logo Home Page
  • བརྡ་སྤྲོད།
    • ཡི་གེ
    • ༓ དབྱངས།
    • ༓ གསལ་བྱེད།
    • ཚིག་ཕྲད།
    • ༓ ཕྲད་གཞན་དབང་ཅན་རྣམ་དབྱེ་དང་བཅས་པ་བཤད་པ།
    • ༓ ཕྲད་རང་དབང་ཅན།
  • རྩ་ཚིག
    • ལེགས་བཤད་ལྗོན་དབང་།
    • དཀའ་གནད་གསལ་བའི་མེ་ལོང་།
    • བྱིས་པ་དག་ཡིག
    • སུམ་ཅུ་པའི་རྩ་བ།
    • རྟགས་ཀྱི་འཇུག་པའི་རྩ་བ།
    • ཆུའི་བསྟན་བཅོས་ཀྱི་རྩ་བ།
    • ཤིང་གི་བསྟན་བཅོས་ཀྱི་རྩ་བ།
    • བསྡུས་གྲྭའི་སྡོམ་ཚིག
    • དགེ་ལྡན་ལེགས་བཤད།
    • བཤེས་སྤྲིངས་ཀྱི་རྩ་བ།
    • ས་སྐྱ་ལེགས་བཤད་ཀྱི་རྩ་བ།
  • དྲི་བ་དྲི་ལན།
    • བོད་ཀྱི་ལོ་རྒྱུས་དྲི་བ་དྲི་ལན།
    • སྐུ་ཕྲེང་རིམ་བྱོན་དྲི་བ་དྲི་ལན།
    • དཀའ་གནད་དྲི་བ་དྲི་ལན།
    • སྙན་ངག་སྤྱི་དོན་དྲི་བ་དྲི་ལན།
    • དེབ་ཐེར་དཀར་པོ་དྲི་བ་དྲི་ལན།
    • ཆོས་འབྱུང་ཀུན་བཏུས།
  • ནང་ཆོས།
    • སྐྱབས་འགྲོ
    • སྒྲོལ་མ་ཉེར་གཅིག
    • ལས་འབྲས།
    • ལྷ་དང་ཡི་དམ།
    • བློ་སྦྱོང་ཚིགས་བརྒྱད་མ།
    • མཎི་ཡིག་དྲུག
    • ཡ་རབས་སྤྱོད་བཟང་སྐོར།
    • ནང་ཆོས་སྤྱི་དང་ཕྱག་མཆོད་སྐོར།
    • བདེན་པ་གཉིས་ངོ་སྤྲོད།
    • བདེན་པ་བཞི་ངོ་སྤྲོད།
  • དུས་ཆེན།
    • བཅོ་ལྔ་མཆོད་པ།
    • གསུམ་བཅུའི་དུས་དྲན།
    • ས་ག་ཟླ་བ།
    • འཁྲུངས་སྐར་དུས་ཆེན།
    • མང་གཙོ་དུས་ཆེན།
    • ལྷ་བབས་དུས་ཆེན།
    • ངན་པ་དགུ་འཛོམས་དང་བཟང་པོ་
    • ཆོས་འཁོར་དུས་ཆེན།
    • འཛམ་གླིང་སྤྱི་བཟང་།
    • བོད་ཀྱི་ལོ་གསར།
  • སྤྱིར་བཏང་ཤེས་བྱ།
    • པཎ་སྒྲུབ་བཅུ་བདུན།
    • མཚན་སྔགས།
    • ཞེ་སའི་ཚིག་མཛོད།
    • གཏམ་དཔེ།
    • དར་ལྕོག
    • རི་དྭགས་ཆོས་འཁོར།
    • རླུང་རྟ།
    • རྒྱལ་སྲིད་སྣ་བདུན།
    • སྲིད་པའི་འཁོར་ལོ།
    • བཀྲ་ཤིས་རྟགས་བརྒྱད།
    • བཀྲ་ཤིས་རྫས་བརྒྱད།

ལྷག་བཅས།

• ལྷག་བཅས་ཀྱི་གོ་དོན།
• ལྷག་བཅས་ཀྱི་ཚིག་ཕྲད།
• ལྷག་བཅས་ཚིག་ཕྲད་ཀྱི་སྒྲ་སྦྱོར།
• ལྷག་བཅས་ཚིག་ཕྲད་ཀྱི་དོན་འཇུག

ལྷག་བཅས་ཀྱི་གོ་དོན་ནི།

བསྟན་བྱ་ལྷག་མ་ཡོད་པ་སྟོན་པའི་ཚིག་ཕྲད་ལ་ལྷག་བཅས་ཟེར།

ལྷག་བཅས་ལ་ཚིག་ཕྲད་གསུམ་སྟེ།

ཏེ་དེ་སྟེ་བཅས་སོ།།

ལྷག་བཅས་ཚིག་ཕྲད་ཀྱི་སྒྲ་སྦྱོར་ལེགས་བཤད་ལྗོན་དབང་ལྟར་བྱས་ན།

ན་ར་ལ་ས་དྲག་མཐར་ཏེ། ད་དེ་ག་ང་བ་མ་འ། །མཐའ་མེད་རྣམས་ལ་ས་སྟེ་ཐོབ། །ཞེས་གསུངས་པ་ལྟར། རྗེས་འཇུག་ན་ར་ལ་ས་བཞི་དང་ད་ཡང་འཇུག་བཅས་ཀྱི་རྗེས་སུ་ཚིག་ཕྲད་ཏེ་དང་། རྗེས་འཇུག་ད་ཡི་རྗེས་སུ་དེ་དང་། རྗེས་འཇུག་ག་ང་བ་མ་འ་ལྔ་དང་མཐའ་མེད་བཅས་ཀྱི་རྗེས་སུ་ཚིག་ཕྲད་སྟེ་སྦྱར་དགོས།

རྗེས་འཇུག ཚིག་ཕྲད།
ན་ར་ལ་ས་དང་ད་དྲག་ ཏེ་
ད་ དེ་
ག་ང་བ་མ་འ་དང་མཐའ་མེད་སྟེ་

ལྷག་བཅས་ཀྱི་ཚིག་ཕྲད་ནི།

མཚམས་སྦྱོར་ལྷག་བཅས་དང་། དམ་བཅའ་ལྷག་བཅས་དང་། གཞན་འདྲེན་ལྷག་བཅས་བཅས་དོན་གསུམ་ལ་འཇུག་གོ།

མཚམས་སྦྱོར་ལྷག་བཅས་ནི། བྱ་བ་སྔ་ཕྱི་མཚམས་སྦྱོར་བའི་ལྷག་བཅས་ཀྱི་ཚིག་ཕྲད་ལ་མཚམས་སྦྱོར་ལྷག་བཅས་ཟེར།
དཔེར་ན། ཕྱག་བཙལ་ཏེ་མཆོད་མཇལ་ཕྱིན། རྡོ་འཕངས་ཏེ་ཕོག རོ་དྲུད་དེ་དེ་སྦས། སོ་འཁྲུད་དེ་ཞོགས་ཇ་འཐུང་། ཕ་མ་ཡིད་ལ་འཕྲེང་སྟེ་མིག་ཆུ་བཏང་། མོག་བཅག་སྟེ་ཤི ལྟ་བུ།

དམ་བཅའ་ལྷག་བཅས་ནི། ཚིག་སྔ་མར་དམ་བཅས་པའི་བརྗོད་དོན་གསལ་བྱེད་དུ་ཚིག་ཕྱི་མ་དྲངས་པ་ལ་དམ་བཅའ་ལྷག་བཅས་ཟེར།
དཔེར་ན། བདེན་པ་གཉིས་ཏེ་ཀུན་རྫོབ་དང་དོན་དམ་མོ། ཁང་པ་དེར་མི་ཡོད་དེ་དུ་བ་མཐོང་བའི་ཕྱིར། ཀ་བ་སྟེ་གདུང་བཏེགས་ཀྱི་བྱ་བ་བྱེད་ནུས་པས་སོ།

གཞན་འདྲེན་ལྷག་བཅས་ནི། མཚམས་སྦྱོར་དང་དམ་བཅའ་མིན་པའི་དོན་གཞན་འདྲེན་པ་ལ་གཞན་འདྲེན་ལྷག་བཅས་ཟེར།
དཔེར་ན། ཁོང་ནི་བཀྲ་ཤིས་ཏེ་ང་ནི་ལྷག་པའོ། ཁོང་གི་ཕྱག་ཏུ་ཡོད་པ་དེ་སྲུང་མདུད་དེ་ངའི་ལག་ཏུ་ཡོད་པ་འདི་སྐུད་པའོ། མཁའ་ལ་གློག་འཁྱུག་སྟེ་ས་ལ་སྨུག་པ་འཐིབས།

Install Quicktime

  • For the audio files

རྒྱལ་རབས།

  • བོད་ཀྱི་རྒྱལ་པོ།
  • རྒྱལ་དར་འགྲེལ་བཤད།
  • བོད་ལྗོངས་ངོ་སྤྲོད།
  • བོད་རྒྱལ་ཁབ་ཀྱི་རྒྱལ་གླུ།

Copyright © 2010 Sambhota Tibetan Schools Society. Last updated on