00:21:00
to be answered :
42
བརྡ་སྤྲོད།
ཡི་གེ
༓ དབྱངས།
༓ གསལ་བྱེད།
ཚིག་ཕྲད།
༓ ཕྲད་གཞན་དབང་ཅན་རྣམ་དབྱེ་དང་བཅས་པ་བཤད་པ།
༓ ཕྲད་རང་དབང་ཅན།
རྩ་ཚིག
ལེགས་བཤད་ལྗོན་དབང་།
དཀའ་གནད་གསལ་བའི་མེ་ལོང་།
བྱིས་པ་དག་ཡིག
སུམ་ཅུ་པའི་རྩ་བ།
རྟགས་ཀྱི་འཇུག་པའི་རྩ་བ།
ཆུའི་བསྟན་བཅོས་ཀྱི་རྩ་བ།
ཤིང་གི་བསྟན་བཅོས་ཀྱི་རྩ་བ།
བསྡུས་གྲྭའི་སྡོམ་ཚིག
དགེ་ལྡན་ལེགས་བཤད།
བཤེས་སྤྲིངས་ཀྱི་རྩ་བ།
ས་སྐྱ་ལེགས་བཤད་ཀྱི་རྩ་བ།
དྲི་བ་དྲི་ལན།
བོད་ཀྱི་ལོ་རྒྱུས་དྲི་བ་དྲི་ལན།
སྐུ་ཕྲེང་རིམ་བྱོན་དྲི་བ་དྲི་ལན།
དཀའ་གནད་དྲི་བ་དྲི་ལན།
སྙན་ངག་སྤྱི་དོན་དྲི་བ་དྲི་ལན།
དེབ་ཐེར་དཀར་པོ་དྲི་བ་དྲི་ལན།
ཆོས་འབྱུང་ཀུན་བཏུས།
ནང་ཆོས།
སྐྱབས་འགྲོ
སྒྲོལ་མ་ཉེར་གཅིག
ལས་འབྲས།
ལྷ་དང་ཡི་དམ།
བློ་སྦྱོང་ཚིགས་བརྒྱད་མ།
མཎི་ཡིག་དྲུག
ཡ་རབས་སྤྱོད་བཟང་སྐོར།
ནང་ཆོས་སྤྱི་དང་ཕྱག་མཆོད་སྐོར།
བདེན་པ་གཉིས་ངོ་སྤྲོད།
བདེན་པ་བཞི་ངོ་སྤྲོད།
དུས་ཆེན།
བཅོ་ལྔ་མཆོད་པ།
གསུམ་བཅུའི་དུས་དྲན།
ས་ག་ཟླ་བ།
འཁྲུངས་སྐར་དུས་ཆེན།
མང་གཙོ་དུས་ཆེན།
ལྷ་བབས་དུས་ཆེན།
ངན་པ་དགུ་འཛོམས་དང་བཟང་པོ་
ཆོས་འཁོར་དུས་ཆེན།
འཛམ་གླིང་སྤྱི་བཟང་།
བོད་ཀྱི་ལོ་གསར།
སྤྱིར་བཏང་ཤེས་བྱ།
པཎ་སྒྲུབ་བཅུ་བདུན།
མཚན་སྔགས།
ཞེ་སའི་ཚིག་མཛོད།
གཏམ་དཔེ།
དར་ལྕོག
རི་དྭགས་ཆོས་འཁོར།
རླུང་རྟ།
རྒྱལ་སྲིད་སྣ་བདུན།
སྲིད་པའི་འཁོར་ལོ།
བཀྲ་ཤིས་རྟགས་བརྒྱད།
བཀྲ་ཤིས་རྫས་བརྒྱད།
དུས་ཚོས་སྐར་མ་ ༢༡ ཡོད།
རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ།
དྲི་བ་ ༡ ནས་ ༤༢ བར།
༡༽ ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་འཁྲུངས་ཡུལ་གང་དུ་ཡིན་ནམ།
ཀ༽ ལི་ཐང་དུ་སྐུ་འཁྲུངས།
ཁ༽ མི་ཉག་མགར་ཐར་དུ་སྐུ་འཁྲུངས།
ག༽ འོལ་དགའ་རྫིང་དུ་སྐུ་འཁྲུངས།
ང༽ དྭགས་སྨད་གླང་མདུན་དུ་སྐུ་འཁྲུངས།
༢༽ ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་མཆོག་སྤྱི་ལོ་གང་གི་ལོར་འཁྲུངས་སམ།
ཀ༽ སྤྱི་ལོ་ ༡༨༧༦ ལོར་སྐུ་འཁྲུངས།
ཁ༽ སྤྱི་ལོ་ ༡༨༨༦ ལོར་སྐུ་འཁྲུངས།
ག༽ སྤྱི་ལོ་ ༡༨༧༥ ལོར་སྐུ་འཁྲུངས།
ང༽ སྤྱི་ལོ་ ༡༨༧༨ ལོར་སྐུ་འཁྲུངས།
༣༽ ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་མཚན་གང་ཡིན་ནམ།
ཀ༽ རྒྱལ་དབང་ཚུལ་ཁྲིམས་རྒྱ་མཚོ་ཞུ།
ཁ༽ རྒྱལ་དབང་མཁས་གྲུབ་རྒྱ་མཚོ་ཞེས་ཞུ།
ག༽ ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོ་ཞེས་ཞུ།
ང༽ རྒྱལ་དབང་འཕྲིན་ལས་རྒྱ་མཚོ་ཞེས་ཞུ།
༤༽ ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའུ་ཡབ་ཡུམ་གཉིས་ཀྱི་མཚན་གང་ཡིན་ནམ།
ཀ༽ ཡབ་བཀྲ་ཤིས་བསྟན་འཛིན་དང་ཡུམ་ཚེ་དབང་ལྷ་མོ་ཡིན།
ཁ༽ ཡབ་ཆོས་སྐྱོང་ཚེ་རིང་དང་ཡུམ་བདེ་སྐྱིད་ཚེ་རིང་ཡིན།
ག༽ ཡབ་ཟ་ཧོར་བདུད་འདུལ་རབ་རྟན་དང་ཡུམ་ཁྲི་ལྕམ་ཀུན་དགའ་ལྷ་མཛེས་ཡིན།
ང༽ ཡབ་ཀུན་དགའ་རིན་ཆེན་དང་། ཡུམ་བློ་བཟང་སྒྲོལ་མ་ཞུ།
༥༽ ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཡང་སྲིད་དུ་ངོས་འཛིན་ཇི་ལྟར་གནང་བ་རེད་དམ།
ཀ༽ གསེར་དཀྲུགས་ཏེ་ངོས་འཛིན་ཞུས་སོ།
ཁ༽ ལྷ་བླ་མའི་ལུང་བསྟན་དང་། ལྷ་མོའི་མཚོ་གཟིགས་གཉིས་ལས་ཐུགས་ཐག་བཅད་དེ་ངོས་འཛིན་ཞུས་སོ།
ག༽ མཛད་སྤྱོད་དང་དགེ་སྟས་བྱུང་བ་ལས་ཐུགས་ཐག་བཅད་དེ་ངོས་འཛིན་ཞུས་སོ།
ང༽ སྐུ་གོང་མའི་ན་བཟའ་ཉེར་ཆས་སོཌ་འཁྲུལ་མེད་ངོས་འཛིན་སྟབས་ངོས་འཛིན་ཞུས་སོ།
༦༽ ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་མཆོག་དགུང་གྲངས་གང་གི་སྐབས་སུ་གསེར་ཁྲི་མངའ་གསོལ་ཞུས་སམ།
ཀ༽ དགུང་གྲངས་གསུམ་པའི་ཐོག་མངའ་གསོལ།
ཁ༽ དགུང་གྲངས་བཞི་པའི་ཐོག་མངའ་གསོལ།
ག༽ དགུང་གྲངས་དྲུག་པའི་ཐོག་མངའ་གསོལ།
ང༽ དགུང་གྲངས་ལྔ་པའི་ཐོག་མངའ་གསོལ།
༧༽ ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་གསེར་བུམ་དཀྲུགས་ནས་ངོས་འཛིན་ཞུས་ཡོད་དམ་མེད། རྒྱུ་མཚན་གང་ཡིན་ནམ།
ཀ༽ གསེར་བུམ་དཀྲུགས་ནས་ངོས་འཛིན་ཞུས་ཡོད། རྒྱུ་མཚན་ནི་འོས་སྤྲུལ་ཁག་གཉིས་བྱུང་བས་སོ།
ཁ༽ གསེར་བུམ་དཀྲུགས་ནས་ངོས་འཛིན་ཞུས་མེད། རྒྱུ་མཚན་ནི། ལྷ་བླ་མའི་ལུང་བསྟན་དང་། ལྷ་མོའི་མཚོ་གཟིགས་རྟགས་བོད་མི་ཡོངས་ལས་སྤྱི་མོས་བྱུང་བས་ཡིན།
ག༽ གསེར་བུམ་དཀྲུགས་ནས་ངོས་འཛིན་ཞུས་མེད། རྒྱུ་མཚན་ནི་སྐུ་གོང་མའི་བ་བཟའ་ཉེར་ཆས་སོགས་འཁྲུལ་མེད་ངོས་འཛིན་གནང་བས་སོ།
ང༽ གོང་གི་གང་ཡང་མིན།
༨༽ ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས་དགུང་གྲངས་གང་གི་ཐོག་ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་སམ།
ཀ༽ དགུང་གྲངས་བཅུ་བདུན་ཐོག་ཆབ་སྲིད་ཀྱི་ཐུགས་འགན་བཞེས།
ཁ༽ དགུང་གྲངས་བཅོ་ལྔའི་ཐོག་ཆབ་སྲིད་ཀྱི་ཐུགས་འགན་བཞེས།
ག༽ དགུང་གྲངས་བཅོ་བརྒྱད་ཐོག་ཆབ་སྲིད་ཀྱི་ཐུགས་འགན་བཞེས།
ང༽ དགུང་གྲངས་ཉི་ཤུའི་ཐོགས་ཆབ་སྲིད་ཀྱི་ཐུགས་འགན་བཞེས།
༩༽ ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་མཆོག་སྤྱི་ལོ་གང་གི་ལོར་དབུ་སྐྲ་གཙུག་ཕུད་བཞེས། དེ་བཞེས་མཁན་གྱི་མཚན་གང་ཡིན་ནམ།
ཀ༽ སྤྱི་ལོ་ ༡༨༧༨ ལོར་ྋཔཎ་ཆེན་རིན་པོ་ཆེ་བསྟན་པའི་དབང་ཕྱུག་གིས་བཞེས།
ཁ༽ སྤྱི་ལོ་ ༡༨༧༦ ལོར་ྋཔཎ་ཆེན་བློ་བཟང་འཕྲིན་ལས་ལྷུན་འགྲུབ་ཆོས་ཀྱི་རྒྱལ་མཚན་གྱིས་བཞེས།
ག༽ སྤྱི་ལོ་ ༡༨༧༧ ལོར་ྋཔཎ་ཆེན་བློ་བཟང་བསྟན་པའི་ཉི་མས་བཞེས།
ང༽ སྤྱི་ལོ་ ༡༨༧༩ ལོར་ྋཔཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས་བཞེས།
༡༠༽ ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པར་སྤྱི་ལོ་གང་གི་ལོར་གསེར་ཁྲི་མངའ་གསོལ་ཞུས་སམ།
ཀ༽ སྤྱི་ལོ་ ༡༨༧༩ ལོར་གསེར་ཁྲི་མངའ་གསོལ་ཞུས།
ཁ༽ སྤྱི་ལོ་ ༡༨༧༣ ལོར་གསེར་ཁྲི་མངའ་གསོལ་ཞུས།
ག༽ སྤྱི་ལོ་ ༡༨༧༥ ལོར་གསེར་ཁྲི་མངའ་གསོལ་ཞུས།
ང༽ སྤྱི་ལོ་ ༡༨༧༨ ལོར་གསེར་ཁྲི་མངའ་གསོལ་ཞུས།
༡༡༽ ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས་སྤྱི་ལོ་གང་གི་ལོར་ལུག་གཉིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས། དེ་དུས་དགུང་གྲངས་ག་ཚོད་ཡིན་ནམ།
ཀ༽ སྤྱི་ལོ་ ༡༨༩༤ ལོར་ཐུགས་འགན་བཞེས། དེ་དུས་དགུང་གྲངས་ཉི་ཤུ་རྩ་གཉིས་ཡིན།
ཁ༽ སྤྱི་ལོ་ ༡༨༩༥ ལོར་ཐུགས་འགན་བཞེས། དེ་དུས་དགུང་གྲངས་ཉི་ཤུ་ཡིན།
ག༽ སྤྱི་ལོ་ ༡༨༩༧ ལོར་ཐུགས་འགན་བཞེས། དེ་དུས་དགུང་གྲངས་ཉི་ཤུ་རྩ་ལྔ་ཡིན།
ང༽ སྤྱི་ལོ་ ༡༨༩༦ ལོར་ཐུགས་འགན་བཞེས། དེ་དུས་དགུང་གྲངས་ཉི་ཤུ་རྩ་གཅིག་ཡིན།
༡༢༽ ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས་ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་རྗེས་ཕྱག་ལས་ཐོག་མ་དེ་གང་གནང་ཡོད་དམ།
ཀ༽ བོད་དམག་ཚོར་དབྱིན་དམག་གི་ལུགས་སྲིལ་ལྟར་སློབ་སྦྱོང་གནང་ཡོད།
ཁ༽ བོད་འབངས་ཡོངས་ལ་བླང་དོར་བྱ་སྒོའི་ཐད་ཀྱི་ཚིག་དོན་ཚན་ལྔ་ཅན་ཞིག་ཡོངས་ཁྱབ་གསལ་བསྒྲགས་གནང་ངོ་།
ག༽ རྫོང་གཞིས་ཁག་ནས་ཁྲལ་བསྡུ་རྒྱུའི་ཚད་གཞི་ལ་བསྒྱུར་བཅོས་གནང་ཡོད།
ང༽ བཀའ་ཤག་གི་སྒྲིག་འཛུགས་ཐོག་མར་གསར་འཛུགས་གནང་ཡོད།
༡༣༽ ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པར་མཐུ་གཏད་སྦས་ཡོད་པ་དེ་ལྷ་བླ་མ་སུ་ཡིས་ལུང་བསྟན་གནང་ཡོད་དམ།
ཀ༽ སྒར་སྟོང་གིས་བཀའ་ལུང་གནང་ཡོད།
ཁ༽ དཔལ་ལྡན་ལྷ་མོས་བཀའ་ལུང་གནང་ཡོད།
ག༽ ཚངས་པས་བཀའ་ལུང་གནང་ཡོད།
ང༽ གནས་ཆུང་ཆོས་རྒྱལ་ཆེན་པོས་བཀའ་ལུང་གནང་ཡོད།
༡༤༽ ྋརྒྱལ་བ་སྐུ་ཕྲེང་རིམ་བྱོན་ནང་ནས་སྨན་རྩིས་ཁང་ཐོག་མར་གསར་བཙུགས་གནང་མཁན་དེ་སུ་ཡིན་ནམ།
ཀ༽ ྋརྒྱལ་བ་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་ཡིན།
ཁ༽ ྋརྒྱལ་བ་སྐུ་ཕྲེང་དགུ་པ་ཆེན་པོ་མཆོག་ཡིན།
ག༽ ྋརྒྱལ་བ་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་མཆོག་ཡིན།
ང༽ ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་ཡིན།
༡༥༽ ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་སྤྱི་ལོ་གང་གི་ལོར་སོག་ཡུལ་དུས་ཕེབས། དེ་ལྟར་ཕེབས་དགོས་པའི་རྒྱུ་མཚན་གང་ཡིན་ནམ།
ཀ༽ སྤྱི་ལོ་ ༡༩༠༤ ལོར་དབྱིན་ཇིའི་དམག་མི་ལྷ་སར་འབྱོར་རྐྱེན་རེ་ཞིག་ཉེན་གཡོལ་ཕེབས་དགོས་བྱུང་།
ཁ༽ སྤྱི་ལོ་ ༡༩༠༤ ལོར་ཡུལ་དེར་དམར་མཚོད་ཀྱི་རྒྱུན་གཅོད་སླད་རེ་ཞིག་སོག་ཡུལ་དུ་ཕེབས།
ག༽ སྤྱི་ལོ་ ༡༩༠༤ ལོར་རྒྱ་སོག་གཉིས་ཀྱི་འཁྲུགས་འཛིང་ཞི་བར་མཛད་ཐབས་སླད་སོག་ཡུལ་དུ་ཕེབས།
ང༽ སྤྱི་ལོ་ ༡༩༠༤ ལོར་བོད་སོག་མཆོད་ཡོན་འབྲེལ་བ་དམ་གཟབ་བཟོ་ཆེད་རེ་ཞིག་སོག་ཡུལ་དུ་ཕེབས།
༡༦༽ ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་སོག་ཡུལ་དུ་ཕེབས་སྐབས་རྒྱལ་ཚབ་ཏུ་སུ་བསྐོ་བཞག་གནང་བ་རེད་དམ།
ཀ༽ རྒྱལ་ཚབ་ཁྲི་ཆེན་ནེ་མི་ཧན་བསྐོ་བཞག་གནང་།
ཁ༽ དགའ་ལྡན་ཁྲི་རིན་པོ་ཆེ་ལ་མོ་བློ་བཟང་རྒྱལ་མཚན་མཆོག་བསྐོ་བཞག་གནང་།
ག༽ རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་བསྐོ་བཞག་གནང་།
ང༽ ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་ཆོས་ཀྱི་རྒྱལ་མཚན་བསྐོ་བཞག་གནང་།
༡༧༽ སྤྱི་ལོ་ ༡༩༠༨ ལོར་ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་སུས་གདན་འདྲེན་ཞུས་ཡོད་དམ།
ཀ༽ ཨུ་རུ་སུའི་གཞུང་ཚབ་ཀྱི་གདན་འདྲེན་ཞུས།
ཁ༽ རྒྱ་གར་དབྱིན་གཞུང་སྐུ་ཚབ་ཀྱི་གདན་འདྲེན་ཞུས།
ག༽ རྒྱ་ནག་མན་ཇུ་གོང་མས་གདན་འདྲེན་ཞུས།
ང༽ ཉི་ཧོང་གི་སྲིད་བློན་གྱིས་གདན་འདྲེན་ཞུས།
༡༨༽ སྤྱི་ལོ་ ༡༩༠༦ ལོར་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་གང་དུ་ཕེབས་སམ།
ཀ༽ མདོ་སྨད་སྐུ་འབུམ་བྱམས་པ་གླིང་དུ་ཕེབས།
ཁ༽ བོད་ཀྱི་རྒྱལ་ས་ལྷ་སར་ཕེབས།
ག༽ ཕྱི་སོག་ཨོ་ལྭན་སྦ་ཐར་དུ་ཕེབས།
ང༽ རྒྱ་ནག་པེ་ཅིང་དུ་ཕེབས།
༡༩༽ ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་དང་མན་ཇུ་གོང་མ་གཉིས་མཐའ་མ་ཕན་ཚུན་མཇལ་འཕྲད་ཇི་ལྟར་གནང་བ་རེད་དམ།
ཀ༽ རྒྱལ་དབང་མཆོག་དང་མན་ཇུ་གོང་མ་གཉིས་གནམ་ཐང་དུ་འཇལ་འཕྲད་ཀྱིས་མཇལ་དར་ཕུལ་རེས་གནང་།
ཁ༽ གོང་གི་གང་ཡང་མིན།
ག༽ རྒྱ་བོད་མཆོད་ཡོན་དབར་ལ་གུས་བཀུར་གནང་ལམ་སྔར་སྲོལ་ཡོད་མུས་ལྟར་ཕན་ཚུན་མཇལ་འཕྲད་གནང་།
ང༽ རང་རང་སོ་སོའི་བཞུགས་ཁྲིའི་སྟེང་ནས་འདྲ་མཉམ་གྱི་རྣམ་པས་ཕན་ཚུན་མཇལ་དར་ཕུལ་རེས་གནང་།
༢༠༽ ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་ཕྱི་ལོ་གང་ལ་རྒྱ་ནག་པེ་ཅིང་དུ་ཞབས་སོར་འཁོད་དམ།
ཀ༽ ཕྱི་ལོ་ ༡༩༠༤ ལོར།
ཁ༽ ཕྱི་ལོ་ ༡༩༠༨ ལོར།
ག༽ ཕྱི་ལོ་ ༡༩༡༥ ལོར།
ང༽ ཕྱི་ལོ་ ༡༩༡༡ ལོར།
༢༡༽ བོད་རང་བཙན་གཙང་མ་ཡིན་པའི་གསལ་བསྒྲགས་དེ་ྋརྒྱལ་བ་སྐུ་ཕྲེང་གང་གི་སྐབས་སུ་གནང་ཡོད་དམ།
ཀ༽ ྋརྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོའི་སྐུ་དུས་གསལ་བསྒྲགས་གནང་།
ཁ༽ ྋརྒྱལ་དབང་སྐུ་ཕྲེང་ལྔ་པ་བློ་བཟང་རྒྱ་མཚོའི་སྐུ་དུས་གསལ་བསྒྲགས་གནང་།
ག༽ ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་སྐབས་སུ་གསལ་བསྒྲགས་གནང་།
ང༽ ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོའི་སྐབས་སུ་གསལ་བསྒྲགས་གནང་།
༢༢༽ ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་མཆོག་མདོ་སྨད་ལྟ་སར་སྤྱི་ལོ་གང་གི་ལོར་ཆིབས་བསྒྱུར་གནང་བ་རེད་དམ།
ཀ༽ སྤྱི་ལོ་ ༡༩༠༧ ལོར་ཆིབས་བསྒྱུར་གནང་།
ཁ༽ སྤྱི་ལོ་ ༡༩༠༨ ལོར་ཆིབས་བསྒྱུར་གནང་།
ག༽ སྤྱི་ལོ་ ༡༩༠༩ ལོར་ཆིབས་བསྒྱུར་གནང་།
ང༽ སྤྱི་ལོ་ ༡༩༡༠ ལོར་ཆིབས་བསྒྱུར་གནང་།
༢༣༽ ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་རྒྱ་གར་དུ་སྤྱི་ལོ་གང་གི་ལོར་ཆིབས་བསྒྱུར་བསྐྱངས་སམ།
ཀ༽ སྤྱི་ལོ་ ༡༩༡༠ ལོར་རྒྱ་གར་དུ་ཕེབས།
ཁ༽ སྤྱི་ལོ་ ༡༩༠༧ ལོར་རྒྱ་གར་དུ་ཕེབས།
ག༽ སྤྱི་ལོ་ ༡༩༠༨ ལོར་རྒྱ་གར་དུ་ཕེབས།
ང༽ སྤྱི་ལོ་ ༡༩༠༩ ལོར་རྒྱ་གར་དུ་ཕེབས།
༢༤༽ སྤྱི་ལོ་གང་གི་ལོར་སིམ་ལ་རུ་ཆིངས་ཡིག་བཞག་ཡོད་དམ།
ཀ༽ སྤྱི་ལོ་ ༡༩༡༥ ལོར་སིམ་ལར་ཆིངས་ཡིག་བཞག་ཡོད།
ཁ༽ སྤྱི་ལོ་ ༡༩༡༣ ལོར་སིམ་ལར་ཆིངས་ཡིག་བཞག་ཡོད།
ག༽ སྤྱི་ལོ་ ༡༩༡༢ ལོར་སིམ་ལར་ཆིངས་ཡིག་བཞག་ཡོད།
ང༽ སྤྱི་ལོ་ ༡༩༡༤ ལོར་སིམ་ལར་ཆིངས་ཡིག་བཞག་ཡོད།
༢༥༽ ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་རྒྱ་གར་ལ་ཕེབས་དགོས་དོན་གང་ཡིན་ནམ།
ཀ༽ སོག་དམག་འབྱོར་ཏེ་རེ་ཞིག་ཉེན་གཡོལ་ཕེབས་དགོས་བྱུང་།
ཁ༽ རྒྱ་མིའི་དམག་མི་བོད་ལ་འབྱོར་ཏེ་རེ་ཞིག་ཉེན་གཡོལ་ཕེབས་དགོས་བྱུང་།
ག༽ དབྱིན་དམག་འབྱོར་ཏེ་རེ་ཞིག་ཉེན་གཡོལ་ཕེབས་དགོས་བྱུང་།
ང༽ གོར་དམག་འབྱོར་ཏེ་རེ་ཞིག་ཉེན་གཡོལ་ཕེབས་དགོས་བྱུང་།
༢༦༽ ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་རྒྱ་གར་དུ་བཞུགས་རིང་། རྒྱལ་ཚབ་ཏུ་སུ་བསྐོ་བཞག་གནང་ཡོད་དམ།
ཀ༽ རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་བསྐོ་བཞག་གནང་།
ཁ༽ དགའ་ལྡན་ཁྲི་པ་ཚེ་སྨོན་གླིང་བསྐོ་བཞག་གནང་།
ག༽ རྒྱལ་ཚབ་རྟ་ཚག་ནི་མོ་ཧན་བསྐོ་བཞག་གནང་།
ང༽ ཁྲི་རིན་པོ་ཆེ་བློ་བཟང་རྒྱལ་མཚན་བསྐོ་བཞག་གནང་།
༢༧༽ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་རྒྱ་གར་དུ་ཕེབས་སྐབས་ས་གནས་གང་དུ་བཞུཌ་སམ།
ཀ༽ སྒང་ཏོག་ཏུ་བཞུགས་གནང་།
ཁ༽ ཀ་ལི་ཀ་ཏ་རུ་བཞུགས་གནང་།
ག༽ ཀ་སྦུག་ཏུ་བཞུགས་གནང་།
ང༽ རྡོ་རྗེ་གླིང་དུ་བཞུགས་གནང་།
༢༨༽ སིམ་ལའི་ཆིངས་ཡིག་དེ་རྒྱལ་ཁབ་གང་དང་གང་གི་དབར་བཞག་ཡོད་དམ།
ཀ༽ རྒྱ་ནག་དང་། བོད། དབྱིན་ཇི་བཅས་གསུམ་གྱི་དབར་བཞག་ཡོད།
ཁ༽ མན་ཇུ་དང་། བོད། རྒྱ་ནག་གསུམ་གྱི་དབར་བཞག་ཡོད།
ག༽ རྒྱ་བོད་བལ་གསུམ་གྱི་དབར་བཞག་ཡོད།
ང༽ རྒྱ་བོད་ཧོར་གསུམ་གྱི་དབར་བཞག་ཡོད།
༢༩༽ ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་རྒྱ་གར་ཀ་ལི་ཀ་ཏར་ཕེབས་ཏེ་མཛད་འཕྲིན་གང་བྱུང་ཡོད་དམ།
ཀ༽ དམག་དཔོན་ཀིབ་ཊན། འི་ལིམ་ཨོ་ཀོ་ནར་དང་མཇལ་འཕྲད་ཀྱིས་དབྱིན་ཇིའི་གཞུང་ནས་བོད་ཀྱི་ཚབ་བདག་བཟུང་བྱེད་མི་ཆོག་པའི་སྐོར་བཀའ་མོལ་གནང་ཡོད།
ཁ༽ རྒྱ་གར་རྒྱལ་ཚབ་ཀེ་ལོ་ཊི་ཧེ་ཀྲི་དང་མཇལ་འཕྲད་ཀྱིས་དབྱིན་ཇིའི་ཞི་དྲག་དཔོན་རིགས་བོད་ནང་འཇོག་མི་ཆོག་པའི་སྐོར་བཀའ་མོལ་གནང་ཡོད།
ག༽ རྒྱ་གར་གྱི་རྒྱལ་ཚབ་ལོར་ཊི་མིན་ཊོ་དང་མཇལ་འཕྲད་ཀྱིས་བོད་ཀྱི་གནས་སྟངས་སྐོར་བཀའ་མོལ་གནང་ཡོད།
ང༽ རྒྱ་གར་གྱི་གྷ་་ནར་ལོར་ཊི་ལན་སི་འདྲ་འོན་དང་མཇལ་འཕྲད་ཀྱིས་ཆིངས་ཡིག་དོན་ཚན་བརྒྱད་འཁོད་པ་ཞིག་བཞག་གནང་ཡོད།
༣༠༽ སྤྱི་ལོ་ ༡༩༠༤ ལོར་རྒྱལ་ཁབ་གང་གི་དཔུང་དམག་བོད་དུ་འབྱོར་ཡོད་དམ།
ཀ༽ གོར་དམག་བོད་དུ་འབྱོར།
ཁ༽ སོག་དམག་བོད་དུ་འབྱོར།
ག༽ དབྱིན་ཇིའི་དཔུང་དམག་བོད་དུ་འབྱོར།
ང༽ མན་ཇུའི་དཔུང་དམག་བོད་དུ་འབྱོར།
༣༡༽ ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་སྐབས་དབྱིན་ཇི་དང་། བོད། རྒྱ་ནག་བཅས་རྒྱལ་ཁབ་འདྲ་མཉམ་ཐོག་ནས་ཆིངས་ཡིག་ཞིག་བཞག་ཡོད་པ་དེ་ས་གནས་གང་དུ་བཞག་ཡོད་དམ།
ཀ༽ རྒྱ་གར་ས་གནས་རྡོར་གླིང་དུ་བཞག་ཡོད།
ཁ༽ རྒྱ་གར་ས་གནས་སིམ་ལར་བཞག་ཡོད།
ག༽ རྒྱ་གར་ས་གནས་ཀ་ལི་ཀ་ཏར་བཞག་ཡོད།
ང༽ རྒྱ་གར་དང་བོད་ཀྱི་ས་མཚམས་འབྲས་ལྗོངས་སུ་བཞག་ཡོད།
༣༢༽ ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བོད་འབངས་སེར་སྐྱ་ཡོངས་ལ་ཆུ་སྤྲེལ་ཞལ་གདམ་སྤྱི་ལོ་གང་གི་ལོར་གནང་བ་རེད་དམ།
ཀ༽ སྤྱི་ལོ་ ༡༩༣༣ ལོར་ཆུ་སྤྲེལ་ཞལ་གདམ་གནང་།
ཁ༽ སྤྱི་ལོ་ ༡༩༢༣ ལོར་ཆུ་སྤྲེལ་ཞལ་གདམ་གནང་།
ག༽ སྤྱི་ལོ་ ༡༩༦༣ ལོར་ཆུ་སྤྲེལ་ཞལ་གདམ་གནང་།
ང༽ སྤྱི་ལོ་ ༡༩༧༣ ལོར་ཆུ་སྤྲེལ་ཞལ་གདམ་གནང་།
༣༣༽ ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་སྤྱི་ལོ་ཟླ་དུས་ཚེས་གྲངས་གང་དུ་སྐུ་མྱ་ངན་ལས་འདས་སམ།
ཀ༽ སྤྱི་ལོ་ ༡༩༣༢ ལོའི་ཟླ་༡༡ ཚེས་༡༥ ཉིན་སྐུ་མྱ་ངན་ལས་འདས།
ཁ༽ སྤྱི་ལོ་ ༡༩༣༣ ལོའི་ཟླ་༡༠ ཚེས་༡༥ ཉིན་སྐུ་མྱ་ངན་ལས་འདས།
ག༽ སྤྱི་ལོ་ ༡༩༢༢ ལོའི་ཟླ་༡༢ ཚེས་༡༠ ཉིན་སྐུ་མྱ་ངན་ལས་འདས།
ང༽ སྤྱི་ལོ་ ༡༩༣༣ ལོའི་ཟླ་༡༢ ཚེས་༡༧ ཉིན་སྐུ་མྱ་ངན་ལས་འདས།
༣༤༽ ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་སྐུ་མྱ་ངན་ལས་འདས་ཡུལ་ནི།
ཀ༽ ནོར་བུ་གླིང་གར་ཡིན།
ཁ༽ ཕོ་བྲང་པོ་ཏཱ་ལར་ཡིན།
ག༽ སེ་རར་ཡིན།
ང༽ དགའ་ལྡན་དུ་ཡིན།
༣༥༽ ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་དགུང་གྲངས་ག་ཚོད་བཞུགས་ཡོད་དམ།
ཀ༽ དགུང་གྲངས་ ༥༨ འཚོ་བཞུགས་གནང་།
ཁ༽ དགུང་གྲངས་ ༥༧ འཚོ་བཞུགས་གནང་།
ག༽ དགུང་གྲངས་ ༥༢ འཚོ་བཞུགས་གནང་།
ང༽ དགུང་གྲངས་ ༥༣ འཚོ་བཞུགས་གནང་།
༣༦༽ ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་མཆོག་རྒྱ་གར་ནས་རང་ཡུལ་བོད་ལྗོངས་སུ་སྤྱི་ལོ་གང་གི་ལོར་ཕེབས་སམ།
ཀ༽ སྤྱི་ལོ་ ༡༦༡༢ ལོར་ཕེབས་གནང་།
ཁ༽ སྤྱི་ལོ་ ༡༩༡༢ ལོར་ཕེབས་གནང་།
ག༽ སྤྱི་ལོ་ ༡༧༡༢ ལོར་ཕེབས་གནང་།
ང༽ སྤྱི་ལོ་ ༡༨༡༢ ལོར་ཕེབས་གནང་།
༣༧༽ ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས་རྒྱ་གར་ནང་བཞུགས་སྐབས་བོད་དུ་དམག་སྤྱི་གཉིས་བསྐོ་བཞག་གི་བཀའ་ཁྱབ་གནང་བ་དེ་སུ་དང་སུ་ཡིན་ནམ།
ཀ༽ རྩེ་དྲུང་བློ་བཟང་འཕྲིན་ལས་དང་། མདའ་དཔོན་ཚ་རོང་དབང་ཕྱུག་རྒྱལ་པོ་གཉིས་ཡིན།
ཁ༽ རྩེ་མགྲོན་བསྟན་འཛིན་ཆོས་གྲགས་དང་། ཤོད་དྲུང་སྣང་དཀར་དབང་ཕྱུག་མཐར་ཕྱིན་གཉིས་ཡིན།
ག༽ མཁན་དྲུང་བྱམས་པ་བསྟན་དར་དང་། རྩིས་དཔོན་པ་ཁྲི་སྨོན་ནོར་བུ་དབང་རྒྱལ་གཉིས་ཡིན།
ང༽ མཁན་ཅུང་ཡེ་ཤེས་ཐུབ་བསྟན་དང་། མདའ་དཔོན་བདུད་འདུལ་རྡོ་རྗེ་གཉིས་ཡིན།
༣༨༽ ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་དགེ་བཤེས་ལྷ་རམ་པ་ཡིན་ནམ་མིན།
ཀ༽ ྋསྐུ་ཕྲེང་བཅུ་གསུམ་པ་མཆོག་ལྷ་རམ་པ་མིན།
ཁ༽ ྋསྐུ་ཕྲེང་བཅུ་གསུམ་པ་མཆོག་ལྷ་རམ་པ་ཡིན།
ག༽ གོང་གི་གང་ཡང་མིན།
༣༩༽ ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་སྐྱུ་མྱ་ངན་ལས་འདས་རྗེས་བོད་ཀྱི་རྒྱལ་ཚབ་སུ་ཡིས་གནང་བ་ཡིན་ནམ།
ཀ༽ རྒྱལ་ཚབ་དེ་མོ་ནེ་མི་ཧན་གྱིས་གནང་།
ཁ༽ ཁྲི་ཟུར་དཀོན་མཆོག་ཆོས་འཕེལ་གྱིས་གནང་།
ག༽ རྒྱལ་ཚབ་ཁྲི་ཆེན་ནེ་མི་ཧན་གྱིས་གནང་།
ང༽ རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་ཡིས་གནང་།
༤༠༽ ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་གསེར་གདུང་ས་གནས་གང་དུ་བཞེངས་ཡོད་དམ།
ཀ༽ རྩེས་པོ་ཏཱ་ལར་བཞེངས་ཡོད།
ཁ༽ ཚོམས་ཆེན་སྲིད་ཞིའི་ཕུན་ཚོགས་ནང་བཞེངས་ཡོད།
ག༽ རྩེ་གཟིམ་ཆུང་བདེ་ལྡན་འཁྱིལ་ནང་བཞེངས་ཡོད།
ང༽ ནོར་བུ་གླིང་སྐལ་བཟང་ཕོ་བྲང་ནང་བཞེངས་ཡོད།
༤༡༽ ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་གསེར་གདུང་གི་མཚན་ལ་གང་ཞུ་གིན་ཡོད་དམ།
ཀ༽ གསེར་གདུང་ཕན་བདེའི་འོད་འབར་ཞུ་ཡི་ཡོད།
ཁ༽ གསེར་གདུང་ཡོད་བཞིན་དབང་གི་རྒྱལ་པོ་ཞུ་ཡི་ཡོད།
ག༽ གསེར་གདུང་རིན་པོ་ཆེ་དགེ་ལེགས་འདོད་འཇོམས་ཞུ་གི་ཡོད།
ང༽ གསེར་གདུང་འཛམ་གླིང་རྒྱན་གཅིག་ཞུ་ཡི་ཡོད།
༤༢༽ གསེར་གདུང་འཛམ་གླིང་རྒྱན་གཅིག་ཞེས་པ་དེ་ྋརྒྱལ་བ་སྐུ་གང་གི་སྐུ་གདུང་ཡིན་ནམ།
ཀ༽ ྋརྒྱལ་དབང་སྐུ་ཕྲེང་བདུན་པའི་སྐུ་གདུང་ཡིན།
ཁ༽ ྋརྒྱལ་དབང་སྐུ་ཕྲེང་བཅུ་པའི་སྐུ་གདུང་ཡིན།
ག༽ ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐུ་གདུང་ཡིན།
ང༽ ྋརྒྱལ་དབང་སྐུ་ཕྲེང་ལྔ་པའི་སྐུ་གདུང་ཡིན།
Install Quicktime
For the audio files
རྒྱལ་རབས།
བོད་ཀྱི་རྒྱལ་པོ།
རྒྱལ་དར་འགྲེལ་བཤད།
བོད་ལྗོངས་ངོ་སྤྲོད།
བོད་རྒྱལ་ཁབ་ཀྱི་རྒྱལ་གླུ།