ ༡༦༤༣ ལོར་དབུ་བཙུགས།སྤྱི་ལོ་ ༡༦༨༦ ལོར་ལེགས་གྲུབ་བྱུང༌།


    ༡༤། ྋརྒྱལ་མཆོག་ལྔ་པ་ཆེན་པོ་མཆོག་རྒྱ་ནག་ཏུ་ཆིབས་བསྒྱུར་སྤྱི་ལོ་གང་གི་ལོར་གནང་བ་རེད་དམ།
    ཀ༽ སྤྱི་ལོ་ ༡༦༤༢ ལོར་རྒྱ་ནག་ཏུ་ཕེབས།
    ཁ༽ སྤྱི་ལོ་ ༡༥༥༢ ལོར་རྒྱ་ནག་ཏུ་ཕེབས།
    ག༽ སྤྱི་ལོ་ ༡༦༥༢ ལོར་རྒྱ་ནག་ཏུ་ཕེབས།
    ང༽ སྤྱི་ལོ་ ༡༦༤༥ ལོར་རྒྱ་ནག་ཏུ་ཕེབས།


    ༡༥། ྋརྒྱལ་བ་ལྔ་པ་མཆོག་རྒྱ་ནག་ཏུ་གདན་འདྲེན་ཞུ་མཁན་གྱི་མཚན་གང་ཡིན་ནམ།
    ཀ༽ མན་ཇུ་ཨམ་བན་ཡིན།
    ཁ༽ མན་ཅུ་གོང་མ་དང་པོ་ཤུན་ཙིས་ཡིན།
    ག༽ རྒྱ་ནག་རྒྱལ་པོ་ཏྭ་མིན་འུན་ཤུ་ཝང་ཡིན།
    ང༽ གུ་ཤྲིར་བསྟན་འཛིན་ཆོས་རྒྱལ་ཡིན།


    ༡༦། ྋརྒྱལ་བ་ལྔ་ཆེན་པོས་སྡེ་སྲིད་གཉིས་པ་བསྐོ་བཞག་གནང་བ་དེའི་མཚན་གང་ཡིན་ནམ།
    ཀ༽ བློ་བཟང་མཐུ་ཐོབ་སྡེ་སྲིད་གཉིས་པར་བསྐོ་བཞག་གནང༌།
    ཁ༽ བསོད་ནམས་ཆོས་འཕེལ་སྡེ་སྲིད་གཉིས་པར་བསྐོ་བཞག་གནང༌།
    ག༽ ཀརྨ་བསྟན་སྐྱོང་དབང་པོ་སྡེ་སྲིད་གཉིས་པར་བསྐོ་བཞག་གནང༌།
    ང༽ གྲོང་སྨད་པ་འཕྲིན་ལས་རྒྱ་མཚོ་སྡེ་སྲིད་གཉིས་པར་བསྐོ་བཞག་གནང༌།


    ༡༧། སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་ྋརྒྱལ་དབང་སྐུ་ཕྲེང་གང་གི་སྐུ་སུ་བྱུང་ཡོད་དམ།
    ཀ༽ ྋརྒྱལ་དབང་སྐུ་ཕྲེང་ལྔ་པའི་སྐབས་སུ་བྱུང༌།
    ཁ༽ ྋརྒྱལ་དབང་སྐུ་ཕྲེང་བཞི་པའི་སྐབས་སུ་བྱུང༌།
    ག༽ ྋརྒྱལ་དབང་སྐུ་ཕྲེང་བདུན་པའི་སྐབས་སུ་བྱུང༌།
    ང༽ ྋརྒྱལ་དབང་སྐུ་ཕྲེང་དྲུག་པའི་སྐབས་སུ་བྱུང༌།


    ༡༨། ྋགོང་ལ་ལྔ་པ་མཆོག་རྒྱ་ནག་ཏུ་ཕེབས་སྐབས་མཛད་འཕྲིན་གང་བསྐྱངས་གནང་ཡོད་དམ།
    ཀ༽ རྒྱ་ནག་ཏུ་ཕེབས་ཏེ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བར་མཛད།
    ཁ༽ རྒྱ་ནག་ཏུ་ཕེབས་ཏེ་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེར་སྤེལ་བར་མཛད།
    ག༽ རྒྱ་ནག་ཏུ་ཕེབས་ཏེ་ཞི་དྲག་དཔོར་རིགས་དང་མཇལ་འཕྲད་གནང་སྟེ་ཞི་བའི་ཆིངས་ཡིག་འཇོག་གནང་མཛད།
    ང༽ རྒྱ་ནག་ཏུ་ཕེབས་ཏེ་ནང་པའི་དགོན་པ་ཁག་ཚང་མར་རབ་གནས་གནང༌།


    ༡༩། ྋརྒྱལ་བ་ལྔ་པ་ཆེན་པོས་སོག་ཡུལ་དུ་སྐུ་ཚབ་བཏང་ནས་སོག་པོའི་དཔོན་ཁག་ཚོར་མནའ་ཚིག་དམ་བཅའ་བཞེས་བཅུག་པའི་དོན་རྐྱེན་གང་ཡིན་ནམ།
    ཀ༽ བོད་སོག་གཉིས་ཀྱི་ས་མཚམས་རང་སྡེ་རང་བཟུང་ཆེད་དུ་ཡིན།
    ཁ༽ ཕྱིན་ཆད་སོག་དམག་རྣམས་ནས་བོད་ལ་བཙན་འཛུལ་མི་བྱེད་སླད་དུ་ཡིན།
    ག༽ བོད་སོག་དབར་མཆོད་ཡོན་འབྲེལ་བ་དམ་ཟབ་གནས་ཐུབ་ཐབས་ཆེད་དུ་ཡིན།
    ང༽ སོག་པོའི་དཔོན་ཁག་ནང་ཁུལ་མ་འཆམ་པ་དེ་ཞི་འཇམ་དང་འཁོན་འཛིན་མི་ཡོང་བའི་ཆེད་དུ་ཡིན།


    ༢༠། ྋརྒྱལ་བ་ལྔ་པས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་སྤྱི་ལོ་གང་གི་ལོར་སྡེ་སྲིད་དུ་བསྐོ་བཞག་གནང་ངམ།
    ཀ༽ སྤྱི་ལོ་ ༡༦༦༡ ལོར་སྡེ་སྲིད་དུ་བསྐོ་བཞག་གནང༌།
    ཁ༽ སྤྱི་ལོ་ ༡༦༧༩ ལོར་སྡེ་སྲིད་དུ་བསྐོ་བཞག་གནང༌།
    ག༽ སྤྱི་ལོ་ ༡༦༦༨ ལོར་སྡེ་སྲིད་དུ་བསྐོ་བཞག་གནང༌།
    ང༽ སྤྱི་ལོ་ ༡༦༨༢ ལོར་སྡེ་སྲིད་དུ་བསྐོ་བཞག་གནང༌།


    ༢༡། ྋརྒྱལ་བ་ལྔ་པ་ཆེན་པོ་སྐུ་མྱ་ངན་ལས་འདས་རྗེས་གསང་རྒྱ་གནང་མཁན་སུ་ཡིན་ནམ།
    ཀ༽ གསང་རྒྱ་གནང་མཁན་ནི་སྡེ་སྲིད་ཀརྨ་བསྟན་འཛིན་དབང་པོ་ཡིན།
    ཁ༽ གསང་རྒྱ་གནང་མཁན་ནི་སྡེ་སྲིད་བསོད་ནམས་ཆེས་འཕེལ་ཡིན།
    ག༽ གསང་རྒྱ་གནང་མཁན་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཡིན།
    ང༽ གསང་རྒྱ་གནང་མཁན་ནི་སྡེ་སྲིད་བློ་བཟང་སྦྱིན་པ་ཡིན།


    ༢༢། ྋརྒྱལ་བ་ལྔ་པ་མྱ་ངན་ལས་འདས་རྗེས་རྒྱུ་མཚན་གང་ལ་བརྟེན་ནས་གསང་རྒྱ་གནང་ངམ།
    ཀ༽ ཕོ་བྲང་པོ་ཏཱ་ལ་བསྐྱར་བཞེངས་ལེགས་གྲུབ་ཡོང་ཆེད་དང༌། སོག་པོའི་དཔོན་རིག་རྣམས་ནང་མཐུན་ཡོང་བའི་ཆེད་དུ་ཡིན།
    ཁ༽ བོད་མི་རྣམས་བདེ་བར་ངལ་འཚོ་ཐབས་སླད་དུ་དེ་ལྟར་གནང་དགོས་བྱུང་བ་རེད།
    ག༽ བོད་སོག་དབར་གྱི་མཆོད་ཡོན་འབྲེལ་བ་དམ་ཟབ་ཡོང་སླད་དུ་དེ་ལྟར་གནང་དགོས་བྱུང་བ་རེད།
    ང༽ བོད་མི་ནང་ཁུལ་གྱི་རྡོག་རྩ་ཆིག་སྒྲིལ་ལ་གནོད་སྐྱོན་ཡོང་དྭོགས་ཀྱིས་གསང་རྒྱ་གནང་དགོས་བྱུང་བ་རེད།


    ༢༣། ྋརྒྱལ་བ་ལྔ་པ་ཆེན་པོ་ཕྱི་ལོ་གང་གི་ལོར་སྐུ་མྱ་ངན་ལས་འདས་སམ།
    ཀ༽ སྤྱི་ལོ་ ༡༦༧༢ ལོར་སྐུ་མྱ་ངན་འདས།
    ཁ༽ སྤྱི་ལོ་ ༡༦༨༢ ལོར་སྐུ་མྱ་ངན་འདས།
    ག༽ སྤྱི་ལོ་ ༡༦༦༢ ལོར་སྐུ་མྱ་ངན་འདས།
    ང༽ སྤྱི་ལོ་ ༡༧༨༢ ལོར་སྐུ་མྱ་ངན་འདས།


    ༢༤། ྋརྒྱལ་བ་ལྔ་པ་ཆེན་པོ་སྐུ་མྱ་ངན་ལས་འདས་ཁར་སུ་ལ་ཞལ་ཆེམས་གང་གནང་ཡོད་དམ།
    ཀ༽ སྡེ་སྲིད་བསོད་ནམས་ཆོས་འཕེལ་ལ་ཞལ་ཆེམས་གནང་ཡོད།
    ཁ༽ རྒྱལ་ཚབ་རྭ་སྒྲིང་རིན་པོ་ཆེ་ལ་ཞལ་ཆེམས་གནང་ཡོད།
    ག༽ གྲོང་སྨད་པ་འཕྲིན་ལས་རྒྱ་མཚོ་ལ་ཞལ་ཆེམས་གནང་ཡོད།
    ང༽ སྡེ་སྲིད་སངས་རྒྱས་རྒྱ་མཚོ་ལ།སྐུ་འདས་པ་རེ་ཞིག་གསང་རྒྱ་དང་བྱ་བ་ཆེ་ཕྲ་བློས་མཆེད་པ་རྣམས་ལྷ་མོར་བརྟག་བསྒྲིལ་ཞེས་ཞལ་ཆེམས་གནང༌།


    ༢༥། ྋརྒྱལ་བ་ལྔ་པ་ཆེན་པོས་བོད་ཀྱི་རྒྱལ་རབས་ཤིག་ལྗགས་རྩོམ་གནང་ཡོད་པ་དེར་མཚན་གང་བཏགས་ཡོད་དམ།
    ཀ༽ རྒྱལ་རབས་དེབ་ཐེར་དཀར་པོ།
    ཁ༽ རྫོགས་ལྡན་གཞོན་ནུའི་དགའ་སྟོན་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།
    ག༽ ཞྭ་ལུ་གསེར་ཁང་གི་ལོ་རྒྱུས།
    ང༽ ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང༌།


    ༢༦། ྋརྒྱལ་བ་ལྔ་པ་ཆེན་པོས་མཛད་པའི་ལམ་རིམ་དེའི་མཚན་ལ་གང་བཏགས་སམ།
    ཀ༽ ཕར་ཕྱིན་བློ་བཟང་དགོངས་རྒྱན།
    ཁ༽ འགྲེལ་དོན་གསལ།
    ག༽ གོང་གི་གང་པང་མིན།
    ང༽ ལམ་རིམ་འཇམ་དཔལ་ཞལ་ལུང༌།


Install Quicktime

  • For the audio files

རྒྱལ་རབས།

  • བོད་ཀྱི་རྒྱལ་པོ།
  • རྒྱལ་དར་འགྲེལ་བཤད།
  • བོད་ལྗོངས་ངོ་སྤྲོད།
  • བོད་རྒྱལ་ཁབ་ཀྱི་རྒྱལ་གླུ།

Copyright © 2010 Sambhota Tibetan Schools Society. Last updated on