logo Home Page
  • བརྡ་སྤྲོད།
    • ཡི་གེ
    • ༓ དབྱངས།
    • ༓ གསལ་བྱེད།
    • ཚིག་ཕྲད།
    • ༓ ཕྲད་གཞན་དབང་ཅན་རྣམ་དབྱེ་དང་བཅས་པ་བཤད་པ།
    • ༓ ཕྲད་རང་དབང་ཅན།
  • རྩ་ཚིག
    • ལེགས་བཤད་ལྗོན་དབང་།
    • དཀའ་གནད་གསལ་བའི་མེ་ལོང་།
    • བྱིས་པ་དག་ཡིག
    • སུམ་ཅུ་པའི་རྩ་བ།
    • རྟགས་ཀྱི་འཇུག་པའི་རྩ་བ།
    • ཆུའི་བསྟན་བཅོས་ཀྱི་རྩ་བ།
    • ཤིང་གི་བསྟན་བཅོས་ཀྱི་རྩ་བ།
    • བསྡུས་གྲྭའི་སྡོམ་ཚིག
    • དགེ་ལྡན་ལེགས་བཤད།
    • བཤེས་སྤྲིངས་ཀྱི་རྩ་བ།
    • ས་སྐྱ་ལེགས་བཤད་ཀྱི་རྩ་བ།
  • དྲི་བ་དྲི་ལན།
    • བོད་ཀྱི་ལོ་རྒྱུས་དྲི་བ་དྲི་ལན།
    • སྐུ་ཕྲེང་རིམ་བྱོན་དྲི་བ་དྲི་ལན།
    • དཀའ་གནད་དྲི་བ་དྲི་ལན།
    • སྙན་ངག་སྤྱི་དོན་དྲི་བ་དྲི་ལན།
    • དེབ་ཐེར་དཀར་པོ་དྲི་བ་དྲི་ལན།
    • ཆོས་འབྱུང་ཀུན་བཏུས།
  • ནང་ཆོས།
    • སྐྱབས་འགྲོ
    • སྒྲོལ་མ་ཉེར་གཅིག
    • ལས་འབྲས།
    • ལྷ་དང་ཡི་དམ།
    • བློ་སྦྱོང་ཚིགས་བརྒྱད་མ།
    • མཎི་ཡིག་དྲུག
    • ཡ་རབས་སྤྱོད་བཟང་སྐོར།
    • ནང་ཆོས་སྤྱི་དང་ཕྱག་མཆོད་སྐོར།
    • བདེན་པ་གཉིས་ངོ་སྤྲོད།
    • བདེན་པ་བཞི་ངོ་སྤྲོད།
  • དུས་ཆེན།
    • བཅོ་ལྔ་མཆོད་པ།
    • གསུམ་བཅུའི་དུས་དྲན།
    • ས་ག་ཟླ་བ།
    • འཁྲུངས་སྐར་དུས་ཆེན།
    • མང་གཙོ་དུས་ཆེན།
    • ལྷ་བབས་དུས་ཆེན།
    • ངན་པ་དགུ་འཛོམས་དང་བཟང་པོ་
    • ཆོས་འཁོར་དུས་ཆེན།
    • འཛམ་གླིང་སྤྱི་བཟང་།
    • བོད་ཀྱི་ལོ་གསར།
  • སྤྱིར་བཏང་ཤེས་བྱ།
    • པཎ་སྒྲུབ་བཅུ་བདུན།
    • མཚན་སྔགས།
    • ཞེ་སའི་ཚིག་མཛོད།
    • གཏམ་དཔེ།
    • དར་ལྕོག
    • རི་དྭགས་ཆོས་འཁོར།
    • རླུང་རྟ།
    • རྒྱལ་སྲིད་སྣ་བདུན།
    • སྲིད་པའི་འཁོར་ལོ།
    • བཀྲ་ཤིས་རྟགས་བརྒྱད།
    • བཀྲ་ཤིས་རྫས་བརྒྱད།

རྒྱན་སྡུད།

• རྒྱན་སྡུད་ཀྱི་གོ་དོན།
• རྒྱན་སྡུད་ཀྱི་ཚིག་ཕྲད།
• རྒྱན་སྡུད་ཚིག་ཕྲད་ཀྱི་སྒྲ་སྦྱོར།
• རྒྱན་སྡུད་ཚིག་ཕྲད་ཀྱི་དོན་འཇུག

རྒྱན་སྡུད་ཀྱི་གོ་དོན་ནི།

ཚིག་སྔ་ཕྱི་མཐུན་མི་མཐུན་དང་སྡུད་པའི་དོན་ལ་འཇུག་པའི་ཚིག་ཕྲད་ལ་རྒྱན་སྡུད་ཅེས་བརྗོད།

རྒྱན་སྡུད་ལ་ཚིག་ཕྲད་གསུམ་སྟེ།

ཀྱང་ཡང་འང་བཅས་སོ།།

རྒྱན་སྡུད་ཚིག་ཕྲད་ཀྱི་སྒྲ་སྦྱོར་ལེགས་བཤད་ལྗོན་དབང་ལྟར་བྱས་ན།

ག་ད་བ་ས་དྲག་མཐར་ཀྱང་། །ང་ན་མ་ར་ལ་མཐར་ཡང་། །འ་དང་མཐའ་མེད་འང་དང་ཡང་། །ཞེས་གསུངས་པ་བཞིན། རྗེས་འཇུག་ག་ད་བ་ས་བཞི་དང་ད་ཡང་འཇུག་བཅས་ཀྱི་རྗེས་སུ་ཚིག་ཕྲད་ཀྱང་དང་། རྗེས་འཇུག་ང་ན་མ་ར་ལ་རྣམས་ཀྱི་རྗེས་སུ་ཚིག་ཕྲད་ཡང་དང་། རྗེས་འཇུག་འ་དང་མཐའ་མེད་ཀྱི་རྗེས་སུ་འང་དང་ཡང་བཅས་སྦྱར་དགོས།

རྗེས་འཇུག ཚིག་ཕྲད།
ག་ད་བ་ས་དང་ད་དྲག་ ཀྱང་
ང་ན་མ་ར་ལ་ ཡང་
འ་དང་མཐའ་མེད་ འང་དང་ཡང་

རྒྱན་སྡུད་ཀྱི་ཚིག་ཕྲད་རྣམས་ནི་ཚིག་སྔ་ཕྱི་མཐུན་པའི་རྒྱན་དང་། ཚིག་སྔ་ཕྱི་མི་མཐུན་པའི་རྒྱན་དང་། སྡུད་པ་བཅས་དོན་གསུམ་ལ་འཇུག

ཚིག་སྔ་ཕྱི་མཐུན་པའི་རྒྱན་ནི། དཔེར་ན། སྐྲ་ནག་ཀྱང་ནག གདོང་དཀར་ཡང་དཀར། སེམས་སྐྱོའང་སྐྱོ། མཛེས་ཀྱང་མཛེས་ལ་དཔལ་ཡང་འབར། ལྟ་བུ།

ཚིག་སྔ་ཕྱི་མི་མཐུན་པའི་རྒྱན་ནི། སྐྲ་ནག་ཀྱང་གཉེར་མ་མང་། སེམས་དཀར་ཡང་གདོང་ནག བརྗོད་སླའང་ལག་ལེན་དཀའ། བཏུད་ཀྱང་ཁྲོ་ལ་མཛའ་འང་སླུ།

སྡུད་པ་ལ་འཇུག་པ་ནི། རྐང་པས་ཀྱང་བཞུས། སངས་རྒྱས་ཀྱང་གང་ཟག་ཡིན། ཤིང་ཡང་འཁྱེར། མ་དག་པའི་ཞིང་དུ་ཡང་གཤེགས། དབྱིན་ཇིའང་སྦྱང་། མཁའ་ལའང་འབྱོན། ལྟ་བུ།

Install Quicktime

  • For the audio files

རྒྱལ་རབས།

  • བོད་ཀྱི་རྒྱལ་པོ།
  • རྒྱལ་དར་འགྲེལ་བཤད།
  • བོད་ལྗོངས་ངོ་སྤྲོད།
  • བོད་རྒྱལ་ཁབ་ཀྱི་རྒྱལ་གླུ།

Copyright © 2010 Sambhota Tibetan Schools Society. Last updated on