ནི་སྒྲ།
• ནི་སྒྲའི་དོན་འཇུག
• ནི་སྒྲའི་དོན་འཇུག་སོ་སོའི་གོ་དོན་དང་དཔེར་བརྗོད།
ནི་སྒྲ་ནི་ལེགས་བཤད་ལྗོན་དབང་ལར་བྱས་ན།
ནི་ནི་དགར་དང་བརྣན་པའི་སྒྲ། །ཞེས་གསུངས་པ་ལྟར། དགར་བ་དང་བརྣན་པ་བཅས་དོན་གཉིས་ལ་འཇུག འོན་ཀྱང་དགར་བ་ལ་མཆོག་ཏུ་དགར་བ་དང་དམན་པར་དགར་བ་བཅས་གཉིས་སུ་རྣམ་པར་ཕྱེའོ།།
ནི་སྒྲའི་དོན་འཇུག་སོ་སོའི་གོ་དོན་དང་དཔེར་བརྗོད།
ནི་སྒྲ་མཆོག་ཏུ་དགར་བ་ལ་འཇུག་པའི་གོ་དོན་ནི།
དགར་གཞི་གང་རུང་ལས་དགར་ཆོས་ཤིག་མཆོག་ཏུ་བཀར་ནས་བཏོན་པ་ལ་ཟེར།
དཔེར་ན། རྨ་བྱ་ནི་བྱའི་ནང་ནས་མཛེས། ལྟ་བུ།
ནི་སྒྲ་དམན་པར་དགར་བ་ལ་འཇུག་པའི་གོ་དོན་ནི།
དགར་གཞི་གང་རུང་ལས་དགར་ཆོས་ཤིག་དམན་པར་བཀར་ནས་བཏོན་པ་ལ་ཟེར།
དཔེར་ན། ཁྭ་ཏ་ནི་བྱ་ཡི་ནས་ནས་མདོག་ངན། ལྟ་བུ།
ནི་སྒྲ་ཐ་དད་ཙམ་དུ་དགར་བ་ལ་འཇུག་པའི་གོ་དོན་ནི།
དགར་གཞི་གང་རུང་ལས་དགར་ཆོས་ཤིག་ཐ་དད་ཙམ་དུ་བཀར་ནས་བཏོན་པ་ལ་ཟེར།
དཔེར་ན། ནེ་ཙོ་ནི་རྨ་བྱ་ལས་ཐ་དད་ཡིན། ལྟ་བུ།
ནི་སྒྲ་བརྣན་པའི་དོན་ལ་འཇུག་པའི་གོ་དོན་ནི།
གཞི་གང་རུང་ཞིག་དམིགས་སུ་བཀར་ནས་དེ་ལ་ནི་སྒྲའི་ཚིག་ཕྲད་སྦྱར་ཏེ་ནན་ཏན་དུ་བརྣན་པ་ལ་ཟེར།
དཔེར་ན། བློ་བཟང་གི་མིག་ནི་ནག། རྣ་ཁུག་ནི་ཆེ། གདོང་པ་ནི་དཀར། གཟུགས་པོ་ནི་རིང་། དེས་ན་ཅིའི་ཕྱིར་ཁོང་མཚར་དུ་དངར་བར་མི་བརྩི། ལྟ་བུ།