དགག་སྒྲ།
• དགག་སྒྲའི་གོ་དོན།
• དགག་སྒྲའི་ཚིག་ཕྲད་དང་དཔེར་བརྗོད།
དགག་སྒྲའི་གོ་དོན་ནི།
དགག་བྱའི་མིང་ཚིག་གི་ཐོག་མཐའ་བར་གསུམ་གང་རུང་དུ་སྦྱར་ནས་དགག་པའི་དོན་སྟོན་པ་ལ་དགག་སྒྲ་ཟེར།
དགག་སྒྲ་ལ་ཚིག་ཕྲད་བཞི་སྟེ།
མ། མི། མིན། མེད།
དཔེར་ན། མ་གྲགས། མི་བྱེད། བླུན་པོ་མིན། གྲང་གློག་མེད། ལྟ་བུའོ།།