བདག་སྒྲ།
• བདག་སྒྲའི་གོ་དོན།
• བདག་སྒྲའི་ཚིག་ཕྲད་དང་དཔེར་བརྗོད།
བདག་སྒྲའི་གོ་དོན་ནི།
མིང་གང་ཡང་རུང་བའི་མཐར་བདག་སྒྲའི་ཚིག་ཕྲད་གང་རུང་སྦྱར་ཏེ་བདག་པོའམ་གང་ཟག་སྟོན་པ་ལ་ཟེར།
བདག་སྒྲ་ལ་ཚིག་ཕྲད་དྲུག་སྟེ།
པ་བ་མ་པོ་བོ་མོ།
དཔེར་ན། ནང་པ། ལྷ་ས་བ། ཆང་མ། འཁྱམ་པོ། ཁྲོ་བོ། འབྲོག་མོ། ལྟ་བུའོ།།