logo Home Page
  • བརྡ་སྤྲོད།
    • ཡི་གེ
    • ༓ དབྱངས།
    • ༓ གསལ་བྱེད།
    • ཚིག་ཕྲད།
    • ༓ ཕྲད་གཞན་དབང་ཅན་རྣམ་དབྱེ་དང་བཅས་པ་བཤད་པ།
    • ༓ ཕྲད་རང་དབང་ཅན།
  • རྩ་ཚིག
    • ལེགས་བཤད་ལྗོན་དབང་།
    • དཀའ་གནད་གསལ་བའི་མེ་ལོང་།
    • བྱིས་པ་དག་ཡིག
    • སུམ་ཅུ་པའི་རྩ་བ།
    • རྟགས་ཀྱི་འཇུག་པའི་རྩ་བ།
    • ཆུའི་བསྟན་བཅོས་ཀྱི་རྩ་བ།
    • ཤིང་གི་བསྟན་བཅོས་ཀྱི་རྩ་བ།
    • བསྡུས་གྲྭའི་སྡོམ་ཚིག
    • དགེ་ལྡན་ལེགས་བཤད།
    • བཤེས་སྤྲིངས་ཀྱི་རྩ་བ།
    • ས་སྐྱ་ལེགས་བཤད་ཀྱི་རྩ་བ།
  • དྲི་བ་དྲི་ལན།
    • བོད་ཀྱི་ལོ་རྒྱུས་དྲི་བ་དྲི་ལན།
    • སྐུ་ཕྲེང་རིམ་བྱོན་དྲི་བ་དྲི་ལན།
    • དཀའ་གནད་དྲི་བ་དྲི་ལན།
    • སྙན་ངག་སྤྱི་དོན་དྲི་བ་དྲི་ལན།
    • དེབ་ཐེར་དཀར་པོ་དྲི་བ་དྲི་ལན།
    • ཆོས་འབྱུང་ཀུན་བཏུས།
  • ནང་ཆོས།
    • སྐྱབས་འགྲོ
    • སྒྲོལ་མ་ཉེར་གཅིག
    • ལས་འབྲས།
    • ལྷ་དང་ཡི་དམ།
    • བློ་སྦྱོང་ཚིགས་བརྒྱད་མ།
    • མཎི་ཡིག་དྲུག
    • ཡ་རབས་སྤྱོད་བཟང་སྐོར།
    • ནང་ཆོས་སྤྱི་དང་ཕྱག་མཆོད་སྐོར།
    • བདེན་པ་གཉིས་ངོ་སྤྲོད།
    • བདེན་པ་བཞི་ངོ་སྤྲོད།
  • དུས་ཆེན།
    • བཅོ་ལྔ་མཆོད་པ།
    • གསུམ་བཅུའི་དུས་དྲན།
    • ས་ག་ཟླ་བ།
    • འཁྲུངས་སྐར་དུས་ཆེན།
    • མང་གཙོ་དུས་ཆེན།
    • ལྷ་བབས་དུས་ཆེན།
    • ངན་པ་དགུ་འཛོམས་དང་བཟང་པོ་
    • ཆོས་འཁོར་དུས་ཆེན།
    • འཛམ་གླིང་སྤྱི་བཟང་།
    • བོད་ཀྱི་ལོ་གསར།
  • སྤྱིར་བཏང་ཤེས་བྱ།
    • པཎ་སྒྲུབ་བཅུ་བདུན།
    • མཚན་སྔགས།
    • ཞེ་སའི་ཚིག་མཛོད།
    • གཏམ་དཔེ།
    • དར་ལྕོག
    • རི་དྭགས་ཆོས་འཁོར།
    • རླུང་རྟ།
    • རྒྱལ་སྲིད་སྣ་བདུན།
    • སྲིད་པའི་འཁོར་ལོ།
    • བཀྲ་ཤིས་རྟགས་བརྒྱད།
    • བཀྲ་ཤིས་རྫས་བརྒྱད།

དང་སྒྲ།

• དང་སྒྲའི་དོན་འཇུག
• དང་སྒྲའི་དོན་འཇུག་སོ་སོའི་གོ་དོན་དང་དཔེར་བརྗོད།

དང་སྒྲའི་དོན་འཇུག་ལ་ལྔ་སྟེ། ལེགས་བཤད་ལྗོན་དབང་ལས།

དང་ནི་སྡུད་འབྱེད་རྒྱུ་མཚན་དང་། །ཚེ་སྐབས་གདམས་ངག་ལྔ་ལ་འཇུག །ཞེས་གསུངས་པ་ལྟར། དང་སྒྲ་ནི། སྡུད་པ་དང་། འབྱེད་པ་དང་། རྒྱུ་མཚན་དང་། ཚེ་སྐབས་དང་། གདམས་ངག་བཅས་དོན་ལྔ་ལ་འཇུག

དང་སྒྲ་སྡུད་པ་ལ་འཇུག་པའི་གོ་དོན་ནི།

བསྡུ་བྱའི་ཆོས་རྣམས་སྔོན་ལ་བཀོད་ནས་དེ་དག་སོ་སོའི་མཐར་དང་སྒྲའི་ཚིག་ཕྲད་སྦྱར་ཏེ་ཕྱོགས་གཅིག་ཏུ་བསྡུས་པ་བསྟན་པ་ལ་སྡུད་པ་ཟེར།
དཔེར་ན།
༡༽ མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་བཅས་ནི་དབང་པོ་ལྔ་ཡིན།
༢༽ ལྷ་ཡུལ་དང་། མི་ཡུལ་དང་། ཀླུ་ཡུལ་ནི་འཇིག་རྟེན་གསུམ་མོ། ལྟ་བུ།

དང་སྒྲ་འབྱེད་པ་ལ་འཇུག་པའི་གོ་དོན་ནི།

དབྱེ་གཞི་སྔོན་ལ་བཀོད་ནས་དེའི་དབྱེ་བ་སོ་སོའི་མཐར་དང་སྒྲའི་ཚིག་ཕྲད་སྦྱར་ཏེ་དབྱེ་བ་ཕྱེ་པ་ལ་འབྱེད་པ་ཟེར།
དཔེར་ན།
༡༽ དབང་ཤེས་ལྔ་ནི། མིག་ཤེས་དང་། རྣ་ཤེས་དང་། སྣ་ཤེས་དང་། ལྕེ་ཤེས་དང། ལུས་ཤེས་བཅས་སོ།།
༢༽ དུས་ནི་གསུམ་སྟེ། འདས་པ་དང་། ད་ལྟ་བ་དང་། མ་འོངས་པའོ། ལྟ་བུ།

དང་སྒྲ་རྒྱུ་མཚན་ལ་འཇུག་པའི་གོ་དོན་ནི།

ཚིག་དོན་སྔ་མར་དང་སྒྲ་སྦྱར་བ་དེ་ཉིད་ཚིག་དོན་ཕྱི་མའི་རྒྱུ་མཚན་དུ་གྱུར་པ་ཞིག་ལ་ཟེར།
དཔེར་ན།
༡༽ དུ་དྲི་ཁ་བ་དང་དུ་བ་ཡོད་པ་ཤེས།
༢༽ འབད་པས་སློབས་དང་མཁས་པར་འགྱུར། ལྟ་བུ།

དང་སྒྲ་ཚེ་སྐབས་ལ་འཇུག་པའི་གོ་དོན་ནི།

ཚིག་དོན་སྔ་མར་དང་སྒྲ་སྦྱར་བ་དེ་ཉིད་ཀྱིས་ཚིག་དོན་ཕྱི་མའི་དུས་ཚོད་སྟོན་པ་ལ་ཟེར།
དཔེར་ན།
༡༽ ཡར་ལངས་པ་དང་རྟུག་དྲི་ཤོར།
༢༽ ཉི་མ་ཤར་བ་དང་ཁ་ཏོན་བྱས། ལྟ་བུ།

དང་སྒྲ་གདམས་ངག་ལ་འཇུག་པའི་གོ་དོན་ནི།

གཞན་ལ་ཕན་པའི་དོན་སྟོན་པའི་དང་སྒྲ་ཅན་ལ་ཟེར།
དཔེར་ན།
༡༽ རང་བཙན་དོན་ལ་བརྩོན་དང་།
༢༽ དད་པ་བྱོས་དང་ངས་བཤད། ལྟ་བུ།

Install Quicktime

  • For the audio files

རྒྱལ་རབས།

  • བོད་ཀྱི་རྒྱལ་པོ།
  • རྒྱལ་དར་འགྲེལ་བཤད།
  • བོད་ལྗོངས་ངོ་སྤྲོད།
  • བོད་རྒྱལ་ཁབ་ཀྱི་རྒྱལ་གླུ།

Copyright © 2010 Sambhota Tibetan Schools Society. Last updated on