logo Home Page
  • བརྡ་སྤྲོད།
    • ཡི་གེ
    • ༓ དབྱངས།
    • ༓ གསལ་བྱེད།
    • ཚིག་ཕྲད།
    • ༓ ཕྲད་གཞན་དབང་ཅན་རྣམ་དབྱེ་དང་བཅས་པ་བཤད་པ།
    • ༓ ཕྲད་རང་དབང་ཅན།
  • རྩ་ཚིག
    • ལེགས་བཤད་ལྗོན་དབང་།
    • དཀའ་གནད་གསལ་བའི་མེ་ལོང་།
    • བྱིས་པ་དག་ཡིག
    • སུམ་ཅུ་པའི་རྩ་བ།
    • རྟགས་ཀྱི་འཇུག་པའི་རྩ་བ།
    • ཆུའི་བསྟན་བཅོས་ཀྱི་རྩ་བ།
    • ཤིང་གི་བསྟན་བཅོས་ཀྱི་རྩ་བ།
    • བསྡུས་གྲྭའི་སྡོམ་ཚིག
    • དགེ་ལྡན་ལེགས་བཤད།
    • བཤེས་སྤྲིངས་ཀྱི་རྩ་བ།
    • ས་སྐྱ་ལེགས་བཤད་ཀྱི་རྩ་བ།
  • དྲི་བ་དྲི་ལན།
    • བོད་ཀྱི་ལོ་རྒྱུས་དྲི་བ་དྲི་ལན།
    • སྐུ་ཕྲེང་རིམ་བྱོན་དྲི་བ་དྲི་ལན།
    • དཀའ་གནད་དྲི་བ་དྲི་ལན།
    • སྙན་ངག་སྤྱི་དོན་དྲི་བ་དྲི་ལན།
    • དེབ་ཐེར་དཀར་པོ་དྲི་བ་དྲི་ལན།
    • ཆོས་འབྱུང་ཀུན་བཏུས།
  • ནང་ཆོས།
    • སྐྱབས་འགྲོ
    • སྒྲོལ་མ་ཉེར་གཅིག
    • ལས་འབྲས།
    • ལྷ་དང་ཡི་དམ།
    • བློ་སྦྱོང་ཚིགས་བརྒྱད་མ།
    • མཎི་ཡིག་དྲུག
    • ཡ་རབས་སྤྱོད་བཟང་སྐོར།
    • ནང་ཆོས་སྤྱི་དང་ཕྱག་མཆོད་སྐོར།
    • བདེན་པ་གཉིས་ངོ་སྤྲོད།
    • བདེན་པ་བཞི་ངོ་སྤྲོད།
  • དུས་ཆེན།
    • བཅོ་ལྔ་མཆོད་པ།
    • གསུམ་བཅུའི་དུས་དྲན།
    • ས་ག་ཟླ་བ།
    • འཁྲུངས་སྐར་དུས་ཆེན།
    • མང་གཙོ་དུས་ཆེན།
    • ལྷ་བབས་དུས་ཆེན།
    • ངན་པ་དགུ་འཛོམས་དང་བཟང་པོ་
    • ཆོས་འཁོར་དུས་ཆེན།
    • འཛམ་གླིང་སྤྱི་བཟང་།
    • བོད་ཀྱི་ལོ་གསར།
  • སྤྱིར་བཏང་ཤེས་བྱ།
    • པཎ་སྒྲུབ་བཅུ་བདུན།
    • མཚན་སྔགས།
    • ཞེ་སའི་ཚིག་མཛོད།
    • གཏམ་དཔེ།
    • དར་ལྕོག
    • རི་དྭགས་ཆོས་འཁོར།
    • རླུང་རྟ།
    • རྒྱལ་སྲིད་སྣ་བདུན།
    • སྲིད་པའི་འཁོར་ལོ།
    • བཀྲ་ཤིས་རྟགས་བརྒྱད།
    • བཀྲ་ཤིས་རྫས་བརྒྱད།

འབྱུང་ཁུངས།

• འབྱུང་ཁུངས་ཀྱི་གོ་དོན་དང་དབྱེ་བ།
• འབྱུང་ཁུངས་ཀྱི་ཚིག་ཕྲད།
• འབྱུང་ཁུངས་ཚིག་ཕྲད་སྦྱོར་ཚུལ།
• འབྱུང་ཁུངས་ཀྱི་དོན་འཇུག

འབྱུང་ཁུངས་ཀྱི་གོ་དོན་ནི།

ཆོས་གང་ཞིག་རང་གི་འབྱུང་སའི་ཁུངས་དངོས་སམ་གནས་སྐབས་དེ་ལས་འབྱུང་བ་བཤད་པ་ལ་འབྱུང་ཁུངས་ཟེར། འབྱུང་ཁུངས་ལ་དབྱེ་བ་འབྱུང་ཁུངས་དངོས་དང་ཆ་འདྲ་བཅས་གཉིས་ཡོད།

འབྱུང་ཁུངས་དངོས་ཀྱི་གོ་དོན་ནི། ཆོས་གང་ཞིག་རང་གི་འབྱུང་སའི་ཁུངས་དངོས་བཤད་པ་ལ་འབྱུང་ཁུངས་དངོས་ཟེར། དཔེར་ན། མ་ལས་བུ། བ་ནས་བེའུ། ལྟ་བུ།

འབྱུང་ཁུངས་ཆ་འདྲའི་གོ་དོན་ནི། ཆོས་གང་ཞིག་རང་གི་འབྱུང་སའི་ཁུངས་དངོས་མིན་པར་གནས་སྐབས་དེ་ནས་འབྱུང་བ་བཤད་པ་ལ་འབྱུང་ཁུངས་ཆ་འདྲ་ཟེར། དཔེར་ན། ཁང་པ་ནས་ཐོན། རྟ་ལས་བབས། ལྟ་བུ།

འབྱུང་ཁུངས་ལ་ཚིག་ཕྲད་གཉིས་ཏེ།

ནས་ལས་སོ།།

འབྱུང་ཁུངས་ཀྱི་ཚིག་ཕྲད་སྦྱོར་ཚུལ་ལེགས་བཤད་ལྗོན་དབང་ལྟར་བྱས་ན།

འབྱུང་ཁུངས་དངོས་ལ་གང་སྦྱར་འཐུས། །རིགས་མཐུན་དགར་ནས་མི་མཐུན་ལས། །སྡུད་ལ་ནས་སྒྲ་ཁོ་ན་འཇུག །ཞེས་གསུངས་པ་ལྟར། འབྱུང་ཁུངས་ཀྱི་ཚིག་ཕྲད་ནས་ལས་གཉིས་ནི་རྗེས་འཇུག་ལ་ལྟོས་ནས་མིན་པར་དོན་ལ་བརྟེན་ནས་སྦྱོར་དགོས་པ་ནི། འབྱུང་ཁུངས་དངོས་དང་ཆ་འདྲ་གཉིས་ལ་ནས་ལས་གང་སྦྱར་ཡང་ཆོག འོན་ཀྱང་རིགས་མཐུན་པར་དགར་པ་ལ་ནས་དང་། རིགས་མི་མཐུན་པར་དགར་བ་ལ་ལས་དང་། སྡུད་པ་ལ་ནས་བཅས་ཁོ་ན་སྦྱར་དགོས་སོ།།

འབྱུང་ཁུངས་ཀྱི་ཚིག་ཕྲད་ནི།

རིགས་མཐུན་པ་དགར་བ་དང་རིགས་མི་མཐུན་པ་དགར་བ་དང་སྡུད་པ་བཅས་དོན་གསུམ་ལ་འཇུག་གོ།།

རིགས་མཐུན་པ་དགར་བ་ནི། དགར་གཞི་རིགས་མཐུན་པ་ཞིག་ལས་དགར་ཆོས་ཤིག་ལོགས་སུ་བཏོན་པ་ལ་རིགས་མཐུན་པ་དགར་བ་ཟེར། དཔེར་ན། མིའི་ནང་ནས་བོད་མི་སེམས་པ་བཟང་། བཀྲ་ཤིས་ནི་འཛིན་གྲྭའི་ནང་ནས་ཤེས་ཡོན་དམན། ལྟ་བུ་དང་།

རིགས་མི་མཐུན་པ་དགར་བ་ནི། དགར་གཞི་རིགས་མི་མཐུན་པ་གཉིས་ལས་དགར་ཆོས་ཤིག་ལོགས་སུ་བཀར་ཏེ་བཏོན་པ་ལ་རིགས་མི་མཐུན་པ་དགར་བ་ཟེར། དཔེར་ན། རྒྱ་མི་ལས་བོད་མི་ཆོས་དད་ཆེ། བོད་ལས་རྒྱ་ནག་མི་འབོར་མང་། ལྟ་བུ་དང་།

སྡུད་པ་ནི། ཆོས་གང་ཞིག་དངོས་སུ་མ་སྨྲོས་ཀྱང་འབྱུང་ཁུངས་ཚིག་ཕྲད་ཀྱི་ནུས་པས་དེའི་ཁོངས་བསྡུས་པར་བསྟན་པ་ལ་སྡུད་པ་ཟེར། དཔེར་ན། གཅིག་ནས་བཅུ་བར། རྒྱ་གར་ནས་བོད་བར་གནམ་གྲུའི་ནང་བསླེབས། མགོ་ནས་རྐང་མཐིལ་བར། ལྟ་བུའོ།།

Install Quicktime

  • For the audio files

རྒྱལ་རབས།

  • བོད་ཀྱི་རྒྱལ་པོ།
  • རྒྱལ་དར་འགྲེལ་བཤད།
  • བོད་ལྗོངས་ངོ་སྤྲོད།
  • བོད་རྒྱལ་ཁབ་ཀྱི་རྒྱལ་གླུ།

Copyright © 2010 Sambhota Tibetan Schools Society. Last updated on