logo Home Page
  • བརྡ་སྤྲོད།
    • ཡི་གེ
    • ༓ དབྱངས།
    • ༓ གསལ་བྱེད།
    • ཚིག་ཕྲད།
    • ༓ ཕྲད་གཞན་དབང་ཅན་རྣམ་དབྱེ་དང་བཅས་པ་བཤད་པ།
    • ༓ ཕྲད་རང་དབང་ཅན།
  • རྩ་ཚིག
    • ལེགས་བཤད་ལྗོན་དབང་།
    • དཀའ་གནད་གསལ་བའི་མེ་ལོང་།
    • བྱིས་པ་དག་ཡིག
    • སུམ་ཅུ་པའི་རྩ་བ།
    • རྟགས་ཀྱི་འཇུག་པའི་རྩ་བ།
    • ཆུའི་བསྟན་བཅོས་ཀྱི་རྩ་བ།
    • ཤིང་གི་བསྟན་བཅོས་ཀྱི་རྩ་བ།
    • བསྡུས་གྲྭའི་སྡོམ་ཚིག
    • དགེ་ལྡན་ལེགས་བཤད།
    • བཤེས་སྤྲིངས་ཀྱི་རྩ་བ།
    • ས་སྐྱ་ལེགས་བཤད་ཀྱི་རྩ་བ།
  • དྲི་བ་དྲི་ལན།
    • བོད་ཀྱི་ལོ་རྒྱུས་དྲི་བ་དྲི་ལན།
    • སྐུ་ཕྲེང་རིམ་བྱོན་དྲི་བ་དྲི་ལན།
    • དཀའ་གནད་དྲི་བ་དྲི་ལན།
    • སྙན་ངག་སྤྱི་དོན་དྲི་བ་དྲི་ལན།
    • དེབ་ཐེར་དཀར་པོ་དྲི་བ་དྲི་ལན།
    • ཆོས་འབྱུང་ཀུན་བཏུས།
  • ནང་ཆོས།
    • སྐྱབས་འགྲོ
    • སྒྲོལ་མ་ཉེར་གཅིག
    • ལས་འབྲས།
    • ལྷ་དང་ཡི་དམ།
    • བློ་སྦྱོང་ཚིགས་བརྒྱད་མ།
    • མཎི་ཡིག་དྲུག
    • ཡ་རབས་སྤྱོད་བཟང་སྐོར།
    • ནང་ཆོས་སྤྱི་དང་ཕྱག་མཆོད་སྐོར།
    • བདེན་པ་གཉིས་ངོ་སྤྲོད།
    • བདེན་པ་བཞི་ངོ་སྤྲོད།
  • དུས་ཆེན།
    • བཅོ་ལྔ་མཆོད་པ།
    • གསུམ་བཅུའི་དུས་དྲན།
    • ས་ག་ཟླ་བ།
    • འཁྲུངས་སྐར་དུས་ཆེན།
    • མང་གཙོ་དུས་ཆེན།
    • ལྷ་བབས་དུས་ཆེན།
    • ངན་པ་དགུ་འཛོམས་དང་བཟང་པོ་
    • ཆོས་འཁོར་དུས་ཆེན།
    • འཛམ་གླིང་སྤྱི་བཟང་།
    • བོད་ཀྱི་ལོ་གསར།
  • སྤྱིར་བཏང་ཤེས་བྱ།
    • པཎ་སྒྲུབ་བཅུ་བདུན།
    • མཚན་སྔགས།
    • ཞེ་སའི་ཚིག་མཛོད།
    • གཏམ་དཔེ།
    • དར་ལྕོག
    • རི་དྭགས་ཆོས་འཁོར།
    • རླུང་རྟ།
    • རྒྱལ་སྲིད་སྣ་བདུན།
    • སྲིད་པའི་འཁོར་ལོ།
    • བཀྲ་ཤིས་རྟགས་བརྒྱད།
    • བཀྲ་ཤིས་རྫས་བརྒྱད།

ཨི་ལྡན།

• ཨི་ལྡན་ཚིག་ཕྲད་ཀྱི་གོ་དོན།
• ཨི་ལྡན་གྱི་ཚིག་ཕྲད།
• ཨི་ལྡན་ཚིག་ཕྲད་ཀྱི་སྒྲ་སྦྱོར།
• ཨི་ལྡན་ཚིག་ཕྲད་ཀྱི་དོན་འཇུག

ཨི་ལྡན་གྱི་གོ་དོན།

ཚིག་ཕྲད་རྣམས་ཀྱི་འགོར་དབྱངས་ཡིག་གི་གུ་ལྡན་པས་ཨི་ལྡན་ཞེས་ཟེར།

ཨི་ལྡན་ལ་ཚིག་ཕྲད་བཅུ་སྟེ།

གྱི་ཀྱི་གི་འི་ཡི་གྱིས་ཀྱིས་གིས་འིས་ཡིས་བཅས་སོ།།

ཨི་ལྡན་ཚིག་ཕྲད་ཀྱི་སྒྲ་སྦྱོར་ལེགས་བཤད་ལྗོན་དབང་ལྟར་བྱས་ན།

སྦྱོར་ཚུལ་ན་མ་ར་ལ་གྱི། །ད་བ་ས་ཀྱི་ག་ང་གི། །འ་དང་མཐའ་མེད་འི་དང་ཡི། ཞེས་གསུངས་པ་ལྟར། རྗེས་འཇུག་ན་མ་ར་ལ་རྣམས་ཀྱི་རྗེས་སུ་ཚིག་ཕྲད་གྱི་དང་། རྗེས་འཇུག་ད་བ་ས་རྣམས་ཀྱི་རྗེས་སུ་ཚིག་ཕྲད་ཀྱི་དང་། རྗེས་འཇུག་ག་ང་གཉིས་ཀྱི་རྗེས་སུ་ཚིག་ཕྲད་གི་དང་། རྗེས་འཇུག་འ་དང་མཐའ་མེད་ཀྱི་རྗེས་སུ་འི་དང་ཡི་སྦྱར་དགོས།

རྗེས་འཇུག ཚིག་ཕྲད།
ན་མ་ར་ལ་ གྱི་
ད་བ་ས་ ཀྱི་
ག་ང་ གི་
འ་དང་མཐའ་མེད་ འི་དང་ཡི་

ཨི་ལྡན་གྱི་ཚིག་ཕྲད་ནི།

རྣམ་དབྱེ་གསུམ་པ་བྱེད་སྒྲ་དང་རྣམ་དབྱེ་དྲུག་པ་འབྲེལ་སྒྲ་བཅས་དོན་གཉིས་ལ་འཇུག

རྣམ་དབྱེ་གསུམ་པ་བྱེད་སྒྲ་ནི། 《གྱིས་ ཀྱིས་ གིས་ འིས་ ཡིས་》
བྱེད་པ་པོ་གཙོ་བོ་སྟོན་པའི་ཨི་ལྡན་གྱི་ཚིག་ཕྲད་ལ་རྣམ་དབྱེ་གསུམ་པ་བྱེད་སྒྲ་ཟེར།
དཔེར་ན། ལག་པས༵་མཎི་བསྐོར། བུམ་པས༵་ཆུ་བསྐྱོར། ཀུན་དགའ་བོ་ཡིས་བཅོམ་ལྡན་འདས་ལ་ཞབས་ཕྱི་ཞུས། བདག་གིས༵་བཤད། ཁྱོད་ཀྱིས༵་ཉོན། རིན་གྱིས༵་ཉོས། ལྕགས་མདའ་འིས༵་ཕིགས། སོ་ཡིས༵་བལྡད། ལྟ་བུ།

རྣམ་དབྱེ་དྲུག་པ་འབྲེལ་སྒྲ་ནི། 《གྱི་ ཀྱི་ གི་ འི་ ཡི་》
ཆོས་གཉིས་ཕན་ཚུན་དབར་འབྲེལ་བ་གཙོ་བོ་སྟོན་པའི་ཨི་ལྡན་གྱི་ཚིག་ཕྲད་ལ་རྣམ་དབྱེ་དྲུག་པ་འབྲེལ་སྒྲ་ཟེར།
དཔེར་ན། བཀྲ་ཤིས་ཀྱི་སྨྱུག་གུ། ལག་པའི་མཛུབ་མོ། སྟག་གི་སྡེར་མོ། དྲེད་ཀྱི་མཆེ་བ། སྲམ་གྱི་སྤུ། གླང་བོའི་སྣ་ཞགས། ཤ་ཡི་རྭ་ཅོ། ལྟ་བུ།

Install Quicktime

  • For the audio files

རྒྱལ་རབས།

  • བོད་ཀྱི་རྒྱལ་པོ།
  • རྒྱལ་དར་འགྲེལ་བཤད།
  • བོད་ལྗོངས་ངོ་སྤྲོད།
  • བོད་རྒྱལ་ཁབ་ཀྱི་རྒྱལ་གླུ།

Copyright © 2010 Sambhota Tibetan Schools Society. Last updated on