logo Home Page
  • བརྡ་སྤྲོད།
    • ཡི་གེ
    • ༓ དབྱངས།
    • ༓ གསལ་བྱེད།
    • ཚིག་ཕྲད།
    • ༓ ཕྲད་གཞན་དབང་ཅན་རྣམ་དབྱེ་དང་བཅས་པ་བཤད་པ།
    • ༓ ཕྲད་རང་དབང་ཅན།
  • རྩ་ཚིག
    • ལེགས་བཤད་ལྗོན་དབང་།
    • དཀའ་གནད་གསལ་བའི་མེ་ལོང་།
    • བྱིས་པ་དག་ཡིག
    • སུམ་ཅུ་པའི་རྩ་བ།
    • རྟགས་ཀྱི་འཇུག་པའི་རྩ་བ།
    • ཆུའི་བསྟན་བཅོས་ཀྱི་རྩ་བ།
    • ཤིང་གི་བསྟན་བཅོས་ཀྱི་རྩ་བ།
    • བསྡུས་གྲྭའི་སྡོམ་ཚིག
    • དགེ་ལྡན་ལེགས་བཤད།
    • བཤེས་སྤྲིངས་ཀྱི་རྩ་བ།
    • ས་སྐྱ་ལེགས་བཤད་ཀྱི་རྩ་བ།
  • དྲི་བ་དྲི་ལན།
    • བོད་ཀྱི་ལོ་རྒྱུས་དྲི་བ་དྲི་ལན།
    • སྐུ་ཕྲེང་རིམ་བྱོན་དྲི་བ་དྲི་ལན།
    • དཀའ་གནད་དྲི་བ་དྲི་ལན།
    • སྙན་ངག་སྤྱི་དོན་དྲི་བ་དྲི་ལན།
    • དེབ་ཐེར་དཀར་པོ་དྲི་བ་དྲི་ལན།
    • ཆོས་འབྱུང་ཀུན་བཏུས།
  • ནང་ཆོས།
    • སྐྱབས་འགྲོ
    • སྒྲོལ་མ་ཉེར་གཅིག
    • ལས་འབྲས།
    • ལྷ་དང་ཡི་དམ།
    • བློ་སྦྱོང་ཚིགས་བརྒྱད་མ།
    • མཎི་ཡིག་དྲུག
    • ཡ་རབས་སྤྱོད་བཟང་སྐོར།
    • ནང་ཆོས་སྤྱི་དང་ཕྱག་མཆོད་སྐོར།
    • བདེན་པ་གཉིས་ངོ་སྤྲོད།
    • བདེན་པ་བཞི་ངོ་སྤྲོད།
  • དུས་ཆེན།
    • བཅོ་ལྔ་མཆོད་པ།
    • གསུམ་བཅུའི་དུས་དྲན།
    • ས་ག་ཟླ་བ།
    • འཁྲུངས་སྐར་དུས་ཆེན།
    • མང་གཙོ་དུས་ཆེན།
    • ལྷ་བབས་དུས་ཆེན།
    • ངན་པ་དགུ་འཛོམས་དང་བཟང་པོ་
    • ཆོས་འཁོར་དུས་ཆེན།
    • འཛམ་གླིང་སྤྱི་བཟང་།
    • བོད་ཀྱི་ལོ་གསར།
  • སྤྱིར་བཏང་ཤེས་བྱ།
    • པཎ་སྒྲུབ་བཅུ་བདུན།
    • མཚན་སྔགས།
    • ཞེ་སའི་ཚིག་མཛོད།
    • གཏམ་དཔེ།
    • དར་ལྕོག
    • རི་དྭགས་ཆོས་འཁོར།
    • རླུང་རྟ།
    • རྒྱལ་སྲིད་སྣ་བདུན།
    • སྲིད་པའི་འཁོར་ལོ།
    • བཀྲ་ཤིས་རྟགས་བརྒྱད།
    • བཀྲ་ཤིས་རྫས་བརྒྱད།

སླར་བསྡུ།

• སླར་བསྡུའི་གོ་དོན་དང་མིང་གི་རྣམ་གྲངས།
• སླར་བསྡུའི་ཚིག་ཕྲད།
• སླར་བསྡུའི་ཚིག་ཕྲད་ཀྱི་སྒྲ་སྦྱོར།
• དཔེར་བརྗོད།

སླར་བསྡུའི་གོ་དོན་ནི།

རང་གིས་སྐབས་བབ་ཀྱི་བརྗོད་དོན་སླར་བསྡུ་བའི་ཚུལ་དུ་སྦྱོར་དགོས་པའི་ཚིག་ཕྲད་ལ་ཟེར། (རང་གིས་སྐབས་བབ་ཀྱི་བརྗོད་དོན་གང་རུང་རྫོགས་པའི་མཚམས་སུ་སླར་བསྡུའི་ཚིག་ཕྲད་ཇི་ཐོབ་བེད་སྤྱོད་བྱེད་དགོས།) སླར་བསྡུའི་མིང་གི་རྣམ་གྲངས་ནི། ལེགས་བཤད་ལྗོན་དབང་ལས། རྫོགས་ཚིག་ཟླ་སྡུད་ཅེས་ཀྱང་བྱ། །ཞེས་གསུངས་པ་ལྟར། རྫོགས་ཚིག་དང་ཟླ་སྡུད་ཡིན།

སླར་བསྡུ་ལ་ཚིག་ཕྲད་བཅུ་གཅིག་སྟེ།

གོ་ངོ་དོ་ནོ་བོ་མོ་འོ་རོ་ལོ་སོ་ཏོ་བཅས་ཡིན།

སླར་བསྡུའི་ཚིག་ཕྲད་ཀྱི་སྒྲ་སྦྱོར་ལེགས་བཤད་ལྗོན་དབང་ལྟར་བྱས་ན།

དྲག་ཡོད་ཏོ་དང་མཐའ་མེད་འོ། །གཞན་རྣམས་མིང་མཐའི་རྗེས་མཐུན་སྦྱར། ཞེས་གསུངས་པ་བཞིན། ད་དྲག་ཅན་གྱི་མཐར་ཏོ་དང་། མཐའ་མེད་ཀྱི་མཐར་འོ་དང་། གཞན་རྣམས་ནི་མིང་མཐའ་སྟེ་རྗེས་འཇུག་དང་རྗེས་སུ་མཐུན་པ་སྦྱར་དགོས།

རྗེས་འཇུགཚིག་ཕྲད།དཔེར་བརྗོད་བསྡུས་པ།
ག་གོ༌ཡག་གོ
ང་ངོ་བཟང་ངོ་།
ད་དོ་ཡོད།
ན་ནོ་ཡིན་ནོ།
བ་བོ་ཟབ་བོ།
མ་མོ་དམ་མོ།
འ་འོ་བྱའོ།
ར་རོ་གར་རོ།
ལ་ལོ་ཉལ་ལོ།
ས་སོ་བྱས་སོ།
ད་ཡང་འཇུགཏོ་བསྟནད་ཏོ།

དཔེར་བརྗོད་བརྒྱད་པ།

༡༽   གཙུག་ལག་ཁང་གི་ནང་དུ་མི་གཅིག་འདུག་གོ
༢༽   མཆོད་རྟེན་གྱི་སྒང་ལ་རྨ་བྱ་ཞིག་བབས་པ་ངས་མཐོང་ངོ་།
༣༽   རྒྱ་གར་གྱི་སྤྱི་ཚོགས་སུ་རིགས་མི་འདྲ་བ་བཞི་ཡོད་དོ།
༤༽   སངས་རྒྱས་དཀོན་མཆོག་ལ་དོན་གཉིས་མཐར་ཕྱིན་པའི་ཡོན་ཏན་ལྡན་ནོ།
༥༽   བསྟན་འཛིན་གྱིསརང་གི་སྐྱོན་རྣམས་ལག་པས་མི་བཀབ་བོ།
༦༽   དཀོན་མཆོག་ལ་གསུམ་མོ།
༧༽   མ་བྱིན་པར་ལེན་པ་ནི་ལས་ཀྱི་མཐའ་མའོ།
༨༽   གཞན་གྱི་རྒྱུ་ནོར་ཟ་བ་ནི་དཀོར་རོ།
༩༽   ཤེས་སྤྱོད་གཉིས་ལྡན་གྱི་སློབ་མ་རྣམས་ལ་བྱ་དགའ་ཕུལ་ལོ།
༡༠༽  བཅོམ་ལྡན་འདས་དགུང་ལོ་བརྒྱད་ཅུ་གྱ་གཅིག་ལ་དགོངས་པ་རྫོགས་སོ།
༡༡༽  དུས་རབས་ཉེར་གཅིག་པ་འདིའི་ནང་དུ་ཡ་རབས་ཅན་ནི་ཧ་ཅང་དཀོནད་ཏོ།

དཔེར་བརྗོད་བསྡུས་པ།

༡༽  དམག་གོ
༢༽  ཨ་ཞང་ངོ་།
༣༽  བུད་མེད་དོོ།
༤༽  གཉེན་ནོ།
༥༽  དར་བབ་བོ།
༦༽  མོ་གཤམ་མོོ།
༧༽  བྱིས་པའ་འོོ།
༨༽  དཀོར་གཉེར་རོ།
༩༽  ཚོང་འགྲུལ་ལོོ།
༡༠༽  ཚོས་གྲོགས་སོོ།
༡༡༽  ལྟད་མོ་བསྟནད་ཏོོ།

Install Quicktime

  • For the audio files

རྒྱལ་རབས།

  • བོད་ཀྱི་རྒྱལ་པོ།
  • རྒྱལ་དར་འགྲེལ་བཤད།
  • བོད་ལྗོངས་ངོ་སྤྲོད།
  • བོད་རྒྱལ་ཁབ་ཀྱི་རྒྱལ་གླུ།

Copyright © 2010 Sambhota Tibetan Schools Society. Last updated on