དེ་སྒྲ།
• དེ་སྒྲའི་དོན་འཇུག
• དཔེར་བརྗོད།
དེ་སྒྲའི་དོན་འཇུག་ལ་དབྱེ་བ་འབྱེད་ཚུལ་མི་འདྲ་བ་འགའ་ཞིག་སྣང་ཡང་། ལེགས་བཤད་ལྗོན་དབང་ལྟར་བྱས་ན།
ཐ་སྙད་འདས་མ་ཐག་པ་དང་། །རྣམ་གྲངས་གཞན་ཅན་གཉིས་ལ་འཇུག །ཅེས་གསུངས་པ་ལྟར། ཐ་སྙད་འདས་མ་ཐག་པ་དང་། རྣམ་གྲངས་གཞན་ཅན་གཉིས་ལ་འཇུག་གོ།
དཔེར་བརྗོད་ནི།
༡༽ ཐ་སྙད་འདས་མ་ཐག་པ་ནི།
འདས་མ་ཐག་པའམ་བཤད་མ་ཐག་པའི་ཐ་སྙད་དམ་མིང་གི་ཚབ་ཏུ་འཇུག་པའི་དེ་སྒྲ་ལ་ཟེར། དཔེར་ན། སྒྲུང་དེབ་དེ་སྤུས་ཀ་ལེགས། དེ་གོ་བདེ། དེ་ཧ་ཅང་སྙན། ལྟ་བུའི་དེ་སྒྲ་ནི་སྒྲུང་དེབ་ཀྱི་ཚབ་ཏུ་བེད་སྤྱོད་བྱས་པ་ལ་ཟེར།
༢༽ རྣམ་གྲངས་གཞན་ཅན་ནི།
དེ་སྒྲའི་ཚིག་ཕྲད་ཀྱིས་དོན་གཞན་ཞིག་དྲངས་པ་ལ་ཟེར། དཔེར་ན། དེ་མགྲིན་པ་བཟང་། ལྟ་བུ།