logo Home Page
  • བརྡ་སྤྲོད།
    • ཡི་གེ
    • ༓ དབྱངས།
    • ༓ གསལ་བྱེད།
    • ཚིག་ཕྲད།
    • ༓ ཕྲད་གཞན་དབང་ཅན་རྣམ་དབྱེ་དང་བཅས་པ་བཤད་པ།
    • ༓ ཕྲད་རང་དབང་ཅན།
  • རྩ་ཚིག
    • ལེགས་བཤད་ལྗོན་དབང་།
    • དཀའ་གནད་གསལ་བའི་མེ་ལོང་།
    • བྱིས་པ་དག་ཡིག
    • སུམ་ཅུ་པའི་རྩ་བ།
    • རྟགས་ཀྱི་འཇུག་པའི་རྩ་བ།
    • ཆུའི་བསྟན་བཅོས་ཀྱི་རྩ་བ།
    • ཤིང་གི་བསྟན་བཅོས་ཀྱི་རྩ་བ།
    • བསྡུས་གྲྭའི་སྡོམ་ཚིག
    • དགེ་ལྡན་ལེགས་བཤད།
    • བཤེས་སྤྲིངས་ཀྱི་རྩ་བ།
    • ས་སྐྱ་ལེགས་བཤད་ཀྱི་རྩ་བ།
  • དྲི་བ་དྲི་ལན།
    • བོད་ཀྱི་ལོ་རྒྱུས་དྲི་བ་དྲི་ལན།
    • སྐུ་ཕྲེང་རིམ་བྱོན་དྲི་བ་དྲི་ལན།
    • དཀའ་གནད་དྲི་བ་དྲི་ལན།
    • སྙན་ངག་སྤྱི་དོན་དྲི་བ་དྲི་ལན།
    • དེབ་ཐེར་དཀར་པོ་དྲི་བ་དྲི་ལན།
    • ཆོས་འབྱུང་ཀུན་བཏུས།
  • ནང་ཆོས།
    • སྐྱབས་འགྲོ
    • སྒྲོལ་མ་ཉེར་གཅིག
    • ལས་འབྲས།
    • ལྷ་དང་ཡི་དམ།
    • བློ་སྦྱོང་ཚིགས་བརྒྱད་མ།
    • མཎི་ཡིག་དྲུག
    • ཡ་རབས་སྤྱོད་བཟང་སྐོར།
    • ནང་ཆོས་སྤྱི་དང་ཕྱག་མཆོད་སྐོར།
    • བདེན་པ་གཉིས་ངོ་སྤྲོད།
    • བདེན་པ་བཞི་ངོ་སྤྲོད།
  • དུས་ཆེན།
    • བཅོ་ལྔ་མཆོད་པ།
    • གསུམ་བཅུའི་དུས་དྲན།
    • ས་ག་ཟླ་བ།
    • འཁྲུངས་སྐར་དུས་ཆེན།
    • མང་གཙོ་དུས་ཆེན།
    • ལྷ་བབས་དུས་ཆེན།
    • ངན་པ་དགུ་འཛོམས་དང་བཟང་པོ་
    • ཆོས་འཁོར་དུས་ཆེན།
    • འཛམ་གླིང་སྤྱི་བཟང་།
    • བོད་ཀྱི་ལོ་གསར།
  • སྤྱིར་བཏང་ཤེས་བྱ།
    • པཎ་སྒྲུབ་བཅུ་བདུན།
    • མཚན་སྔགས།
    • ཞེ་སའི་ཚིག་མཛོད།
    • གཏམ་དཔེ།
    • དར་ལྕོག
    • རི་དྭགས་ཆོས་འཁོར།
    • རླུང་རྟ།
    • རྒྱལ་སྲིད་སྣ་བདུན།
    • སྲིད་པའི་འཁོར་ལོ།
    • བཀྲ་ཤིས་རྟགས་བརྒྱད།
    • བཀྲ་ཤིས་རྫས་བརྒྱད།

ལ་དོན།

• ལ་དོན་གྱི་གོ་དོན།
• ལ་དོན་གྱི་ཚིག་ཕྲད།
• ལ་དོན་ཚིག་ཕྲད་ཀྱི་སྒྲ་སྦྱོར།
• ལ་དོན་ཚིག་ཕྲད་ཀྱི་དོན་འཇུག

ལ་དོན་གྱི་གོ་དོན་ནི།

མཐའི་གསལ་བྱེད་ཡིན་པ་གང་ཞིག་སུ་ལ་སོགས་པའི་ཚིག་ཕྲད་རྣམས་དང་ཕལ་ཆེར་འཇུག་པ་མཐུན་པས་ལ་དོན་ཞེས་ཟེར།

ལ་དོན་ལ་ཚིག་ཕྲད་བདུན་ཡོད།

སུ་ར་རུ་དུ་ན་ལ་ཏུ་བཅས་སོ།།

ལ་དོན་ཚིག་ཕྲད་ཀྱི་སྒྲ་སྦྱོར་ལེགས་བཤད་ལྗོན་དབང་ལྟར་བྱས་ན།

ས་སུ་ག་བ་དྲག་མཐར་ཏུ། །ང་ད་ན་མ་ར་ལ་དུ། །འ་དང་མཐའ་མེད་ར་དང་རུ། །ཞེས་གསུངས་པ་ལྟར། རྗེས་འཇུག་ས་ཡི་རྗེས་སུ་སུ་དང་། རྗེས་འཇུག་ག་བ་དང་ད་ཡང་འཇུག་རྗེས་སུ་ཏུ་དང་། རྗེས་འཇུག་ང་ད་ན་མ་ར་ལ་རྣམས་ཀྱི་རྗེས་སུ་དུ་དང་། རྗེས་འཇུག་མེད་པ་དང་འ་རྗེས་འཇུག་བཅས་ཀྱི་རྗེས་སུ་ར་དང་རུ་སྦྱར་དགོས།

རྗེས་འཇུགཚིག་ཕྲད།
ས་སུ་
ག་བ་དང་ད་ཡང་འཇུགཏུ་
ང་ད་ན་མ་ར་ལ་དུ་
འ་དང་མཐའ་མེད་ར་དང་རུ་

ལ་དོན་ཚིག་ཕྲད་ཀྱི་དོན་འཇུག་ལེགས་བཤད་ལྗོན་དབང་ནང་གསལ་ལྟར་ན།

རྣམ་དབྱེ་གཉིས་བཞི་བདུན་པ་དང་། །དེ་ཉིད་ཚེ་སྐབས་རྣམས་ལ་འཇུག །ཞེས་གསུངས་པ་ལྟར། རྣམ་དབྱེ་གཉིས་པ་དང་། རྣམ་དབྱེ་བཞི་པ་དང་། རྣམ་དབྱེ་བདུན་པ་དང་། དེ་ཉིད་དང་། ཚེ་སྐབས་བཅས་དོན་མི་འདྲ་བ་ལྔ་ལ་འཇུག

རྣམ་དབྱེ་གཉིས་པ་ནི། ལས་སུ་བྱ་བ་སྟེ། བྱ་བའི་ཡུལ་ལ་བྱ་བ་བྱས་པ་ཙམ་གྱི་དོན་སྟོན་པའི་ལ་དོན་གྱི་ཚིག་ཕྲད་ལ་གཉིས་པ་ལས་སུ་བྱ་བ་ཟེར།
དཔེར་ན། དེབ་ཏུ༵་བྲིས། ལག་པར༵་སྤྲད། གཡས་ཕྱོགས་སུ༵་འཕུར། ལྟོ་བ་རུ༵་མེད། ན་མ་མཁའར༵་འཕངས། སྐོག་ཏུ༵་བྲོས། སྟོད་དུ༵་བརྫངས། སྒོ་ན༵་རྩེ། ལྟ་བུ།

གཤམ་གསལ་དཔེར་བརྗོད་རྣམས་ལ་རྟགས་རྒྱོབས།

དཔེར་བརྗོད།
༡༽ གཡས་སུ༵་བལྟས།
༢༽ གཡས་དུ༵་བལྟས།
༣༽ སློབ་གྲར༵་ཕྱིན།
༤༽ སློབ་གྲྭར༵་ཕྱིན།
༥༽ བོད་སུ༵་འགྲོ།
༦༽ བོད་དུ༵་འགྲོ།
༧༽ རྒྱབ་ཏུ༵་གཡུགས།
༨༽ རྒྱབ་དུ༵་གཡུགས།

རྣམ་དབྱེ་བཞི་པ་ནི། དགོས་ཆེད་དེ། བྱ་བའི་ཡུལ་ལ་བྱ་བ་བྱས་པ་ཙམ་མ་ཟད་བྱ་བའི་ཡུལ་ལམ་དེ་དང་འབྲེལ་བའི་ལས་ལ་ཕན་འདོགས་པའམ་དགོས་པ་གཙོ་བོ་སྟོན་པའི་ལ་དོན་གྱི་ཚིག་ཕྲད་ལ་བཞི་པ་དགོས་ཆེད་ཟེར།
དཔེར་བརྗོད། སློང་མོར༵་ལྟོ་བྱིན་ལྟ་བུ་བྱ་བའི་ཡུལ་ལ་ཕན་འདོགས་པ་དང་། སློང་མོ་གསོད་དུ༵་ལྟོགས་པར་བཞག་ལྟ་བུ་བྱ་བའི་ཡུལ་དང་འབྲེལ་བའི་ལས་ལ་ཕན་འདོགས་པ་དང་། སློང་མོའི་ཆེད་དུ༵་ཞལ་འདེབས་བསྡུས་ལྟ་བུ་དགོས་པ་གཙོ་བོ་སྟོན་པ་ཡིན། མཐོ་རིས་སུ༵་སྨོན་ལམ་ཐོབ། བྲོ་ཁ་རུ༵་སློང་མོ་བྱེད། རྟར་རྩྭ་བྱིན། ཞིང་ཐོག་ཏུ༵་ཆུ་འདྲེན། རྣ་རྒྱན་དུ༵་དངུལ་རྡུང་། དགྲ་གསོད་ན༵་མཚོན་འཛིན། ལྷ་ལ༵་ཕྱག་འཚལ།

རྣམ་དབྱེ་བདུན་པ། རྟེན་གནས་ཏེ། ཆོས་གང་ཞིག་གཞི་གང་རུང་གི་སྟེང་དུ་བརྟེན་པའམ་གནས་པའམ་ཡོད་པའི་དོན་སྟོན་པའི་ལ་དོན་ཅན་གྱི་ཚིག་ཕྲད་ལ་རྣམ་དབྱེ་བདུན་པ་རྟེན་གནས་ཟེར།
དཔེར་ན། ཁང་པའི་ནང་དུ༵་མི། ཁ་རུ༵་སོ། ཤོག་བུར༵་ཡི་གེ ཁྱོགས་སུ༵་བཞུགས། སྒོ་རུ༵་འདུག ནམ་མཁར༵་ནགས། བྲག་ཕུག་ཏུ༵་བརྟེན། སྣོད་དུ༵་བདོག གྲུ་ན༵་བསྒོངས། ལྟ་བུ།

དེ་ཉིད། བྱ་ཡུལ་ལམ་བྱ་བ་ངོ་བོ་སོ་སོར་འབྱེད་རྒྱུ་མེད་པར་ངོ་བོ་གཅིག་པའི་དོན་སྟོན་པའི་ལ་དོན་གྱི་ཚིག་ཕྲད་ལ་དེ་ཉིད་ཟེར། དཔེར་ན། བྱེད་པར་འགྱུར། གསལ་དུ་ཕྱིན། ལྟ་བུ།

ཚེ་སྐབས། དུས་ཚོད་གཙོ་བོ་སྟོན་པའི་ལ་དོན་གྱི་ཚིག་ཕྲད་ལ་ཚེ་སྐབས་ཟེར། དཔེར་ན། ཕྱག་ཚོད་དགུ་པར་འཛིན་གྲྭ་ཚུགས། མཚན་དགུང་དུ་གཉིད་ལོགས། ཉི་མ་ཤར་བ་ན་མུན་པ་དྭངས། ལྟ་བུ།

Install Quicktime

  • For the audio files

རྒྱལ་རབས།

  • བོད་ཀྱི་རྒྱལ་པོ།
  • རྒྱལ་དར་འགྲེལ་བཤད།
  • བོད་ལྗོངས་ངོ་སྤྲོད།
  • བོད་རྒྱལ་ཁབ་ཀྱི་རྒྱལ་གླུ།

Copyright © 2010 Sambhota Tibetan Schools Society. Last updated on